Wt/bo/ས།

< Wt | bo
Wt > bo > ས།

བོད་སྐད།


Noun

ས།

  1. བོད་ཡིག་གསལ་བྱེད་ཉེར་བརྒྱད་པ། འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་སོ་དང༌། བྱེད་པ་ལྕེ་རྩེ། ནང་གི་རྩོལ་བ་མགྲིན་པ་ཕྱེ་བ། ཕྱིའི་རྩོལ་བ་སྲོག་ཆེན་དྲོ་ཞིང་སྒྲ་མེད་པ།
  2. མིང་གཞིའི་མོ་ཡིག་ཅིག
  3. རྗེས་འཇུག་ཡི་གེ་ག་ང་བ་མའི་རྗེས་སུ་འཇུག་པའི་ཡང་འཇུག
  4. རྗེས་འཇུག་ཕོ་ཡིག་གི་སྐྱེས་བུ་ཐ་མ་ཞིག
  5. མིང་གཞི་འགའ་ཞིག་གི་ཡས་ནས་འདོགས་རྒྱུའི་ཡི་གེ་ཞིག
  6. ས་ལམ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ས་སྟེ། རང་གི་འབྲས་བུར་གྱུར་པའི་ཡོན་ཏན་དུ་མའི་གཞི་རྟེན་བྱེད་པའི་ལམ་ཞུགས་ཀྱི་མངོན་རྟོགས་ཏེ། དམན་པ་ས་བརྒྱད་དང༌། ཐེག་ཆེན་ས་བཅུ་ལྟ་བུའོ། །
  7. སའི་གོ་ལའི་མིང་སྟེ།
    (དཔེར་ན།) གནམ་ས། བསྐལ་པ་ས་ཆགས་པ། སའི་ཆགས་རིམ་ཞེས་པ་ལྟ་བུ།
  8. ས་གཞིའམ་སྐམ་ས་ཆེན་པོ་སྟེ།
    (དཔེར་ན།) ས་ཐོག ས་ངོས། ས་བབ། ས་དབྱིབས། ས་འོག་གི་ཆུ་ཞེས་པ་ལྟ་བུ།
  9. ས་ཞིང་གི་མིང་སྟེ།
    (དཔེར་ན།) ས་རྒོད། ཞིང་ས། ས་ཁྲལ་ཞེས་པ་ལྟ་བུ།
  10. སའི་ངོས་ཀྱི་མིང་སྟེ།
    (དཔེར་ན།) ས་ལ་བསྡད། ས་གདན་ཞེས་པ་ལྟ་བུ།
  11. ཡུལ་གྲུའམ་གནས་ཀྱི་མིང་སྟེ།
    (དཔེར་ན།) ས་ཁུལ། ས་གནས། འདུག་ས། ཉལ་ས། ཞེས་པ་ལྟ་བུ།
  12. བྱ་བའི་ཡུལ་གྱི་མིང་སྟེ།
    (དཔེར་ན།) བཤད་ས། གཏམ་ས། སྐྲག་ས། འཇིགས་ས། དྲང་གཏམ་བཤད་ས། ལྟ་ས། ཟ་ས་ཞེས་པ་ལྟ་བུ།
  13. ས་ངོས་ཀྱི་འདམ་དང་བྱེ་མ་འདྲེས་པའི་ཁག་གི་མིང་སྟེ།
  14. (དཔེར་ན།) ས་ཕུང་། ས་སྤུངས། ས་འདམ་ཞེས་པ་ལྟ་བུ།
  15. ཆ་ཤས་སམ་དུམ་བུའི་མིང་སྟེ།
    (དཔེར་ན།) དཀར་ས། དམར་ས། ན་ས། ཤ་མཐུག་ས། འབུར་ས། ཀོང་ས་ཞེས་པ་ལྟ་བུ།
  16. ཕྱུགས་ནད་ཅིག
  17. གྲངས་ཀྱི་གནས་ཏེ།
    (དཔེར་ན།) ཞག་ས་བཅུས་བསྒྱུར། ཞག་སར་བསྒྲིལ་ལྟ་བུ།

Translations