Wb/bo/བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་དང་པོ།

< Wb | bo
Wb > bo > བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་དང་པོ།

དུས་རབས་གསར་པའི་རྩོམ་རིག་པ་ཞིག་གི་སྙིང་ཁམས་ནས་འཕོས་པའི་ ཟུངས་ཁྲག།



བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་དང་པོ། 1996 འབྲས་སྤུངས་བློ་གསལ་གླིང་དཔེ་སྐྲུན་ཁང་དུ་བསྐྲུན།

ངོ་སྤྲོད།

"གངས་ལྗོངས་ནི་གླུ་གར་གྱི་རྒྱ་མཚོ་རེད། བོད་ནི་སྙན་ངག་གི་མི་རིགས་རེད།"ཅེས་ཤར་ནུབ་རྒྱལ་ཁབ་ཀྱི་ཡུལ་གྲུ་ཀུན་ལ་རླུང་ལྟར་གྲགས་པ་ནི་ལོ་རྒྱུས་ཀྱིས་བྱིན་པའི་གངས་ཅན་པའི་གཟི་བརྗིད་ཀྱི་བ་དན་དཀར་པོ་ཞིག་རེད། འདས་པའི་ལོ་རྒྱུས་ཀྱི་བྱུང་རིམ་ནང་གངས་ཅན་པའི་བཅུ་ཕྲག་རིག་པའི་གནས་ཞེས་ཡོངས་སུ་གྲགས་པའི་ནང་ནས་སྙན་ངག་དང་འབྲེལ་བའི་རྩོམ་རིག་ཐད་རི་བོ་ལས་དཔངས་མཐོ་ཞིང་ཆུ་བོ་ལས་རྒྱུན་རིང་བའི་འཕེལ་རྒྱས་རྒྱ་ཆེར་ཕྱིན་ཡོད། རང་རེའི་ལོ་རྒྱུས་དང་ཆབ་སྲིད། ཐ་ན་མིའི་སེམས་ཁམས་ཚུན་ཆད་ནང་ཆོས་ལ་ཐིམ་པའི་མི་རིགས་ཤིག་ཡིན་སྟབས། འདས་པའི་རྩོམ་རིག་གི་གླེགས་བམ་ཅི་འདྲ་ཞིག་ཁ་ཕྱེས་ནའང་ནང་ཆོས་དང་མ་འབྲེལ་བའི་རྩོམ་རིག་ཅིག་ཕལ་ཆེར་མེད་ཟེར་ན་ཆོག དེ་ལྟར་ནའང་བསམ་བློའི་ཁྱེར་ཕྱོགས་ཀྱི་མདུན་ལམ་གུ་དོག་ཏུ་མ་འཕྱན་པར་དུས་རབས་ཀྱི་ཤར་ནུབ་རྒྱལ་ཁབ་ཁག་གི་རྩོམ་རིག་པ་ཚོའི་པ་མདུན་དུ་ངོ་ནོངས་མི་དགོས་པར་གོམ་པ་མཉམ་དུ་སྤོས་ཏེ་མདུན་སྐྱོད་བྱེད་དགོས་པ་ནི་ང་ཚོ་ལ་འཁྲིས་པའི་དངོས་གཙང་གི་ལས་འགན་ཞིག་ཡིན་པས། ང་ཚོས་སྲོལ་རྒྱུན་གྱི་རྩོམ་རིག་རྐང་འཛིན་ཐོག་འཕེལ་རྒྱས་དང་ཤར་ནུབ་ཡུལ་གྲུ་ཁག་གི་རྩོམ་རིག་གི་ལེགས་ཆ་ཡང་བསྡུ་ཅི་ཐུབ་བྱས་ཏེ། བོད་མིའི་རྒྱུན་ལྡན་གྱི་བསམ་སྤྱོད་དང་འབྲེལ་བ་དམ་པོ་ཡོད་པའི་བོད་ཀྱི་རིག་གནས་འཕེལ་རིམ་གསར་པ་ཞིག་གི་སྒོ་དབྱེ་དགོས་པ་ནི་དུས་ལ་འཁེལ་ཡོད་སྙམ། འོས་འགན་དེ་ནི་སྨྱུག་གུ་ལག་ཏུ་ཐོགས་པའི་བོད་རིགས་ཀུན་ལ་འཁྲིས་པ་ལྟར། རང་ནུས་ལ་དཔག་པའི་སྔ་ཕྱིར་ལས་ཞོར་དུ་སྙན་རྩོམ་དམ་དུམ་འགའ་ཞིག་བྲིས་ཁུལ་བྱས་མོད། འོན་ཀྱང༌། ཁོ་བོ་ནི་སྡོམ་ཐག་གིས་ཕན་ཚུན་འཛིངས་པའི་རྫ་ཁང་ཞིག་རལ་ཞིག་གི་ནང་དྲེག་པས་འཚིག་རྟུག་ཏུ་གྱུར་བའི་རྩབ་ཧྲལ་གྱི་མལ་ཆའི་གསེབ་ཏུ་འུ་ཐུག་ཐབས་ཟད་ཀྱིས་མགོ་བོ་ནང་དུ་ལྷུང་ནས་སྡོད་མཁན་འདོ་མེད་གྲྭ་བཙུན་ཞིག་ཡིན་པས། གྲོག་མ་མིག་མེད་ཀྱིས་གསེར་རིའི་མཐོ་ཚད་ལ་གཞལ་བ་ཅིས་ཀྱང་མི་འོས་པར་བསམ་སྟེ་རང་མལ་བཞག་པར། དུས་རབས་ཀྱི་སྨྱུག་ཐོགས་པའི་གྲོགས་པོ་མང་པོ་ཞིག་གིས་གཟིགས་ནས། འདི་བཞིན་དཔེ་སྐྲུན་བྱེད་ཐུབ་ན་དུས་རབས་ཀྱི་གཞོན་སྐྱེས་རྣམས་རྩོམ་རིག་ཐོག་མདུན་སྐྱོད་ཀྱི་གོམ་ཁ་གསར་པ་ཞིག་སྒྱུར་བར་ཕན་རླབས་ངེས་ཅན་ཞིག་ཡོང་བའི་སྐུལ་མ་ཡང་ཡང་གནང་བས། སྤྲེལ་རྒན་མིར་རྫུས་ནས་གདོང་ལྤགས་གཡག་ཀོ་ལས་འཐུག་པ་ཞིག་གོན་ཏེ། <<དུས་རབས་གསར་པའི་རྩོམ་རིག་པ་ཞིག་གི་སྙིང་ཁམས་ནས་འཕོས་པའི་ཟུངས་ཁྲག>> ཅེས་པ་འདི་བཞིན་ཕྱོགས་བསྒྲིགས་དང་དཔེ་སྐྲུན་གྱི་འདུ་འགོད་བྱས་པ་ཡིན། ཁོ་བོས་བྲིས་པའི་སྙན་རྩོམ་འདིའི་བརྗོད་གཞིའི་ཐད། རང་ཉིད་རབ་བྱུང་བཙུན་པ་ཞིག་ཡིན་པ་རྒྱུ་མཚན་དུ་བྱས་ནས་རང་གི་བསམ་སྤྱོད་ཀྱི་ལྟ་བའི་རྣམ་གཞག་ཁོ་ན་སྒྲུབ་ཕྱོགས་སུ་བཟུང་བ་མ་ཡིན་པར "རྟོག་པ་འཆར་ཡན་"དང༌། "སྒྱུ་འཕྲུལ་དངོས་ཡོད" གཉིས་གའི་ལམ་ནས། རྒྱུན་ལྡན་གྱི་འདུ་ཤེས་དང༌། བསམ་བློའི་འཕོ་འགྱུར་ལ་ལྟོས་པའི་དགའ་དད་སྤྲོ་གསུམ་དང༌། ཆགས་སྡང་ཁྲོ་གསུམ། དེ་བཞིན་དངོས་གྱུར་འཚོ་བའི་ཉམས་སྣང་དང། ལྐོག་གྱུར་ཐོལ་བྱུང་གི་འཆར་སྣང༌། བསྟོད་སྨད་ཀྱི་གླེང་སློང་སོགས་ཐ་ན་ཚིག་རྩུབ་ཚུན་ཆད་ཀྱང་བསྡུས་ཡོད། རྗོད་བྱེད་ཐད། བོད་རང་གི་གདོད་མའི་སྙན་ཚིག་དང། སྲོལ་རྒྱུན། རང་མོས་སྙན་ངག མགུར་ཚིག་དང་གླུ་གཞས་སོགས། གནའ་དང་དེང་གི་སྒྱུ་རྩལ་གྱི་ཐབས་ལམ་ཀུན་རིས་མེད་ཀྱིས་བེད་སྤྱོད་ཐོག མངོན་བརྗོད་དང་བརྡ་རྙིང་གི་རིགས་སྐྱུང་གང་ཐུབ་བྱས་ཡོད། སྙན་རྩོམ་འདིའི་ནང་། རྩོམ་ཡིག་ལེ་ཚན་དྲུག་ཅུ་ལྷག་དང་ཡིག་འབྲུ་བཞི་ཁྲི་ལྷག་ཙམ་འདུས་ཡོད། མ་དཔེ་ལག་སོན་མ་བྱུང་བའི་གསོལ་འདེབས་དང་། རྟོགས་བརྗོད་རིགས་འགའ་ཞིག་འདིའི་ནང་ཚུད་མེད། དེ་དག་ལས་མང་པོ་ཞིག་ནི ། <<གངས་རྒྱུན་>> དང་<<ལྡུམ་ར་>>། <<ལྗང་གཞོན་>>། <<རྩོམ་རིག་དགའ་ཚལ་>> །<<འབྲས་ལྗོངས་བྱ་མ་རྟ་>>། <<དམངས་གཙོ་>>། <<ཕ་ཡུལ་>> སོགས་སུ་འཁོད་ཡོད། ཀློག་པ་པོ་ལགས། སྙན་རྩོམ་འདིའི་ནང་ཁྱོད་ཉིད་མགུ་བར་སྐྱེད་པའི་རྩོམ་དུམ་རེ་ཟུང་མཆིས་ཚེ་མེ་ཏོག་ཆུང་ཡང་ལྷ་རྫས་ལྟར་དགྱེས་བཞེས་དང༌། གལ་ཏེ་ཀློག་པ་པོ་ཁྱོད་ཉིད་ཀྱི་ལྟ་བའི་རྣམ་བཞག་གང་ཞིག་དང་མི་མཐུན་པ་ཞིག་མཆིས་ཚེ། མི་འདོ་མེད་ཅིག་གི་རྩོམ་འཆལ་དམ་དུམ་རེ་ཟུང་ལ་དགོངས་དབྱིངས་མ་འཚང་བར། དགོངས་འཆར་གྱི་བཀའ་མཆིད་ངེས་གནང་མཛོད་རོགས། རྒྱུ་མཚན་ནི། འག་དུ་ལྷུང་བ་ནི་ཉམས་མྱོང་གི་རྨང་གཞི་དང༌། ཕམ་ཁ་ནི་རྒྱལ་ཁའི་གཞི་རྩ་ཡིན་པས་སོ།། དཔེ་དེབ་འདི་འགྲོ་འགྲེམས་ཆ་ཚང་། ཏྲེ་ཧོར་འཁྲུངས་སར་བླ་བྲང་གིས་གཏོང་གནང་མཛད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་དང༌། ཁོ་བོས་འདི་ཉིད་དཔེ་སྐྲུན་བྱེད་སྐབས། རང་ཉིད་འདུ་འཛིན་གྱི་བྲེལ་བས་མི་ཁོམ་པའི་གནས་དགུ་པ་ཞིག་ཏུ་ལྷུང་སྡོད་ཡོད་སྟབས། གྲོགས་པོ་ངག་དབང་བསོད་ནམས་དང་བྱམས་པ་བསོད་ནམས་གཉིས་ཀྱིས་གློག་ཀླད་དུ་འཇུག་གནང་མཛད་པ་དང༌། པར་ཁང་དབུ་འཛིན་གྲོགས་པོ་བསྟན་འཛིན་ཆོས་འཕེལ་གྱིས་དོ་བདག་དངོས་ཀྱི་ངོ་ཚབ་ཏུ་འགན་གཙང་ལེན་གནང་པ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཞེས་ངེས་མེད་ས་མཐར་ཁྱི་བཞིན་ཉུལ་བའི་ཆོས་ནོར་གཉིས་མེད་ཀྱི་སྤྲང་འཁྱམས། ཉམ་ཆུང་གྲྭ་རྐྱང་སྨྱུག་ཐོགས་པ་བེ་རི་འཇིགས་མེད་ཀྱིས། སྤྱི་ལོ་༡༩༩༦ ཟླ་བ་༧ ཚེས་༧ ལ་གདན་ས་འབྲས་སྤུངས་ནས།



དཀར་ཆག ངོ་སྤྲོད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཀ དུས་བཞིའི་སྙན་རྩོམ་ཁུ་བྱུག་མྱོས་པའི་གླུ།་་་་་་་་་་་་་་་་་་་་༡ དེང་གི་རང་དབང་སླར་གསོའི་ཆ་རྐྱེན།་་་་་་་་་་་་་་་་་་་་་་༤ རྨི་ལམ་ནང་གི་སྐྱོ་སྣང༌།་་་་་་་་་་་་་་་་་་་་་་་་་་་་་་་་་་༡༢ གབ་ཚིག་བཀྲིས་དགུ་བརྩེགས།་་་་་་་་་་་་་་་་་་་་་་་་་་་་་༡༨ ཀ་བཤད་སྙན་རྩོམ་ལྷག་བསམ་བསྐུལ་བ།་་་་་་་་་་་་་་་་་་་་༡༩ ཀ་བཤད་ཆོས་པའི་རྣམ་འབྱེད།་་་་་་་་་་་་་་་་་་་་་་་་་་་་༢༢ བོད་ཀྱི་རིག་གཞུང་གི་རིན་ཐང༌།་་་་་་་་་་་་་་་་་་་་་་་་་་་༢༩ དཔྱིད་དཔལ་བཞད་པའི་རང་ཡུལ་ལ་བསྔགས་པ།་་་་་་་་་་་་་༣༥ སྨོན་ཚིག་གཡས་འཁྱིལ་དུང་གི་སྒྲ་དབྱངས།་་་་་་་་་་་་་་་་་་༤༧ བརྩེ་གདུང་གི་མཐའ་འཇུག།་་་་་་་་་་་་་་་་་གྱ་་་་་་་དྲ་ད་་་༤༩ ཉམ་ཆུ གི་གསང་འཕྲིན།་་ ་་་་་་་་་་་་་ ་་་་་་ ་་་་་་༥ གནམ་ལོ་གསར་བཞདི་ ེད་རྩོམ་གླིང་བུ།་་་་་་༌།་ཁྲ་་་་་་ ་ ་༥༨ དྲན་པའི་བསིལ ྗོངས།་་་་་་་་་་་་་་་་ ་ ་་་་་ ་་་་་་་༦ རི་བོང་གི་གདུང་བ །་་་་་་་་་་་་་་་་་་་་་ ་ ་་་་་་ ་ ་་༦༣ དུས་ བས་ཞབས་བྲོ།་་་་་་་་་་་་་་་་་་ ་་་་་་་ ་ ་་་་་་་༦༨

ྡིགས་མཛུབ།་་་ ་་་་་་་་་་་་་་་་་་་་་ ་་་་་་་་་་་་ ༧ 
ོང་གཏམ་ཚངས་ འི་ཐིག་ཕྲེང༌།་ ་ ་ ་་་་་་་ ་་་་་་་་་་་་་༧༤

སྨྱུག་རྩེའི་འཕར་ ྡསྒྱསྤྱ།་་་་་དྲ་་་་་་་༨༡་་་་་་་་ ་་་་་་་་་་་༧༦ ཆ་གི་ཞིང་ཁམས།་་ ་་་་་་་་་་་་་་་་་་་་་་་་་་་་་ཊཁྲ་༧༩ གབ་ཚིག་གཁྲེར་གྱ་ལྡེའུ།་ ་་་་་་་་་ ་་་་་ ་་ ་་་་་་་་་་༨༢

ག  ིག།་་་་ ་་་་་་་ ་་་་་་་་ ་་་་་་ ་ ་ ་་་་་ ་ ་་་་ ་ ་་་༨༥

ཐ་ འི་གྱེས་མཇལ།་་་ ་་་་་་་་་་་་་་ ་ ་་་་་་་ ་་་་་་་་ ་་༨༨ བསམགཞིག་གི་འཆར་ངངསྨྱན་པའི་མགུལ་གླུ།་་་་་་་་་་་་་་་་༨༩ མཚར།་་་་་་་་་་་་་་་་་་་་་་་་་་་་ ་་་་་ ་ ་ ་་་ ་་་་་་༩༩ བྱམ་རྟའི་གསར་ཤོག་ཐོག་མར་མཐོང་པའི་ ོ ་སྣང༌།་་་ ་ ་་་་་་་༡༠ ཀ་བཤད་གསེརི་་རྔ་སྒྲ།་་་་་་་་་་་་ ་ ་་་་་་་་་་་་་ ་ ་་་་༡༠༤ ཀ་རྩོམ་བཤན་པའི་སྤུ་གྲི།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༡༠༥ གྱེས་ཁའི་དྲན་རྟེན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༡༡༢ པཎ་ཆེན་འཁྲུངས་རབས་དྲི་ཟའི་གླིང་བུ།་་་་་་་་་་་་་་་་་་་་་་་་༡༡༩ འགྱོད་པ་མེད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༡༣༥ ཀ་རྩོམ་ཚན་པ་གཉིས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༡༣༨ ངན་ཁྲག་ཁུ་བ་འབྱིན་པའི་སྐྱུགས་སྨན།་་་་་་་་་་་་་་་་་་་་་་་་་༡༣༩ ཕལ་སྐད་ཀ་རྩོམ་རྡོ་རྗེ་རུ་མཚོན།་་་་་་་་་་་་་་་་་་་་་་་་་་་་་་༡༤༦ གབ་ཚིག་རྡེའུའི་རོལ་རྩེད།་་་་་་་་་་་་་་་་་་་་་་་་་་་་་་་་་་་༡༤༩ དབྱངས་གསལ་སོ་བཞི་ཚང་པའི་བྱ་དཀའི་སྙན་ཚིག།་་་་་་་་་་་་་༡༥༤ ཕ་ཡུལ་དྲན་པའི་སྐྱེ་གླུ་མཆི་མའི་ཆར་རྒྱུན།་་་་་་་་་་་་་་་་་་་་་་༡༥༥ རྟགས་བརྒྱད་ལ་སྦྱར་བའི་བསྟོད་ཚིག་དྲི་ཟའི་གླིང་བུ།་་་་་་་་་་་་་་༡༥༨ ནོངས་འགྱོད་ཀྱི་ཟུར་ཐོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༡༦༡ བདེན་གཏན་་སྙིང་ལ་གཟན་པའི་ཚེར་མ།་་་་་་་་་་་་་་་་་་་་་་༡༦༤ དྲིན་ཅན་ཨ་མ་དྲན་པའི་གདུངས་དབྱངས།་་་་་་་་་་་་་་་་་་་་་་༡༧༠ གཞིས་ཕ་ཡུལ་དྲན་པའི་སྐྱོ་གླུ།་་་་་་་་་་་་་་་་་་་་་་་་་་་་་་་་༡༨༣ ཐུབ་བསྟོད་སྙན་སྒྲོག་ངང་མོའི་གླུ་དབྱངས།་་་་་་་་་་་་་་་་་་་་་་༡༩༠ ཉམ་ཆུང་བུང་བའི་རང་སྒྲ་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༠༠ འཕྲིན་ཡིག་གསེར་གྱི་ལྕགས་ཀྱུ།་་་་་་་་་་་་་་་་་་་་་་་་་་་་་་་༡༩༥ ཡིད་འཆེས་མེད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༠༧ གྲུ་ག་ཞིག་ནས་མཐོང་བའི་འཇིག་རྟེན།་་་་་་་་་་་་་་་་་་་་་་་་་༢༠༩ ཞང་པོ་ལ་བསྐུར་བའི་འཕྲིན་ཡིག།་་་་་་་་་་་་་་་་་་་་་་་་་་་་་༢༡༦ རམ་འདེགས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༡༩ ཕལ་གཏམ་སྨྱོན་པའི་བླ་བརྡོལ།་་་་་་་་་་་་་་་་་་་་་་་་་་་་་་་༢༢༡ བརྩེ་བའི་རེ་སྒུག།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༢༦ ཁྲུས་ལ་རོལ་བའི་ན་ཆུང༌།་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༣༠ གངས་ཆུའི་རང་སྒྲ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༣༣ ཁ་ལ་ཕུལ་བའི་སྐྱོ་གླུ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༣༥ འཇོལ་མོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༣༧ དྲན་པའི་གསང་འཕྲིན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༣༩ མཚན་ལྗོངས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༤༡ ཨ་གསར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༤༣ ལང་ཚོའི་འཕོ་འགྱུར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༤༥ མང་ཆར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༤༩ བརྗེད་མི་རུང་བའི་དཔང་པོ།་་་་་་་་་་་་་་་་་་་་་་་་་་་་་་་་་༢༥༥ རྨས་སྐྱོན་ཤོར་བའི་བརྩེ་དུང༌།་་་་་་་་་་་་་་་་་་་་་་་་་་་་་་་་༢༥༧ ཕུག་བསམ་དང་ལ་རྒྱ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༥༩ ཞི་བདེ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༦༠ བྱིའུ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༦༡ རེད་དམ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༦༣ སྙིང་ཁོངས་ནས་ཕྱུར་བའི་ཁྲག་རླབས།་་་་་་་་་་་་་་་་་་་་་་་་་༢༦༤


དུས་བཞིའི་སྙན་རྩོམ་ཁུ་བྱུག་མྱོས་པའི་གླུ། དཔྱིད་ཀ རི་ལུང་ཁ་གོས་ཕུད་པས་སྨུག་འཐིབ་འཐིབ།། འདབ་ལྡན་སྣ་ཚོགས་བཞད་པས་ཁྲ་ལམ་ལམ།། རྟ་བདུན་འོད་རྣོན་འབར་བས་དྲོ་ཤིག་ཤིག། འཁྱག་རམ་ཞི་བས་ཉལ་འགྲོའི་སྒྲ་ལྷང་ལྷང༌།། མི་རྣམས་སོ་ནམ་སྦྱོར་བས་བྲེལ་འཚུབས་འཚུབས།། ཞིང་ཆུ་འདྲེན་པས་ནོར་འཛིན་རློན་གཤེར་གཤེར།། སོས་ཀའི་རླུང་གིས་ལྗོན་ཤིང་གཡོ་ལྡེམ་ལྡེམ།། དུས་བཞིའི་ཐོག་མར་དཔྱིད་ཀྱི་དཔལ་ཡོན་ཤར།། དབྱར་ཀ རི་ལུང་སྤང་ལྗོངས་གཡུ་གོས་གསར་པས་མཛེས།། སྒྲ་ལྡན་དབྱར་སྐྱེས་མགྲོན་པོས་རྒྱང་གླུ་ལེན།། རྣམ་བཀྲ་དབང་པོའི་གཞུ་ཡིས་གུར་ཁྱིམ་ཕུབ།། དབྱར་གྱི་རྫ་རྔ་ཆུ་འཛིན་དབྱིངས་སུ་ལྡིང༌།། ཆར་རྒྱུན་ཟིལ་མས་ནོར་འཛིན་བཞིན་རས་རློན།། ཉལ་འགྲོའི་བུ་མོས་རླབས་ཕྲེང་མཁའ་ལ་རྩེན།། སྒྲོ་ལྡན་རྨ་བྱ་དགའ་བའི་གར་ལ་བྲེལ།། དབང་མེད་ཡིད་སེམས་འགུག་པ་དབྱར་གྱི་དུས།།

སྟོན་ཁ། འཛམ་བུའི་གསེར་གྱི་མདོག་དང་འདྲེས་པ་ཡི།། ལོ་ཡག་སྙེ་མའི་མགོ་ཀྱོག་ལྡེམ་ལྡེམ་གཡོ།། ནགས་ཀླུང་ལྗོན་པ་གཞོན་ནུའི་གཡུ་ལོའི་ཁྲོད།། ཕུན་ཚོགས་རོ་ལྡན་འབྲས་བུའི་བཞིན་བཟང་ངོམས།། བརྒྱད་ལྡན་དལ་འགྲོ་བཻཌཱུརའི་རྒྱུན་བཟང་རླབས།། གསོ་བྱེད་བདུད་རྩི་བཏུང་བའི་རོ་བཟང་འཛིན།། སྤྲིན་བྲལ་ལྷ་ལམ་རབ་རྒྱས་ཟླ་གཞོན་འཛུམ།། གསལ་བའི་ཕུན་ཚོགས་སྟོན་གྱི་དུས་དེ་སྐྱིད།། དགུན་ཁ། མཐོན་པོའི་རི་བྲག་ཁ་བའི་ཞྭ་དཀར་མཛེས།། མཛེས་ལྗོངས་རྣམས་ཀྱང་དར་གོས་དཀར་པོས་བཀླུབས།། སྔོན་པོའི་ཆུ་ཀླུང་འཁྱག་པའི་འོག་ནས་རྒྱུ།། ཉི་ཟེར་ཞུགས་པའི་འཁྱག་པས་དངུལ་འོད་སྤྲོ།། རྐང་འཐུང་ཕལ་ཆེར་གཡུ་ལོའི་གོས་བཟང་ཕུད།། གྲང་རླུང་བསིལ་བས་ཀྱུར་ཀྱུར་གླུ་དབྱངས་ལེན།། སྐབས་འགར་བུ་ཡུག་འཚུབ་པས་ཟློས་གར་བྲེལ།། དུས་བཞིའི་མཐའ་མ་དགུན་གྱི་ལང་ཚོར་ཤེས།། མཐར་སྡོམ། དུས་བཞིའི་འཁོར་ལོ་བཅུ་གཉིས་རྩིབས་ཀྱི་རིས།། སྐད་ཅིག་མི་སྡོད་དལ་མེད་འཁོར་བ་ཡི།། འདུས་བྱས་རྟེན་འབྱུང་རྒྱལ་མོའི་རྩ་ཁྲིམས་འདིས།། མི་རྟག་སྒྱུ་མའི་གྲོང་ཁྱེར་ཀུན་དབང་བསྒྱུར།། དེ་སྐད་གཙུག་ལག་དཔྱིད་ཀྱི་ནགས་ཀླུང་དཔལ།། དུས་བཞིའི་སྙན་ཚིག་ཁུ་བྱུག་མྱོས་པའི་གླུ།། ལྷོ་ཕྱོགས་ཆོས་ཀྱི་དགའ་ཚལ་ཡངས་པོ་ནས།། ལེན་པ་པོ་ནི་འཇིགས་མེད་མིང་ཅན་ནོ།།


དེང་གི་རང་དབང་སླར་གསོའི་ཆ་རྐྱེན།

འཛམ་བུའི་ཞིང་འདིར་བསྟན་སྲིད་ལམ་སྟོན་དཔལ།། བྱུང་དང་འབྱུང་འགྱུར་ཀུན་གྱི་རབ་དང་ཕུལ།། ཞི་བའི་དེད་དཔོན་བསྟན་འཛིན་རྒྱ་མཚོ་ཁྱེད།། གངས་ཅན་བསྟན་འགྲོའི་མགོན་དུ་ཐོབ་པ་བཟང༌།། གནམ་མཐོངས་སྤྲིན་རིམ་གཡོ་བའི་བ་གམ་ནས།། ཀུན་ཁྱབ་དབྱར་རྔ་སྒྲོག་ལ་ངོ་མཚར་ཅི།། མགོན་ཁྱོད་མཚན་སྙན་འཛམ་བུ་ནཱ་དའི་ཁྱོན།། བརྙན་ཕབ་གཟུགས་དང་ལྷན་ཅིག་ཀུན་ཏུ་སྒྲོག།

རང་ལུས་མི་ཡུལ་སྐྱེལ་བའི་འཁོན་ལན་དང༌།། རང་ཡུལ་བཙན་འཕྲོག་བྱས་པའི་ཁ་གཏད་དུ།། རང་གི་ནུས་པས་བདེན་ཚིག་དྲང་གཏམ་ཞིག། རང་དབང་སླར་གསོའི་དཔྱིད་དུ་ཅུང་ཟད་སྤེལ།།

རང་གི་རིགས་ཀྱི་རླབས་ཆེན་ཆབ་འོག་ཏུ།། རང་གི་ཡུལ་གྲུ་སྐྱོང་བའི་གོ་སྐབས་དང༌།། རང་གཞན་སྨོན་པའི་དམངས་གཙོའི་ཞི་བདེའི་སྲིད།། རང་དབང་འདི་ནི་ཡིད་བཞིན་དབང་གི་རྒྱལ།།

རིམ་བྱུང་མེས་དབོན་ས་སྐྱའི་གདན་རབས་དང༌།། ཕག་རི་གཙང་གསུམ་དགའ་ལྡན་སྲིད་གཞུང་བར།། རང་དབང་དངོས་གཙང་ཆུ་ལ་ཆུ་བཞག་ཚུལ།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།། ཡོན་ཆིང་མེས་ཀྱི་སྔ་ཕྱི་རྒྱལ་རབས་དང༌།། རིམ་བྱུང་བོད་ཀྱི་རྒྱལ་རབས་བར་གྱི་ཚུལ།། མཚན་ལྡན་རྒྱལ་རབས་རྣམས་ལས་བཤད་པ་རྣམས།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།།

རྒྱ་ཡུལ་རྒྱ་སྐྱིད་བོད་ཡུལ་བོད་སྐྱིད་ཅེས།། མི་འགྱུར་རྡོ་རྗེའི་ཐ་ཚིག་རྡོ་རིས་སུ།། མེས་དཔོན་བཙན་པོས་བྱས་བཞག་བསྩལ་བའི་ཚུལ།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།།

དཀར་ནག་རྒྱ་དབྱིན་རུ་སུ་བལ་ཡུལ་ཧོར།། ཉེ་འཁོར་གནས་པའི་ཁྱིམ་མཚེས་རྒྱལ་ཁབ་དང༌།། ཐད་ཀར་ཚད་ལྡན་བཞག་པའི་ཆིངས་ཡིག་རྣམས།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།།

བརྡ་སྤྲོད་སྐད་གཤིས་མི་གཅིག་གནམ་སའི་ཁྱད།། ཆ་ལུགས་ཆོས་གོས་མི་འདྲ་ཤར་ནུབ་བཞིན།། ཟ་འཐུང་གོམས་གཤིས་མི་མཚུངས་རྒྱབ་མདུན་ཚུལ།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།། རྒྱལ་གླུ་མི་གཅིག་ཁ་ཁ་སོ་སོ་ལ།། རྒྱལ་དར་མི་འདྲ་ཚོན་རིས་རྣམ་པར་འགལ།། རྒྱལ་ཁབ་མི་མཚུངས་རྒྱུ་མཚན་བརྒྱ་ཕྲག་གསལ།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།།

དམག་ཆེན་གཉིས་པའི་འཛམ་གླིང་དུས་ཟིང་ནང༌།། རི་འགོག་དམག་ཏུ་བོད་པ་མ་སོང་བར།། རྒྱ་རིའི་བར་འདུམ་རྒྱལ་ཁབ་བྱས་པའི་ཚུལ།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།།

འཕགས་ཡུལ་རང་དབང་སླར་གསོར་ལྡི་ལི་ན།། ཤར་ཕྱོགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་ཆེན་དུ།། རྒྱ་བོད་གཞུང་ཚབ་ཐ་དད་ཕེབས་པ་འདི།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།།

བོད་ཀྱི་ཁྲིམས་ཡིག་ཁྲིམས་ཁང་དམག་དང་དངུལ།། ཡོན་ཆིང་མེས་སོགས་ཁྱིམ་མཚེས་རྒྱལ་རབས་དང༌།། ཐ་དད་དངོས་པོ་ར་སྤྲོད་འཕེར་པ་འདི།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།། ཆག་ཆག་རྡོར་བརྡེགས་འཚིག་འཚིག་མེ་ལ་བསྲེགས།། མཁོ་མཁོ་རྒྱ་མཛོད་བསྡུས་པའི་སྲིད་ཀྱི་ཇུས།། ཚུལ་མིན་སྤྱོད་པར་ཤེས་ནས་གཏིང་ནད་སེམས།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།།

རྒྱ་མཛོད་རིན་ལྡན་ནོར་གྱིས་ཕྱུར་བུར་གཏམས།། བོད་ཡུལ་ལྟོགས་ཤི་ཐེབས་པའི་མི་རོ་མང༌།། དེ་དག་གང་གིས་བྱས་པའི་ངོས་འཛིན་བློ།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།།

གྲངས་མེད་ཚད་ལྡན་ལོ་རྒྱུས་མེ་ལ་བསྲེགས།། ཁུངས་མེད་གཡོ་འཁྲུལ་ཡིག་ཚོགས་གསར་རྩོམ་མང༌།། འོས་མེད་དེ་བྱས་རྩ་བ་མཐོང་བའི་བློ།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།།

གྲངས་མེད་དཔུང་ཚོགས་དམག་ལ་མི་བརྟེན་ཅིང༌།། ཁུངས་མེད་རྒྱལ་རབས་གསར་རྩོམ་མི་དགོས་པར།། འཁྲུལ་མེད་རང་དབང་བདེན་མཐའ་ཤེས་པའི་བློ།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།། འཕགས་ཡུལ་གསར་སྐྱེས་བྱིས་པ་ཕོ་མོ་རྣམས།། ནང་གི་ཕ་མས་རྒྱ་བོད་འཐབ་རྩོད་དང༌།། ས་མཐའི་བོད་པའི་སྐྱིད་སྡུག་བསླབ་བྱའི་ཚིག། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།།

ཕ་མེས་རུས་ཀྱི་སྙིང་ལ་དཀར་ནག་གི།། དགྲ་གཉེན་ཟང་ཟིང་ནོར་དང་མི་བརྗེ་བར།། གཞོན་སྐྱེས་ཕོ་མོས་འཐབ་རྩོད་རྒྱུན་འཁྱོངས་རྩལ།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།།

ཅོལ་ཆུང་བྱིས་པའི་མཆུ་ཏོར་མང་རྩི་དང༌།། ཀླད་མེད་ཉ་མོའི་ལྕགས་ཀྱུ་ཁ་ཡི་ཟས།། བོད་ཞེན་སྤུན་ཟླས་དུག་བཞིན་འཛེམ་དགོས་པ།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།།

དམར་ནག་རྒྱ་དང་གངས་ཅན་བོད་ཀྱི་བར།། འཐབ་རྩོད་ལྟེ་བ་སྙིང་ལ་བཅངས་བྱས་ཏེ།། ཞུམ་པ་མེད་པའི་སྙིང་སྟོབས་རྒྱུན་མཐུད་པ།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།། རང་གི་རིག་པའི་གཞུང་གི་རྨང་གཞིའི་སྟེང༌།། གཞན་གྱི་རིག་པའི་གཞུང་གི་ལེགས་ཆ་ཡང༌།། གཅིག་ཏུ་བསྡུས་པའི་སྙིང་པོ་ལྷུར་ལེན་པ།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།།

འདས་པའི་སྤྱི་ཚོགས་ཐོག་ཏུ་ཕྱི་མིག་དང༌།། ད་ལྟའི་སྤྱི་ཚོགས་ཐོག་གི་ཉམས་མྱོང་གིས།། མ་འོངས་སྤྱི་ཚོགས་འཕེལ་ཕྱོགས་གཏན་འབེབས་ཚུལ།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།།

མདོ་སྔགས་ཆོས་ལ་ཐོས་བསམ་ཉམས་ལེན་དང༌།། སྡེ་བཞིའི་སྲིད་ལ་འཁྱམས་མེད་ལག་བསྟར་གཉིས།། གཅིག་གི་རྩ་བ་གཅིག་ལ་བརྟེན་པ་འདི།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།།

ཕྱི་ཡི་དགྲ་ལ་དྲང་བདེན་འཐབ་རྩོད་དང༌།། ནང་གི་གྲོགས་ལ་རྡོག་རྩ་གཅིག་སྒྲིལ་གཉིས།། གཅིག་གྲོགས་གཅིག་ཏུ་བརྟེན་པའི་རླབས་ཆེན་འཕྲུལ།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།། རྗེ་འབངས་ཕྱུག་དབུལ་མཁས་བླུན་མ་ལྟོས་པར།། རིས་མེད་བོད་ཀྱི་སྤུན་ཟླ་མི་རིགས་ཀུན།། རང་རང་ནུས་པའི་སྲི་ཞུ་ལྷུར་བླངས་པ།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།།

སྡེབ་ལེགས་སྙན་པོའི་ཚིག་གི་རིན་ཆེན་ཕྲེང༌།། རང་དབང་བདེན་པ་མཚོན་པའི་རབ་བྱེད་འདི།། རང་དབང་སླར་གསོའི་དཔལ་དུ་སྨོན་པའི་ཕྱིར།། དེང་གི་རང་དབང་སླར་གསོའི་ཆ་རྐྱེན་ཡིན།།

དམངས་གཙོའི་ལང་ཚོ་གསར་པའི་གཟི་མདངས་འབར།། ཤེས་ཡོན་རིག་པའི་གཞུང་གི་གླུ་ལེན་བཞིན།། ལུགས་གཉིས་ཟུང་འབྲེལ་རྐང་པའི་འདེགས་འཇོག་གི། བདེན་པའི་ལམ་ནས་ཞི་བའི་ཕ་མཁར་འགྲོ།

གཞིས་བྱེས་སྤུན་ཟླ་རང་རིགས་འོ་མའི་རྡུལ།། གངས་ལྗོངས་དབྱིག་འཛིན་ཕང་བར་འཁྱིལ་བའི་མཚོ།། གཅིག་ཏུ་རབ་དཀར་ལུགས་ཟུང་རླབས་ཕྲེང་གི། རྫོགས་ལྡན་གསར་པའི་དུས་སྟོན་མྱུར་བཞད་ཤོག། དེ་སྐད་དུ་ཡང་གངས་ཅན་མདོ་ཁམས་པ།། འཇིགས་མེད་ཚིག་སྦྱོར་སྨྲ་བའི་ངག་གི་དབང༌།། དབྱངས་ཀྱི་རྒྱལ་མོ་དགྱེས་པར་སྐྱེད་པའི་བུ།། ཐུབ་པའི་བརྟུལ་ཞུགས་འཛིན་པ་ཞིག་གིས་སྤེལ།། ༩༣/༦/༢༠ ཉིན་འབྲས་སྤུངས་ནས།


རྨི་ལམ་ནང་གི་སྐྱོ་སྣང༌།།

སྟོན་མཇུག་བརྩེ་མེད་ཚ་བའི་རླུང་གིས་ལྗོན་ཤིང་དག་ནི་གཡོ་ཞིང་འདར།། ལྗང་མདོག་ཉམས་པའི་ཨམྲའི་འདབ་ལོ་སྐོར་ཞིང་སྐོར་ཞིང་མཁའ་ལ་ཁྱེར།། ཡིད་འོངས་མཛེས་སྡུག་མེ་ཏོག་སྐྲ་ལོ་རྐང་པའི་རྡུལ་གྱི་ཁྲོད་དུ་བསྙེས།། ངལ་ཞིང་དུབ་པའི་ཁྲུང་ཁྲུང་རྣམས་ནི་ཁྱུ་དང་ཁྱུར་བྱས་ལྷོ་ལ་འཕུར།།

ཀུན་གསལ་གོས་སྔོན་ཉི་མས་གདུང་སྟེ་མྱ་ངམ་ཐང་གི་མདངས་ལྟར་སྐྱ།། ལང་ལོང་གཡོ་བའི་ཆུ་འཛིན་ཕྲེང་བ་དལ་བུར་དལ་བུར་ཕྱོགས་སུ་བསྐྱོད།། གནག་རྫིའི་བུ་རྣམས་ཨ་མྲའི་ལྗོན་འོག་འདུ་ཤེས་འགགས་ཏེ་རྔུན་པ་བྱེད།། མ་ཧེ་དག་ཀྱང་འདམ་རྫབ་གསེབ་ཏུ་ཆུ་ཤིང་སྨྱུགས་མའི་གྲིབ་གཟུགས་བསྟེན།། བྱི་འུའི་ཁྱུ་དང་ཅོ་ཀ་དག་ནི་ཡལ་འདབ་གསེབ་ནས་དབུགས་ངལ་བརྩེགས།། དུས་ཀྱིས་བཏབ་པའི་སྔོ་ལྗང་འབྲས་ཞིང་གཡུ་མདོག་ཉམས་པའི་རྩྭ་སོག་སྐྱ།། མ་རྨོས་ལོ་ཏོག་སྟོན་འབྲས་བསྡུས་ཤུལ་ལྗང་མདོག་ཤོར་བའི་རྩྭ་ལྡུམ་ཁེངས།། བདག་ཀྱང་སྐྱོ་དང་ཚ་བའི་གདུང་བས་སྙིང་གི་འཕར་རྩ་གཡོས་གྱུར་ཏེ།།

སྣུམ་ནག་བྱུགས་པའི་ལམ་ཟུར་ཞིག་ཏུ་ལྗོན་པའི་བསིལ་འོག་གཉིད་ལ་ཡུར།། ཐུན་གསུམ་གཉིད་ཀྱི་རྨི་ལམ་ཞིང་ནས་སྐྱོ་བའི་ལྟད་མོ་འདི་ལྟར་སྣང༌།། ཁོ་བོ་འགྱོད་དང་སྐྱོ་གདུང་བྱེད་བཞིན་ཧི་མ་ལ་ཡའི་རི་རྒྱུད་ནས།། འཁྱག་འཁྱོག་གོམ་འགྲོས་སྤོ་ཤུགས་དྲག་པས་བསིལ་ལྡན་ཞིང་དུ་ཁ་ལོ་བསྒྱུར།།

ལྷུང་ལྷུང་འབབ་པའི་གངས་ཆུ་སིལ་མ་འཐུང་ཞིང་འཐུང་ཞིང་མདུན་དུ་བསྐྱོད།། བགྲང་བྱ་སོ་ལྔའི་ཡོལ་བའི་འོག་ནས་གཞིས་ལུས་སྤུན་ཟླ་མི་དམངས་རྣམས།། གངས་ཆུས་གསོས་པའི་སྙིང་སྟོབས་བཙན་པོའི་གངས་སེང་དཀར་མོའི་རིཊ་བསྙེཊ་ཏེ།། གཞན་དག་ཡོལ་ནག་མུན་པའི་གསེབ་ནས་རེ་བའི་འོ་འདོད་ལྷོ་ལ་འབོད།།

ཀྲོང་ངེ་འགྱིངས་པའི་གྲུ་འཛིན་གཉིས་པ་པོ་ཏཱ་ལ་ཡི་ཕོ་བྲང་གིས།། སྟོང་ཕྲག་དྲ་མའི་སྨིན་མ་བསྐྱོད་དེ་རེ་བའི་མིག་ཞགས་ལྷོ་ལ་འཕེན།། གཙུག་ལག་ཁང་གི་རྒྱ་ཕིབས་རྩེ་ནས་དངུལ་གྱི་དྲིལ་ཆུང་གཡེར་ཁ་རྣམས།། རླུང་གིས་བསྐུལ་བའི་ཅོང་བརྡའི་དབྱངས་ཀྱིས་རེ་སྒུག་བྱེད་པའི་སྐྱོ་གླུ་ལེན།། རྒྱལ་གཅེས་དཔའ་བོ་སྤུན་ཟླ་གྲངས་མེད་རང་དབང་དོན་དུ་སྲོག་བཏང་བའི།། དམར་ནག་ཁྲག་དྲོན་གཞུན་པའི་རྒྱུན་གྱིས་བར་སྐོར་བྱུ་རུའི་མདོག་ཏུ་བསྒྱུར།། དམར་ནག་ཁྲག་དྲོན་གཞུན་པའི་རྒྱུན་གྱིས་བར་སྐོར་བྱུ་རུའི་མདོག་ཏུ་བསྒྱུར།། སྲ་མཁྲེཊ་ལྕགས་ཀྱི་བཙོན་ཁང་ནང་ནས་བཙོན་པ་རྣམས་ཀྱིས་འོ་འདོད་འབོད།།

ཤེས་ཡོན་ཅན་དང་གནད་ཡོད་ཕལ་ཆེར་ཁྱིམ་བྱ་བཞིན་དུ་ལྐོག་ནས་བཀུམས།། བགྲང་བྱ་བརྒྱད་ཅུའི་བགྲེས་སོང་རྣམས་ཀྱིས་མཁར་བའི་སྟེང་ནས་སྡུག་སྐད་འབྱིན།། ཕ་བསད་མ་བཟུང་བྱིས་པའ་ཁྱུ་ཚོགས་ངུ་འབོད་དྲག་པོས་ས་གཞིར་ཁེངས།། ལ་ལ་རྙི་ཐག་ཆད་པའི་བྱ་བཞིན་འགྱོད་གདུ་དྲག་པོས་ལྷོ་ཕྱོགས་བྲོས།།

བརྩེ་མེད་ཁྲག་གི་དཔང་རྟགས་འདོགས་པའི་ལྗང་མདོག་གོས་ཅན་དམག་གི་དཔུང༌།། གྲོང་ཁྱེརཀྱལཁ་གྲའི་ཕྱོཊ་དང་ཕྱ གས་མམས་ལུག་ཁྱུའཋ་མཐའ་ན་བཤན་པ་བཞི། གསོད་བཟུང་རྡུང་བརྡེག་ལས་ལ་ཞུཊ་ཚེ་དགའ་བའི་འཛུམ་རས་གདོང་ལ་ཤར།། ཆང་རག་ནག་མོས་མྱོས་པའི་དཔོན་རྣམས་ཁང་སྦུག་ཏུ་ར་རོར་གྱུར།།

རྙིང་ཞིང་གུད་པའི་པུ་ཤུའི་འོག་ཏུ་ཁང་བྱིའུ་རྣམས་ཀྱིས་སྐྱོ་གདུང་བྱེད།། འདབ་ལོ་བྲལ་བའིསྡོང་སྐམ་རྩེ་ནས་སྐྱ་ཀ་དག་གིས་སྨེ་ངག་འདོན།། སྐྱེད་ཚལ་གུད་སྟེ་བུང་བ་རྣམས་ནི་འདབ་གཤོག་ཟད་ནས་རྣམ་ཤེས་ཡལ།། རྔོན་པས་བསྐོར་བའི་སྤང་གཤོང་དཀྱིལ་ན་རི་སྐྱེས་ཕལ་ཆེར་ཆོ་ངེར་འདོན།། ནག་ཀླུང་ཟད་ནས་རི་སྐྱེས་རྣམས་ནི་གཏད་སོ་མེད་པར་མཁའ་ལ་ལྡིང༎ སྟག་གཟིག་དོམ་དང་བྱེའུའི་ཁྱུ་ཚོགས་སྡོད་ཁྱིམ་བྲལ་བས་མྱ་ངན་བྱེད།། སྐྱི་བསེར་གྲང་ལྷགས་རླུང་གིས་བདས་པས་རྩྭ་སྐྱ་འཇག་མས་ཀྱུར་གླུ་ལེན༎ འདམ་རྩྭ་གསེབ་ནས་ངང་པ་རྣམས་ཀྱིས་འཇིཊ་དངས་དང་བཅས་རྒྱང་ལྟ་བྱེད།།

ཀྱེ་མ་མེས་པོས་ཤུལ་དུ་བཞག་པའི་ང་ཡི་ཕ་ཡུལ་བསིལ་ལྡན་ལྗོངས།། སེམས་ལྡན་སྲོག་ཆཊ་རྣམས་དང་སེམས་མེད་རང་བྱུང་འབྱུང་བའི་ཁམས་རྣམས་ཀྱིས།། འོ་འདོད་པའི་ཆོེ་ངེ་སྒྲ་ཡིས་ས་གཞི་དག་ཀྱང་འདར་བྱེད་པ།། རང་བྱུང་འབྱུང་བ་འཁྲུགས་པ་ཡིན་ནམ་གཞན་གྱིས་གཙེས་པའིཚོར་བ་ལཊ།།

དེ་ལྟར་བསམ་བཞིན་ཁོ་བོའི་སྙིང་ནས་བཟོད ཐབས་མེད པའི་རྦ་རླབསཤིག། ཤག་ཤག་གྱེན་དུ་ཕྱུར་བའི་ཚུལ་ནི་རླུང་གིས་བསྐུལ་བའི་རྒྱ་མཚོ་བཞིན།། བདག་ནི་བ་ལང་གཅུན་ལྟར་འཁྱོག་པའི་གོམ་སྟབས་མགྲོན་ཁང་ཞིག་ཏུ་བསྒྱུར།།

དེ་ན་བཞུགས་པའི་ཤེས་ལྡན་ཞིག་གིས་བདག་ལ་གསང་ཚིག་འདི་སྐད་སྨྲས།།

བུ་ཁྱོད་སྐྱོ་ནས་སྤོབས་པ་མ་ཤོར་ཞུམ་མེད་སྙིང་སྟོབས་སེམས་ལ་འཆང༌།། ཞི་བའི་དེད་དཔོན་ཅི་གསུང་བཀའ་སྒྲུབས་གཞིས་བྱེས་ཆོལ་གསུམ་ཆིག་སྒྲིལ་མཛོད།། མེས་པོའི་རིག་གཞུང་ལེགས་པར་ཤེས་དེང་རབས་ཤེས་བྱའི་གནས་ལ་སློབས།། དམངས་གཙོའི་རུ་ཚོན་མཁའ་ལ་འཕྱར་ཏེ་འཚེ་མེད་ཞི་བའི་མཐའ་རྩོད་བྱོས།། དངུལ་དངོས་འབྱོར་བའི བསླུ་བྲིད་རྫས་ངན་ལྕགས་ཀྱུའི་ཁ་ཡི་ཉ་ཟོན་ཡིན།། ཆོས་དང་ཆོལ་ཁའི་ཕན་ཚུན་འཐེན་ཁྱེར་ཕུག་བསམ་གཅོད་པའི་སྟ་རེ་ཡིན།། སྤྱི་དོན་དོར་ནས་སྒེར་སེམས་འཆང་བ་ལ་རྒྱ་སྲེགས་པའི་མེ་ལྕེ་ཡིན༎ དེ་ལྟར་བུ་ཁྱོད་བླང་དང་དོར་བྱའི་གནས་ལུགས་ལེགས་པར་མཁྱེན་མཛད་དང༌༎

ལྗང་མདོག་ཤོར་བའི་ཤིང་ལོ་དག་དང་བཀྲག་མདོག་ཉམས་པའི་མེ་ཏོག་རྣམས།། སྟོན་རླུང་རྩུབ་མའི་མཚོན་གྱིས་བཏབ་སེ་རྐང་པའི་རྡ ལ་དང་བསྲེས་ན་ཡང༌།། དྲོད་བག་ལྡན་པའི་དཔྱིད ཀྱི་དཔལ་ཡོནམི་རིང་ཅིས་ཀྱང་ཤརབ ངེས།། དེ་ལྟརམིན་ན་དགུན་ཤིང་སྡོང་པོས་རེ་བའི་ངང་སྒུགས་སུ་ལ་བྱེད།།

ནམ་མཁའི་མེ་ཏོག་སྐྱེས་བུར་གྱུར་ཏེ་མོ་གཤམ་བུ་ལ་ཞོན་ཡང་སྲིད།། རི་བོང་རྭ་ཡི་མེ་མདའི་ཁ་ནས་ཆུ་ནང་སྐར་མ་འཕེན་ཡང་སྲིད།། རྦ་རླབས་འཁྲུག་པའི་རྒྱ་མཚོ་ཀློང་ནས་དུས་མཐའི་མེ་ལྕེ་འབར་ཡང་སྲིད།། གངས་ཅན་རང་དབང་བདེན་པའི་ལོ་རྒྱུས་བསྐལ་པའི་མཐར་ཡང་ནུབ་མི་སྲིད།།

ཁུ་བྱུག་སྔོན་མོས་དགའ་བའི་གླུ་དབྱངས་ལྷོ་ཡི་ཕྱོགས་ནས་ལེན་པར་ངེས།། ཁ་བ་རི་བའི་ལ་རྒྱའི་སྤྲིན་སྔོན་ལྷོ་ཡི་ཕྱོགས་ནས་ལྡིང་བར་ངེས།། པ་ཏྲའི་དབྱིབས་ཀྱིས་ཁྲུང་ཁྲུང་ཁྱུ་རྣམས་ལྷོ་ཡི་ཕྱོགས་ནས་འཕུར་བར་ངེས།། མུན་པའི་དགྲ་བོ་ཞི་བདེ་འོད་སྣང་ལྷོ་ཡི་ཕྱོགས་ནས་ཤར་བར་ངེས།། ཞེས་གསུངས་ངེས་བཞིའི་ཚིག་གི་གསང་བ་རྣ་བའི་སྤྲིན་གསེབ་ལྡིར་བ་ན།། ཡ་ཆུང་ངོས་ལ་འཇཊ་ཐབས་བྲལ་བའི་རེ་སྒུག་གདུང་འབོད་དབྱངས་སུ་གྱེས།། དེ་དང་ཆབས་གཅིག་སྣུམ་ནག་ལམ་ནས་མོ་ཊ་རྒྱུག་པའི་འུར་སྒྲ་ཡིས།། སྐྱོ་གདུང་འཁྲུཊ་པའི་རྨི་ལམ་གྲོང་ནས་འཇིཊ་དངངས་དང་བཅས་དཀྲོཊ་ཏེ་སད།།

མགོ་བོ་བགྱེས་ཏེ་ཕན་ཚུན་བལྟས་པས་ལམ་འགྲུལ་ཕལ་ཆེར་རང་ཁྱིམ་ལོག། དམར་མདངས་གསལ་བའི་ཉི་མའི་ཐུན་མཚམས་ནུབ་རིའི་རྩེ་ནས་དལ་བུར་བསྐྱོད།། འདམ་སྐྱེས་རྣམས་ནི་འདབ་མ་བསྡུས་ཏེ་རྨི་ལམ་ཞིང་དུ་ཞུགས་པར་རྩོམ།། རྒྱ་སྐྱེད་ཤིང་དང་ཨ་མྲའི་གྲིབ་གཟུགས་ཇེ་རིང་ཇེ་རིང་གྱུར་ནས་ཡལ།།

གནག་རྫིའི་བུ་རྣམས་མ་ཧེ་ཁྱུ་དང་བ་གླང་དང་བཅས་ཁྱིམ་དུ་དེད།། ཀོ་ཀི་ལ་དང་བྱེ་འུའི་ཁྱུ་རྣམས་གྲེ་འགྱུར་དང་བཅས་འཚང་ལ་འཕུར།། ཕྱོཊ་མཐར་གནས་པའི་གྲོང་ཁྱིམ་དག་གིས་དུ་སྤྲིན་ཀ་བ་མཁའ་ལ་འཛུག། གྲོད་ལྷུག་ངང་བའི་འགྲོས་དང་བསྟུན་ནས་བདག་ཀྱང་སྐྱོ་བཞིན་རང་ཁྱིམ་ལོག།

གལ་ཏེ་ཁོ་བོ་འཕུར་རྩལ་ཤེས་པའི་འདབ་ཆགས་བྱེའུ་ཞིག་ཡིན་གྱུར་ན།། རླུང་བཞོན་ནམ་མཁའི་དབྱིངས་སུ་ལྡིང་ནས་རང་རིཊ་གཞིས་བྱེས་སྤུན་ཟླའི་བར།། གསང་འཕྲིན་སྐྱེལ་བའི་ཕོ་ཉ་བྱས་ཏེ་དགྱེས་འཛོམས་རང་དབང་བསྐྲུན་པའི་སླད།། བདོས་བཅས་ལུས་འདི་སྐྱ་ཁྲས་ཟོས་ཀྱང་འགྱོད་པའི་ཕོངས་སེམས་བདག་ལ་མེད། རྒྱ་གར་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་1994་ལོར་བྲིས།



གབ་ཚིག་བཀྲ་ཤིས་དགུ་བརྩེགས།

དཔྱིད་ཟླ་གསུམ་ལ་བཀྲེས་སྡུག་མི་དགོས།། མར་དོ་གཉིས་ཀྱི་ཨོ་ལོ་བཀྲ་ཤིས།། དགུན་ཟླ་གསུམ་ལ་འཁྱགས་སྡུག་མི་དགོས།། རྩིད་པ་ནག་པོ་མགུལ་བཟི་བཀྲ་ཤིས།། དབྱར་ཟླ་གསུམ་ལ་ཆར་གདུགས་མི་དགོས།། བྲག་ཕུག་ནང་ལ་གླུ་ལེན་བཀྲ་ཤིས།། སྟོན་ཟླ་གསུམ་ལ་དཀའ་སྡུག་མི་དགོས།། བྱུ་རུ་དམར་པོའི་རྩེ་ཏོག་བཀྲ་ཤིས།། ཁ་ལ་སླེབས་དུས་སྣ་སྙུག་བཀྲ་ཤིས།། རྐང་པ་མེད་པར་གོམ་ལོང་བཀྲ་ཤིས།། ཁ་མིག་མེད་པར་ཁུངས་འཛུལ་བཀྲ་ཤིས།། ཁོག་ལ་སླེབས་དུས་སྣབས་ལུད་བཀྲ་ཤིས།། མེད་ཐབས་མེད་པའི་ནོར་བུ་བཀྲ་ཤིས།། བཀྲ་ཤིས་དགུ་བརྩེགས་སྲིད་པའི་ནོར་འདིས།། བཀྲ་ཤིས་ཡངས་པའི་འཇིག་རྟེན་ཁྱོན་འདིར།། བཀྲིས་སྐྱེ་འགྲོ་རྒྱ་མཚོས་བཀང་ཡོད།། སྤྱི་ལོ་1993 ལོར་བྲིས།


ཀ་བཤད་སྙན་རྩོམ་ལྷག་བསམ་བསྐུལ་བ།།

ཆོས་སྐུ་སྒྲིབ་བྲལ་རྣམ་དག་དབྱིངས་ལས་མཚན་དཔེའི་སྤྲིན་རིས་རྣམ་པར་བཀྲ།། འགྲོ་ཁམས་མོས་པ་རྒྱ་མཚོའི་རྗེས་བཟུང་འཇམ་དཔལ་ཡབ་ཡུམ་ལ་བཏུད་ནས།། འདི་ན་ཆོས་པའི་སྤྱི་ཚོགས་སྒྲིག་ཞུགས་ཆོས་ཀྱི་ལམ་ལས་འདའ་བ་འགའ།། ཆོས་ལམ་འཛུད་པའི་ལྷག་བསམ་ངལ་བ་སྙིང་དུ་བཅངས་ཏེ་འདི་སྐད་གདམས།།

ཀ་བ་བུམ་པ་འཁོར་བ་ཡིན་མིན་ཚིག་སྤྱིར་སྒྲོ་འདོགས་གཅོད་དྲགས་ན།། ཁ་རྐྱང་སྐམ་པོས་དལ་འབྱོར་རྟེན་བཟང་དོན་མེད་ཆུད་ཟོས་གཏང་ཡོང་ངོ་།། ག་ས་ག་ལ་རང་ཚུགས་མི་ཐུབ་ཁྱི་རྒན་བཞིན་དུ་རྒྱུག་དྲགས་ན།། ང་མེད་ཁྱེད་མེད་འདི་ཕྱི་གཉིས་ཕངས་སྤྲང་པོ་ལག་སྟོང་ཆགས་ཡོང་ངོ་།། ཅ་རེ་ཅོ་རེ་ཐལ་རྟགས་ལྟར་སྣང་གང་བྱུང་མང་བྱུང་བསྟེན་དྲགས་ན།། ཆ་རྒྱུས་མེད་པའི་ལོང་བ་མགོ་འཐོམ་རྟག་ཆད་གཡང་སར་ལྷུང་ཡོང་ངོ་།། ཇ་ཧང་མདངས་ཀྱིས་མཛེས་པའི་ཁྲོད་དུ་ཁ་ལག་སྟོང་པ་ལྡིང་དྲགས་ན།། ཉ་ཉོག་བསྲེས་པའི་མི་གཙང་རྣག་ཁྲག་བདུད་རྩིའི་ཆོས་དང་འདྲེས་ཡོང་ངོ་།།

ཏ་ཐཱ་ག་ཏའི་ལུང་དོན་ཤེས་ཀྱང་ཚུལ་བཞིན་སྒྲུབ་ལ་གཡེང་དྲགས་ན།། ཐ་གྲུ་ཕྱི་ཡི་རྒྱལ་ཁབ་རྣམས་སུ་སྤྲེའུའི་གར་མཁན་ཆགས་ཡོང་ངོ་།། ད་ལྟར་རང་ལག་ཡོད་པའི་ཆོས་ནོར་ཆོས་དྲེཊ་གཡེང་བས་རེངས་དྲཊ་ན།། ན་རྒ་འཆི་བའི་གཡང་སའི་འགག་ནས་རྐང་པའི་རྟིང་རྩ་ཆད་ཡོང་ངོ་།།

པ་ལོ་མ་ཕབ་རབ་བྱུང་ཁྲོད་དུ་རལ་པ་གཟེངས་ཏེ་སྡོད་དྲགས་ན།། ཕ་རོལ་སྐྱེ་བོའི་ཡིད་འཆེས་བརླཊ་ཏེ་གསེར་སྐུས་ཟངས་མདོག་བསྟན་ཡོང་ངོ་།། བ་མོ་དབྱར་འཇོ་དགུན་གསོ་མེད་པར་ཕག་མགོ་མཁྱེན་པ་རྒྱག་དྲགས་ན།། མ་རབས་རང་མཚང་མི་གཙང་དྲི་ང་གྲུམ་པའི་ལྟོ་བ་དྲལ་ཡོང་ངོ་།།

ཙཀྲ་གསུམ་གྱི་མདོ་སྔགས་གཞུང་ལ་རང་དགར་དྲང་ངེས་འབྱེད་དྲགས་ན།། ཚ་གྲང་དམྱལ་བའི་མགྲོན་བརྡ་སླེབ་དུས་རྐུན་མའི་བུ་བཞིན་ཆགས་ཡོང་ངོ་།། མཛའ་བཤེས་ངན་པའི་སླུ་བྲིད་གཏམ་སྙན་རྣ་བའི་རྩེ་ལ་བཏགས་དྲགས་ན།། ཝ་ལམ་ཅན་གྱི་གྲོང་དུ་སླེབས་དུས་སྤྱང་ཀིའི་རྣ་འཛོམ་ཆད་ཡོང་ངོ་།། ཞྭ་མོའི་མདོག་གིས་ཕན་ཚུན་འབྱེད་པའི་གྲུབ་མཐའ་ཕྱོཊ་འཛིན་ཆེན་དྲཊ་ན།། ཟ་བྱེད་གླང་སྨྱོན་ཕན་ཚུན་འཐབ་པས་གཉིས་ཀ་འཕུང་པ་བྱེད་ཡོང་ངོ་།། འ་རེ་འུ་རེ་དཀོར་ནག་ཉ་ཟོན་ཆུ་སྐྱར་བཞིན་དུ་ལྡིང་དྲགས་ན།། ཡ་བཤའ་རྫུན་སྒྲིག་ཕྱི་མའི་བུད་ལེན་རུས་སྦལ་རྒན་པས་སྙོབ་ཡོང་ངོ་།།

ར་མ་ལུག་གི་ཆ་སྤྱོད་གང་མོས་འདུལ་བའི་གཞུང་ལས་བརྒལ་དྲགས་ན།། ལ་རྒྱ་མི་ཤེས་མི་ཚེ་ཕུང་ཞིང་ཆོས་པའི་གྲལ་ནས་བུད་ཡོང་ངོ་།། ཤ་ཟ་མཁའ་འགྲོ་སྒྲུབ་ལ་བྲེལ་ཏེ་སྐྱབས་འགྲོ་ཙམ་ཡང་མི་སེམས་ན།། ས་དུང་ནང་དུ་རང་སྡུག་མྱོང་བའི་བྱི་བ་རྒྱ་བོ་ཆགས་ཡོང་ངོ་།།

ཧ་རེ་ཧོ་རེ་ཅི་སྐྱིད་གང་སྐྱིད་ཡིན་མདོག་ཁ་ཕོ་བྱེད་དྲགས་ན།། ཧ་གོ་མེད་པར་བྱི་བའི་དཀྱིལ་གྱི་བྱི་ལ་མཁན་པོ་ཆགས་ཡོང་ངོ་།། ཧ་ཅང་སྙེམས་པའི་ང་རྒྱལ་དྲག་པོས་ཁོག་པའི་ལྟོ་བ་སྦོས་དྲགས་ན།། ཧ་ཧའི་འཕྱ་དགོད་ལྡིར་སྒྲས་ཁེངས་པའི་ནང་རྟགས་རྟུག་དྲི་ཁ་ཡོང་ངོ་།།

ཨ་ཕོ་ང་ཞེས་རང་གིས་རང་ལ་བརྩི་མཐོང་བྱེད་པ་ཆེ་དྲགས་ན།། ཨ་དོན་ཆོས་ནོར་རྒྱབ་ལ་བཀྱག་དུས་ཐོད་པ་ས་ལ་ཐུག་ཡོང་ངོ་།། ཨ་མའི་ཨོ་ལོ་བུ་སྡུག་རྣམ་པ་གདམས་པའི་གཏམ་འདི་གཟན་དྲགས་ནས།། ཨ་ཕའི་རོ་ཞེས་སྨད་པར་ངེས་ཀྱང་དྲང་པོའི་ཞུ་བ་བརྗོད་པ་ལགས།། དེ་སྐད་ཆོས་ཀྱི་དགག་ཕྱོགས་སློབ་སྟོན་ཕུལ་བྱུང་སྙན་པའི་ཚིག་སྦྱོར་འདིའང༌།། ལྷོ་ཕྱོཊ་ཆོས་ཀྱི་ཡངས་པོའི་དགའ་ཚལ་དཔལ་ལྡན་འབྲས་དཀར་སྤུངས་པ་ནས།། གཙུག་ལག་སྨྲ་བའི་ཟུང་ལྡན་འདབ་མ་ཤེས་བྱའི་མཁའ་ལ་ལྡིང་བའི་བུ།། འཇིགས་མེད་མིང་པའི་སྤྲོ་བའི་མགྲིན་ནས་དལ་བུའི་དབྱངས་སུ་གྱེས་ཏེ་སོང༌།།





ཀ་བཤད་ཆོས་པའི་རྣམ་འབྱེད།


སྤྱི་དང་བྱེ་བྲག་ཆོས་ཀུན་གསལ་ལེར་གཟིགས།། ཆོས་དང་ཆོས་མིན་རྣམ་པར་འབྱེད་ཅིང་བསལ།། བྱོན་དང་འབྱོན་འགྱུར་རྣམ་འདྲེན་ཀུན་གྱི་གཙོ།། སྲིད་དང་ཞི་བའི་མགོན་པོ་ཟས་གཙང་སྲས།།

རྣམ་དག་ཆོས་དབྱིངས་གདོད་མའི་ཕ་མཁར་ནས།། རྣམ་གསུམ་མཁྱེན་པའི་བཞོན་རླུང་ཤར་བའི་ལྷ།། རྣམ་དག་མཚན་དཔེས་རབ་མཛེས་འཇམ་དཔལ་དབྱངས།། རྣམ་ཀུན་སྤྱི་བོའི་གཙུག་གི་རྒྱན་དུ་མཆོད།།

ཀ་དག་གནས་ལུགས་སྒྲོ་འདོགས་མ་ཆད་པར།། ཁ་རྐྱང་སྐམ་པོས་མི་ཚེ་མཐར་སྐྱེལ་ཏེ།། ག་ལེར་བཏགས་པའི་མིང་ཙམ་ཐོབ་པ་ཡི།། ང་རྒྱལ་མངོན་རློམ་ཅན་དེ་ཆོས་པ་མིན།།

ཅ་དངོས་མཁོ་སྒྲུབ་བྱི་བའི་འདུ་ལོང་གིས།། ཆ་སྤྱོད་ཆོས་བརྒྱད་འབྱོར་པའི་བང་མཛོད་ནས།། ཇ་ཐུག་སྐུ་འགྱེད་སྙན་པའི་མིང་གྲགས་ཕྱིར།། ཉ་གའི་འདེགས་འཇོག་རྩེན་དེའང་ཆོས་པ་མིན།།

ཏ་ལའི་ཤིང་ལོ་རླུང་གིས་དེད་པ་ལྟར།། ཐ་གྲུ་གྲོང་སྡེ་རྣམས་སུ་ཁྱི་བཞིན་དུ།། ད་ལྟའི་ལྟོ་གོས་དོན་དུ་གྲོང་ཆོག་ལ།། ནར་མར་རྒྱུག་པ་དེ་ཡང་ཆོས་པ་མིན།།

པ་ལོ་རལ་བའི་ཐོར་ཅོག་མགོ་ལ་བཅིངས།། ཕ་རིའི་ཁྱིམ་བཞག་ཚུར་རིའི་རྫ་སྲུབ་ཏུ།། བ་རྫིའི་སྒྲུང་མཁན་བྱ་བྲལ་བྱི་བའི་བུ།། མ་རབས་སྒོམ་ཆེན་དེ་ཡང་ཆོས་པ་མིན།།

ཙཀྲ་གསུམ་གྱི་མདོ་སྔགས་དགོངས་འགྲེལ་ལ།། ཚ་གྲང་ཁྱད་གསོད་ཐོས་བསམ་མི་བྱེད་པར།། ཛ་ཡའི་སྲས་སུ་རློམ་པའི་ཆེར་རློམ་པ།། ཝ་སྐྱེས་སེང་ལྤགས་ཅན་དེའང་ཆོས་པ་མིན།། ཞྭ་དབྱིབས་རང་ལུགས་གྱོན་པ་ཤེས་ཙམ་གྱིས།། ཟ་གོས་དོན་དུ་གང་བྱུང་མང་བྱུང་གིས།། འ་རེ་འུ་རེར་བཀའ་ལུང་དབང་འཁྲིད་སོགས།། ཡ་མེད་རང་དགར་བྱེད་དེའང་ཆོས་པ་མིན།།

ར་བ་གངས་ཅན་པ་ཡི་མདོ་སྔགས་ཆོས།། ལ་ལུང་གཞན་དུ་མི་ཚེ་སྐྱེལ་བའི་ཆེད།། ཤ་ཟིན་སྤུ་ཟིན་ཁུངས་མེད་ལུང་མེད་ཀྱིས།། ས་བསྲེ་སྡོ་བསྲེ་བྱེད་དེའང་ཆོས་པ་མིན།།

ཧ་ལོ་དུག་འབྲས་མཚར་པའི་མེ་ཏོག་བཞིན།། ཧ་ཅང་སེམས་རྒྱུད་རྩུབ་པའི་མཁས་རློམ་ཅན།། ཧ་རེ་ཧོ་རེར་ཐོས་རྩོད་ལྷུར་བླངས་པའི།། ཧ་ལས་མཁས་གྲགས་ཅན་དེའང་ཆོས་པ་མིན།།

ཨ་དོན་སྐྱེ་མེད་སྨྲ་བའི་རིགས་པའི་འཕྲུལ།། ཨཱརྱ་དེ་བའི་དཔལ་ལ་འགྲན་བཟོད་ཅིང༌།། ཨ་ཅརྱ་ཡི་སྙན་པའི་མིང་ལྡན་ཡང༌།། ཨ་རེ་ཉམས་ལེན་མེད་ན་ཆོས་པ་མིན།། ཨ་མཆོད་ཆོས་ཀློག་ནེ་ཙོའི་མ་ཎི་ཡིས།། ཨ་འཐས་མི་ཚེ་ཕུད་ཐབས་མི་བྱེད་པར།། ཨ་དོན་མཁས་པའི་བཤེས་ལ་བསམ་སྦྱོར་གྱིས།། ཨ་མ་བཞིན་དུ་སྟེན་དེ་ཆོས་པ་ཡིན།།

ཧ་ཅང་རྙེད་དཀའི་དལ་བྱོར་རྟེན་བཟང་པོ།། ཧ་ཧ་ཧོ་ཧོ་ངང་དུ་མི་སྐྱེལ་བར།། ཧ་ལོའི་དུག་དང་འདྲ་བའི་འཁོར་བ་ལས།། ཧ་རེར་ཐར་ཐབས་བྱེད་དེ་ཆོས་པ་ཡིན།།

ས་འོག་ས་སྟེང་ས་བླར་གནས་པ་ཡི།། ཤ་ཚ་སྙིང་རྗེའི་སྤྱོད་ཡུལ་ལུས་ཅན་ཀུན།། ལ་འུར་འཁོར་བའི་མཚོ་ལས་སྒྲོལ་བའི་ཕྱིར།། རྭ་འཁྱོག་སེམས་རྒྱུད་སྲོང་ན་ཆོས་པ་ཡིན།།

ཡ་རབས་ཕྱི་སྤྱོད་ཉེ་བར་འཁོར་བཞིན་དུལ།། འ་འུར་སྐྱེས་སྦྱངས་ཤཱ་རིའི་བུ་ལྟར་འབར།། ཟ་འོག་ཞྭ་བཀྲ་ལྷམ་མཛེས་མི་དགོས་པར།། ཞྭ་གོས་ཆོག་ཤེས་སྤྱོད་ན་ཆོས་པ་ཡིན།། ཝ་ལེར་ངེས་དོན་དཀའ་གནད་ལེགས་རྟོགས་ནས།། ཛ་ཡའི་ལུགས་བཟང་བཤད་པས་སྤེལ་བ་དང༌།། ཚ་གྲང་ཁྱད་བསད་སྒྲུབ་པའི་རྒྱལ་མཚན་དཔལ།། ཙ་ཀུ་ར་ལྟར་འཛིན་ན་ཆོས་པ་ཡིན།།

མ་གྱུར་འགྲོ་བའི་སྡུག་བསྔལ་གསུམ་གྱི་ནད།། བ་རུ་ར་སོགས་ལྷག་བསམ་བཟང་དྲུག་གི། ཕ་རོལ་ཕྱིན་པའི་སྨན་གྱི་སྦྱོར་བ་ལ།། པ་སངས་མདངས་ཀྱིས་མཛེས་ན་ཆོས་པ་ཡིན།།

ན་འཆིའི་གདུང་བ་རྩད་ནས་འཇོམས་པའི་ཕྱིར།། ད་ལྟའི་མི་ཚེའི་ཆེད་དུ་མི་བྲེལ་བར།། མཐའ་བྲལ་ལྟ་སྤྱོད་སྒོམ་པའི་ལམ་བཟང་འབུམ།། ཏ་ལེར་ཡིད་ལ་ཤར་ན་ཆོས་པ་ཡིན།།

ཉ་ཉོག་བསྲེས་པའི་ཆོས་བརྒྱད་མ་འདྲེས་པར།། ཇ་ཧང་མདངས་མཛེས་མིང་དོན་གཉིས་མཚུངས་ཀྱིས།། ཆ་ལུགས་ཚངས་སྤྱོད་བྱ་བྲལ་སྤྱོད་པ་ཡིས།། ཅ་གེ་བློས་གཏོང་ནུས་ན་ཆོས་པ་ཡིན།། ང་འཛིན་མེད་པའི་ཆོས་ཕུག་སྤྲང་ལ་བརྟེན།། ག་སར་མི་རྒྱུག་སྤྲང་ཕུག་ཤི་ལ་བརྟེན།། ཁ་ཞེ་མེད་པའི་ཤི་ཕུག་བྲག་ལ་བརྟེན།། ཀ་ཁོལ་སྙིང་ལ་བཅང་ན་ཆོས་པ་ཡིན།།

ཆོས་དང་ཆོས་མིན་འབྱེད་པའི་བློ་མིག་ཅན།། ཆོས་ལ་རྩེ་གཅིག་སྒྲིམ་པའི་དཀའ་སྤྱོད་མཁན།། ཆོས་ལམ་འཛུད་ནས་ཚུལ་བཞིན་སྒྲུབ་པ་ཡི།། ཆོས་པ་དེ་དག་སུ་ཡིས་སྨད་པར་བྱེད།།

ཆོས་བཞིན་ཆོས་ཀྱི་ཚུལ་ལུགས་འབྱེད་པའི་འཕྲུལ།། ཆོས་ཀྱི་རྗེས་འབྲངས་རིགས་པ་སྨྲ་བའི་དཔལ།། ཆོས་ཀྱི་རྒྱལ་མཚན་འཛིན་པ་དེ་དག་ནི།། ཆོས་ལྡན་རྒྱལ་ཁམས་མཛེས་པའི་རྒྱན་གཅིག་ཡིན།།

ཆོས་པའི་སྤྱི་ཚོགས་སྒྲིག་གི་སེང་གེའི་པགས།། ཆོས་མིན་ལོག་པར་སྒྲུབ་པའི་ཝ་སྐྱེས་ཀྱིས།། ཆོས་བརྒྱད་རྫི་ཡིས་མྱོས་ཏེ་གྱོན་པས་ན།། ཆོས་དད་ཅན་རྣམས་མ་བརྟགས་སུན་སྣང་སྐྱེས།། ཆོས་རྗེས་འབྲངས་པའི་རྣམ་དཔྱོད་མི་ལྡན་ཞིང༌།། ཆོས་ཀྱི་གནས་ལུགས་ཚུལ་བཞིན་མི་ཤེས་པར།། ཆོས་པའི་སྒྲིག་ཞུགས་དཀོར་ནག་དུག་ཟོན་པས།། ཆོས་ཀྱི་སྲོལ་བཟང་སྲོག་གི་རྩ་བར་གཟན།།

ཆོས་ཚུལ་ལེགས་ཉེས་ཇི་བཞིན་མི་འབྱེད་པར།། ཆོས་གཟུགས་སྤྱོད་ངན་འགའ་ཡི་རྒྱུ་མཚན་གྱིས།། ཆོས་མེད་ཅོལ་ཆུང་འགའ་ཞིག་གྱ་ཚོམ་དུ།། ཆོས་ལ་སྐུར་བའི་བབ་ཅོལ་སྨྲ་བྱེད་མོད།།

ཆོས་ལྡན་རྒྱལ་ཁབ་ཁ་བ་རི་བའི་ཞིང༌།། ཆོས་བཞིན་སྐྱོང་བའི་སྔོན་གྱི་དམ་པ་རྣམས།། ཆོས་སྲིད་ལུགས་གཉིས་དར་ཆེན་བསྒྲེངས་པ་ཡང༌།། ཆོས་དང་ཆོས་པའི་གཞི་རྩའི་ལག་རྗེས་ཡིན།།

ཆོས་མིན་སྤྱོད་པ་འགའ་ཞིག་ལ་བརྟག་པའི།། ཆོས་པའི་བླང་དོར་དྲང་པོར་ཅུང་ཞུས་པར།། ཆོས་བརྒྱད་མངོན་རློམ་ཅན་རྣམས་ཁྲོ་འགྱུར་མོད།། ཆོས་སེམས་ཅན་རྣམས་ཅིས་ཀྱང་དགའ་བར་རིགས།།

ཆོས་པ་ཡིན་མིན་འབྱེད་པའི་རབ་བྱེད་འདིའང༌།། ཆོས་ལ་ཕན་པའི་ལྷག་བསམ་ལྷུར་བླངས་ཏེ།། ཆོས་ལྡན་རྒྱལ་པོའི་འཁོར་འབངས་འཇིགས་མེད་པས།། ཆོས་སྡེ་ཆེན་པོ་འབྲས་སྤུངས་གླིང་དུ་བྲིས།།


བོད་ཀྱི་རིག་གཞུང་གི་རིན་ཐང༌།

གཅིག གསུང་གི་དབང་ཕྱུག་གངས་རིའི་མཚར་སྡུག་ཅན།། ཚངས་སྲས་སྒེག་མོའི་མགྲིན་པ་ལ་འཁྱུད་དེ།། གངས་ཅན་བཅུ་ཕྲག་གཙུག་ལག་རིག་གཞུང་གི། རིན་ཐང་མཚོན་པའི་རྒྱུད་མངས་ཅུང་ཟད་འཁྲོལ།།

སྐོར་གསུམ་སྒང་དྲུག་རུ་བཞིའི་འཛིན་མའི་ཁྱོན།། མཚན་ལྡན་བརྡའ་སྤྲོད་སྐད་དང་ཨཀྵ་རའི།། དཀར་གཙང་དར་ཡུག་གཅིག་གིས་ཁྱབ་པ་འདི།། བྷོ་ཊའི་སྐད་ཡིག་རིག་པའི་རིན་ཐང་ཡིན།། རྣམ་དག་ཐར་པ་སྒྲུབ་པའི་ལམ་བཟང་འབུམ།། ཝ་ལེར་གསལ་བའི་མདོ་སྔགས་ཆོས་ཚུལ་ཀུན།། སྟོན་པ་གཅིག་ལས་ཆད་པའི་གྲུབ་མཐའི་སྲོལ།། བྷོ་ཊའི་ནང་ཆོས་རིག་པའི་རིན་ཐང་ཡིན།།

རྣམ་དཔྱོད་ཆུ་འཛིན་འཁྲིགས་པའི་ལྡིང་ཁང་ནས།། རྩོད་ངག་སྤྲིན་གྱི་སྒྲ་བརྒྱ་དགོད་པ་ལས།། ཕས་རྒོལ་ལོག་རྟོག་བྲག་རི་འཇོམས་པའི་འཕྲུལ།། བྷོ་ཊའི་གཏན་ཚིགས་རིག་པའི་རིན་ཐང་ཡིན།།

རྒྱུད་བཞིའི་བརྡ་སྤྲོད་མན་ངག་ཨ་རུ་རའི།། ཕྲེང་བའི་དོ་ཤལ་ཕྱང་པས་དུག་གསུམ་གྱི།། བཞི་བརྒྱའི་ནད་རིམ་འཇོམས་པའི་ཐབས་ལམ་མཆོག། བྷོ་ཊའི་གསོ་བ་རིག་པའི་རིན་ཐང་ཡིན།།

ཚངས་ཐིགས་དབྱིངས་སུ་བཏབ་པའི་བྲིས་འབུར་སྐུ།། དཀྱིལ་འཁོར་ཚོན་རིས་ལྕགས་རྡོ་མགར་བའི་འཕྲུལ།། བི་ཤྭ་ཀ་མའི་ཁེངས་པ་འཕྲོག་པ་འདི།། བྷོ་ཊའི་བཟོ་རྩལ་རིག་པའི་རིན་ཐང་ཡིན།། སྡེ་བཞི་འཕྲོས་དང་བཅས་པའི་གཟུགས་བརྙན་འབུམ།། སྙན་ངག་རིས་སུ་ཤར་བའི་མེ་ལོང་ནི།། དབྲ༣སྤྱའི་དགོངས་པའི་དབྱིངས་དང་འདྲེས་པ་འདི།། བྷོ་ཊའི་སྙན་ཚིག་རིག་པའི་རིན་ཐང་ཡིན།།

མཐའ་དག་དངོས་པོའི་བྱེད་ལས་ནུས་ཤུགས་དང༌།། འབྲེལ་བའི་མིང་གི་རྣམ་གྲངས་འབུམ་ཕྲག་བརྒྱ།། ཚིག་གི་ཉམས་འགྱུར་བྲོ་བ་འདོན་པའི་ཚྭ།། བྷོ་ཊའི་མངོན་བརྗོདརིག་པའི་རིན་ཐང་ཡིན།།

མ་འདྲེས་ཚིག་གི་གཅོད་མཚམས་ལེགས་པའི་ཕྲེང༌།། རྗོད་བདེ་འགྱུར་ཁུག་འབུམ་གྱིས་མགྲིན་པར་བདེ།། མ་ཟློས་ལྕི་ཡང་མཉམ་པའི་ཚིག་གི་སྦྱོར།། བྷོ་ཊའི་སྡེབ་སྦྱོར་རིག་པའི་རིན་ཐང་ཡིན།།

གཟའ་སྐར་འཁོར་ཕྱོགས་འཁྱོག་པའི་གནམ་རུ་དབྱིབས།། ངོ་མཚར་གྲངས་དང་ས་རིས་ཀྱིས་བཀང་སྟེ།། འཁོར་འདས་ལྐོག་གྱུར་འབིགས་པའི་ཉག་ཕྲན་རྩལ།། བྷོ་ཊའི་སྐར་རྩིས་རིག་པའི་རིན་ཐང་ཡིན།། འདས་པའི་ལུགས་གཉིས་བྱུང་རིམ་ཟློས་པ་ཡི།། ཉམས་དགུའི་གར་གྱི་སྟངས་སྟབས་བསྒྱུར་བ་ལས།། དགའ་སྡུག་ཚོར་བའི་ཟིལ་ཆར་འཇོ་བའི་གཏེར།། བྷོ་ཊའི་ཟློ་གར་རིག་པའི་རིན་ཐང་ཡིན། གཉིས། ཡབ་མེས་རྣམས་ཀྱིས་བཞག་པའི་གཅེས་ནོར་མཆོག། མཐའ་འཁོབ་མུན་པ་སེལ་བའི་ཉི་ཟླའི་འོད།། གཅོང་རོང་འདམ་ལས་འདྲེན་པའི་དཔྱང་ཐག་སྟེ།། གངས་ཅན་གཙུག་ལག་རིན་ཐང་སུ་ཡིས་གཞལ།།

སྲིད་འབྱོར་ཕུན་ཚོགས་བྱེ་བ་འབྱུང་བའི་སྒོ།། རྣམ་དག་ཐར་པ་སྒྲུབ་པའི་ལམ་གྱི་གྲོགས།། འཁོར་འདས་ལེགས་ཚོགས་ཀུན་གྱི་བྱེད་པོ་མཆོག། གངས་ཅན་གཙུག་ལག་རིན་ཐང་སུ་ཡིས་གཞལ།།

ལེགས་ཉེས་བླང་དོར་འཆར་བའི་མེ་ལོང་དང༌།། དྲན་དབང་བློ་གསལ་དགྱེས་པའི་སྐྱེས་ཀྱི་མཆོག། མཁས་གྲལ་འཛེག་པའི་གསེར་གྱི་ཐེམ་སྐས་ཏེ།། གངས་ཅན་གཙུག་ལག་རིན་ཐང་སུ་ཡིས་གཞལ།། འབྱོར་དུས་རྐང་པའི་འོག་ཏུ་མི་རྒྱུ་ཞིང༌།། རྒུད་ཚེ་རྒྱང་ནས་མཛུབ་ཀེར་མི་བྱེད་པར།། ནམ་ཡང་བསླུ་མེད་ཕུལ་བྱུང་གྲོགས་ཀྱི་མཆོག། གངས་ཅན་གཙུག་ལག་རིན་ཐང་སུ་ཡིས་གཞལ།། གསུམ། འཇམ་མགོན་ཐོན་མི་དགྱེས་པའི་ཞལ་ཆབ་ཀྱི་བདུད་རྩི།། གངས་ཅན་སྒྲ་རིག་རྒྱ་མཚོའི་ཆུ་རླབས་ཀྱི་རྒྱུན་དེས།། འཛམ་གླིང་ཤར་ནུབ་དབྱིག་འཛིན་འགྲམ་པ་ཀུན་རློན་པས།། སྔོན་མེད་དཔྱིད་དཔལ་གསར་བའི་དགའ་སྟོན་ཞིག་བསྐྲུན་འདུག།

འཕགས་བོད་མཁས་རྒུ་མཛེས་མའི་འགྲམ་ཆང་གིས་ཕྱེས་པའི།། སྲིད་ཞིའི་ལེགས་ཚོགས་སྐྱེད་མའི་དགའ་ཚལ་གྱི་ཁྲོད་དུ།། ཤར་ནུབ་ཛམྦུ་ནཱ་དའི་ཤེས་ལྡན་ཀྱི་བུང་བ།། ལྷོ་རླུང་བསིལ་བས་བསྐུལ་བའི་སྟོན་སྤྲིན་བཞིན་འདུས་སོ།།

ཀྱེ་མ་འགའ་ཞིག་གཞན་ལུགས་སྐད་ཡིག་གིས་མཚོན་པའི།། རིག་གཞུང་འབྲས་ཆང་འཐུང་བའི་དྲེགས་པ་ཡིས་མྱོས་ཏེ།། རང་གི་རིག་གཞུང་ཟག་མེད་ཨ་མྲྀ་ཏའི་བགོ་སྐལ།། མྱོང་བའི་དགའ་སྟོན་མ་ཐོབ་ཀྱེ་མ་ཧུད་འཕོངས་པ།། ཀྱེ་མ་གངས་ཅན་རིག་པའི་གཞུང་ལུགས་ཀྱི་རིན་ཐང༌།། མཐའ་གྲུ་རྒྱལ་ཁམས་རྣམས་སུ་གཏོང་ཕོད་རེ་ཆེ་ཡང༌།། དེང་རབས་རིག་གཞུང་གསར་བའི་མེ་ཏོག་གི་ཕྲེང་བ།། གཞན་ལས་ཉོ་སྒྲུབ་བྱེད་པའི་བློ་གསལ་དེ་དཀོན་པ།།

གངས་ཅན་གཙུག་ལག་རིག་པའི་རྒྱ་མཚོ་ཡི་རིན་ཐང༌།། ཇི་བཞིན་རྗོད་ལ་དབྱངས་ཅན་མགྲིན་པ་ཡང་ངལ་ན།། སྐྱེས་སྦྱངས་དམན་པའི་ཚུར་མཐོང་རྩོམ་བྲིས་པ་བདག་གིས།། ཆུ་ཐིགས་ཙམ་ལས་རྗོད་པའི་སྤོབས་པ་དེ་མ་རྙེད།།

དེ་སྐད་བོད་ཀྱི་གཙུག་ལག་རིག་གཞུང་གི་རིན་ཐང༌།། སྟོན་པའི་སྙན་འཇེབས་དྲི་ཟའི་ན་ཆུང་གི་གླུ་ཞིག། ལྷོ་མཐའི་འདོད་རྒུ་གླིང་གི་གཏན་སློབ་ཀྱི་ཁང་དུ།། སྤྲང་འཁྱམས་གཙུག་ལག་སྨྲ་བ་འཇིགས་མེད་པས་བྲིས་སོ།། ༡༩༩༤།༨།༡༦ ཉིན། དཀར་མཛེས་ཤོག་བུའི་འདབ་མ་ལ།། སྙན་པོའི་དབྱངས་སུ་གྱེས་པ་ཡི།། དོན་ལྡན་འཕྲིན་གྱི་རི་མོའི་གཟུགས།། མཉེས་གཤིན་དགྱེས་པའི་སྐྱེས་སུ་བཏེགས།། དབྱར་གྱི་དཔལ་ཡོན་བཞད་པའི་རང་ཡུལ་གྱི་ མཛེས་ལྗོངས་ལ་བསྔགས་པ་བཻཌཱུརའི་ རྒྱུད་མངས་སྟོང་གི་ སྒྲ་དབྱངས།

དགེ་ལེགས་འོ་མའི་ཆུ་གཏེར་ཡངས་པོའི་འཇིངས། ། ཆུ་ཤེལ་ལྕུག་ཕྲན་གཡོ་བའི་ཡལ་འདབ་ཀྱིས། ། བཻཌཱུརའི་རྒྱུད་མངས་རྩེན་པའི་དབྱངས་ཅན་ལྷ། ། སྙན་འགྱུར་འདོད་རྒུར་སྒྱུར་པའི་ཤིས་པ་སྒྲུབས། །

རང་གི་ལྟེ་ཁྲག་ས་ལ་འཕོས་པའི་ཡུལ། ། གངས་ཅན་ས་ལཱའི་སྨད་ཁམས་དཀར་མཛེས་ཀྱི། ། རྨད་བྱུང་མཛེས་པའི་ལྗོངས་ལ་བསྔགས་པ་ཡི། ། བཻཌཱུརའི་རྒྱུད་མངས་སྟོང་ཕྲག་འདི་ན་འཁྲོལ། །

ཡིད་འོངས་ཤེལ་དཀར་ས་འཛིན་ཕྲེང་བ་ཡི། ། མུ་ཁྱུད་མཛེས་པའི་གངས་ཅན་མ་ག་དྷ། ། མཉེས་གཤིན་གྲོགས་ཁྱོད་ཞབས་ཟུང་བསྒྱུར་མྱོང་ངམ། ། གལ་ཏེ་མྱོང་ན་དེ་ཡི་བཀོད་པ་ཤེས། ། རང་མཐོང་འུད་ཀྱིས་ཁེངས་པའི་ས་འཛིན་ཕལ། ། དྲེགས་པའི་རྡུལ་མང་དགུང་དུ་བརྩེགས་པ་རྣམས། ། རབ་བརྗིད་སྒང་དྲུག་རི་བོའི་དཔངས་མཐོང་བས། ། རྒུད་པས་ས་འོག་མུན་པའི་ཁུངས་བུར་ཡིབས། །

སྲིད་པའི་མེས་པོ་སྤྲིན་གྱི་ལ་ཐོད་ཅན། ། ར་བ་སྒང་དང་ཟལ་མོ་སྒང་གི་བར། ། བཀྲ་ཤིས་གཡས་སུ་འཁྱིལ་བའི་ཏྲེ་ཤོད་ཅེས། ། གྲགས་པའི་དབྱངས་སྙན་ཚངས་པའི་འཇིག་རྟེན་འུར། །

མེས་པོའི་ལྷ་སྲུང་བྱེ་བའི་བསྟི་གནས་གཙོ། ། དབང་ཕྱོགས་ཁ་བ་བརྩེགས་པའི་བློ་གྲོས་རི། ། ཟླ་ཟེར་འཐུང་བའི་བཻཌཱུར་དཀར་པོ་བཞིན། ། ཕུན་ཚོགས་འབྲུ་སྣའི་གཏེར་གྱི་མཛོད་དུ་བསྔགས། །

རབ་དཀར་ཁྱུ་མཆོག་སྤོས་ཀྱི་གླང་པོ་ལ། ། རབ་བརྗིད་གཉིས་འཐུང་སྟོང་གིས་སྐོར་བ་ལྟར། ། རབ་མཛེས་ཁ་བ་བློ་གྲོས་འཛིན་མའི་ལྷུན། ། རབ་མང་མཐོ་བརྗིད་ལྷུན་པོས་ཀུན་ནས་སྐོར། ། མཁའ་ལྡིང་དབང་པོ་བྱིའུའི་ཚད་གཞལ་ཞིང༌། ། ཉི་ཟླའི་བགྲོད་པའང་ཆེས་ཆེར་དམའ་བས་ན། ། ཆུ་འཛིན་སྔོན་པོའི་སྐ་རགས་འཆིང་པ་ཡི། ། ས་འཛིན་ཕལ་བ་གཞན་གྱིས་འགྲན་བཟོད་མིན། །

སྔོ་བསངས་གནམ་མཐོངས་དགུང་ལ་འདེགས་བྱེད་པའི། ། གཡང་ཊིའི་ཀ་བ་གྱེན་དུ་སློང་ངོ་ཞེས། ། སོམ་ཉི་དོགས་པའི་དཔྱང་ཐག་མི་འཛིན་ཏེ། ། གངས་དཀར་རི་བོའི་ཁྱད་ཆོས་ཡིན་པས་སོ། །

དཔངས་མཐོའི་གནམ་གྱི་ཀ་བར་སྙེམས་པ་ཡི། ། ས་ལཱའི་ལྗོན་པའི་འཁྲི་ཤིང་ཀུན་ནས་གཡོ། ། སྔོ་བསངས་གཡུ་ལོ་མཛེས་པའི་ཁུར་འཆང་བ། ། སྣ་ཚོགས་རྐང་འཐུང་བུ་མོའི་མཛེས་སྡུག་ངོམས། །

མངར་སྐྱུར་ཁ་དང་བསྐ་བའི་བྲོ་བ་ཅན། ། དམར་སེར་འབྲས་བུས་ཕྱུག་པའི་གཏེར་གྱི་མཛོད། ། ཏྲེ་ཤོད་ས་བརྟོལ་ལྗོན་པའི་དགའ་ཚལ་ཞེས། ། སྙན་པའི་བ་དན་དྲི་བཞོན་བུ་མོས་གཡོ། ། མ་རྒད་ཐགས་སུ་བཏགས་པའི་གོས། ། བཻཌཱུརའི་དར་གྱི་སྐ་རགས་ཅན། ། ས་འཛིན་ཕྲེང་བའི་ལང་ཚོ་ཡིས། ། སྐབས་གསུམ་བུ་མོའི་མཛེས་སྡུག་བསླུ། །

སྣ་ཚོགས་ནོར་བུ་མུ་ཏིག་གི ། ཕྲེང་བའི་རྗེས་འབྲངས་རྣམ་བཀྲ་བ། ། རྣམ་མང་མེ་ཏོག་དོ་ཤལ་ནི། ། རྒྱན་དུ་འཆང་བའི་མཛེས་སྡུག་ངོམས།།

དགུན་གྱི་བགྲེས་སོང་རྒན་མོའི་ཁ་བའི་གོས། ། དཔྱིད་ཀྱི་ན་ཆུང་གཞོན་ནུས་ཕུད་པ་དང༌། ། རིན་ཆེན་ཕྲ་ཚོམ་སྤུད་པའི་མ་རྒད་ཀྱི། ། ཡི་འོངས་ན་བཟས་བཀླུབས་པས་མཛེས་པ་སྐྲུན།།

ཨིནྡྲ་ནཱི་ལ་བཞུས་པའི་ཁུ་བ་ནི། ། ལན་བརྒྱར་བྱུགས་པའི་མཐའ་ཀླས་སྤང་གཤོངས་དག ། དྲི་བཞོན་བུ་མོས་དལ་བུར་བདས་པ་ན། ། ལྡེམ་ལྡེམ་གཡོ་བའི་རྩེད་དགའི་གར་ལ་རོལ། ། གསེར་འོད་སྐྱུགས་པའི་སྣང་བྱེད་ཉི་གཞོན་གྱིས། ། བསིལ་ལྡན་གྲང་ལྷགས་ཁྱུད་མིད་བྱས་དང་ལྷན། ། སྲ་མཁྲེགས་ལྕགས་དང་འདྲེས་པའི་འཁྱགས་རམ་རྣམས།། བཞུས་ཏེ་ནོར་འཛིན་བུ་མོའི་བཞིན་རས་བཀྲུས།།

མཐའ་ཀླས་འདབ་ལྡན་ཆུ་སྐྱེས་ན་ཆུང་མས། ། སྦྲང་རྩིའི་ཕོན་པོ་སྨིན་པའི་སོ་ཕྲེང་སྒེག ། བྷ྄་མ་ར་དག་དགའ་བའི་གླུ་དབྱངས་ལེན། ། ཕྱེ་མ་ལེབ་ཀྱིས་སྐྱིད་པའི་ཟློས་གར་རྩེན། །

རིན་ཆེན་གཡུ་ཡི་ལྡིང་ཆ་ཡངས་པོའི་སྟེང༌། ། དཀར་དམར་དར་ཟབ་གོན་པའི་གཞོན་ནུ་མ། ། འདོད་རྒུའི་གར་དུ་སྒྱུར་རམ་འདམ་སྐྱེས་ཚོགས།། རླུང་གིས་བདས་པས་ལྡེམ་སྙམ་འཕྱང་མོ་ཉུག །

རྣམ་པར་རབ་བཀྲ་མིག་གི་གཟི་ལེན་དཔལ། ། ལྡེམ་ལྡེམ་གཡོ་བའི་ལྷ་ཡི་མེ་ན་ཀ༔། ། འདྲ་ཡང་སྙན་འཇེབས་དྲི་ཟའི་གླིང་བུའི་གདངས། ། མི་ཏོན་ཕྱིར་ན་ཆུ་སྐྱེས་གཞོན་ནུར་ངེས། ། སྤང་ལྗང་སྨིན་ལེགས་ཉི་མའི་བུར་ཆགས་ཏེ། ། ལུས་ཀྱི་མཛེས་སྡུག་ཆ་ཤས་ངོམས་པའི་སླད། ། སྨུགས་པའི་དར་གོས་དུམ་བུར་དབྲལ་བྱས་ཏེ། ། སྔོ་བསངས་དབྱིངས་སུ་སྤྲིན་གྱི་ཟོལ་དུ་གཡུགས། །

ཀུན་གསལ་དབྱིངས་སུ་དལ་གྱིས་བསྐྱོད་པ་ཡི། ། ས་འཛིན་རྐང་བཏེགས་འཆང་བའི་ཆུ་འཛིན་ཕྲེང༌། ། སྐབས་འགར་རི་ལྡེབས་ཁད་ཀྱིས་རྒྱུ་བ་ནི། ། ལི་ཤིའི་ཚལ་ན་སྤོས་ཀྱི་གླང་པོ་བཞིན། ། སྐྱེ་རྒུའི་གདུང་སེལ་སྤྲིན་གྱི་ཡོལ་བ་ཆེ། ། ཉི་མས་གདུངས་པའི་རྔུལ་ནག་གིས་བརླན་པ། ། ཐིགས་ཕྲེང་མཛེས་མའི་འགྲམ་ཆང་གིས་འབྱེད་པས། ། དུས་ཀྱི་བ་ཀུ་ལ་ཡི་ལང་ཚོ་བརྟས། །

མཁའ་དབྱིངས་སྤྲིན་སྔོན་རལ་བའི་དོ་ར་ལ། ། དབྱར་གྱི་རྔ་བསངས་བརྡུངས་པའི་འགྲོས་བསྟུན་ཏེ། ། བདེ་ཐུང་གློག་གི་བུ་མོས་གར་ལ་རྩེན། ། ཟིལ་ཟིལ་སྤྲིན་གྱི་མེ་ཏོག་ཕྱོགས་ཀུན་འཐོར། །

དེ་ལ་སྡང་སེམས་སྐྱེས་པའི་ནོར་འཛིན་མས། ། སྔོ་ལྗང་དོ་རར་ཁུ་བྱུག་གླིང་བུ་སྒྲོག ། རྨ་བྱས་སྒྲོ་ཟླུམ་ངོམས་པའི་གར་ལ་རྩེན། ། སྣ་ཚོགས་འདམ་སྐྱེས་མཛེས་པའི་ཤམ་བུ་འཛུམ། །

སྣ་ལྔའི་འབྲུ་ཡིས་གཏམས་པའི་ཞིང༌།། ནེམ་མདངས་འཛུམ་པའི་ལྗང་ལོ་ནི།། རླུང་གིས་བསྐུལ་པའི་གཡུ་མཚོ་ཡི། ། རླབས་ཀྱི་རྩེད་དགའ་རྒོད་པ་བཞིན། ། བདེ་འབྱུང་རལ་པའི་གདེངས་ཀ་ནས།། དལ་གྱིས་འབབས་པའི་གངྒཱ་མས། ། མཚོན་ནུས་མ་ཡིན་མདོ་ཁམས་ཀྱི། ། རྫ་ཆུ་གཙང་པོའི་གཟི་རྔམས་ལ། །

ཨིནྡྲ་ཞུན་མའི་རྒྱུན་བཟང་གིས། ། དགྲ་ཟླར་འཛིན་པའི་ཉལ་འགྲོ་གང༌། ། གཡུ་འབྲུག་ས་ལ་འཁྱུག་པ་བཞིན། ། ལྷུག་ལྷུག་འབབས་པའི་ཉམས་སྒེག་འཆང༌། །

ཛམྦུ་ནཱ་དའི་དལ་འབབ་དང༌། ། ལམ་གསུམ་འབབས་པའི་གསེར་ལྡན་མ། ། རྫ་ཆུ་གཙང་པོའི་གཟི་རྔམས་རྣམས། ། ཕན་ཚུན་རྣམ་པར་འགལ་བ་འཛིན། །

ཆུ་མིག་རྟིང་ཀ་རྟ་ཆུ་དང༌། ། ན་ཆུ་སྤང་ཆུ་རི་ཆུ་སོགས། ། དྭངས་གཙང་བརྒྱད་ལྡན་བདུད་རྩིའི་དཔྱིད། ། སྐྱེ་རྒུའི་གདུང་སེལ་སྐྲུན་པ་མང༌། ། འཆི་མེད་རྫིང་རིང་ས་ལ་འཁྱིལ་བའམ། ། བཻཌཱུར་སྔོན་པོའི་འཇིག་རྟེན་ལ་འགྲན་པའི། ། མུ་མཐའ་བྲལ་བ་ཟླ་བའི་མ་མ་དང༌། ། ཡི་འོངས་མཚེའུ་དུ་མས་ཀུན་ནས་སྐོར། །

ལེགས་བྲིས་མིག་མང་རིས་སུ་བཀྲ་བ་ལྟར། ། ཁོ་ལག་ཡངས་པའི་གྲོང་དང་གྲོང་རྡལ་དག ། གསེར་རིའི་ཁྲོད་ན་སྔོན་གྱི་ལྷ་ཡི་གྲོང༌།། ། ལྟ་ན་སྡུག་པ་ཡིས་ཀྱང་འགྲན་བཟོད་མིན། །

རྣམ་སད་སུམ་རྩེན་ཞིང་གི་སྙེམས་པ་ཀུན། ། གཅིག་ཅར་འཕྲོག་བྱེད་དཀར་མཛེས་གྲོང་རྡལ་ན། ། ནོར་ལྷའི་ཁེངས་པ་བྱེ་མའི་ཆངས་བུ་ལ། ། སྒྱུར་བྱེད་རིན་ལྡན་ནོར་གྱི་འཚོང་ཟོག་མང༌། །

ལྷ་དབང་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། ། བརྟན་པོའི་ཐུགས་བསྐྱེད་ཡོངས་འདུའི་གསེར་ཤིང་ལས། ། སྨིན་པའི་མདོ་ཁམས་བཅུ་གསུམ་ཆོས་ཀྱི་སྡེས། ། གསེར་སྦྱངས་གཙང་མས་ནོར་འཛིན་ཤིས་པ་སྒྲུབ། ། རིས་མེད་ས་རྙིང་བཀའ་འབྲུག་བོན་ལ་སོགས། ། བཤད་དང་སྒྲུབ་པའི་ཆོས་སྡེ་ནོར་བུའི་ཕྲེང༌། ། འཇིག་རྟེན་མུན་པའི་གདུང་སེལ་འོད་སྣང་འཛུམ། ། ལྷམ་མེར་འཕྲོས་པས་རྒུད་ཚོགས་འཇོམས་ལ་བྲེལ། །

གསེར་རིའི་དབུས་ན་གསེར་གྱི་ལྷུན་པོ་བཞིན། ། དཀར་མཛེས་བཤད་སྒྲུབ་རླབས་ལྡན་ནོར་བུའི་གླིང༌། ། ལུང་རིགས་གདེངས་ཀའི་གཟི་མདངས་རབ་འབར་བའི། ། རིགས་གྲོལ་ཀླུ་དབང་བྱེ་བས་རྩེད་དགའ་རྒོད། །

རི་དྭགས་རྒྱལ་པོ་སྟག་གཟིག་དོམ་དྲེད་རྐྱང༌། ། གངས་དང་རྫ་སྐྱེས་གཡག་རྒོད་རུ་ཐུར་གཟེར། ། ཤྭ་གནའ་གླ་དགོ་ཁ་ཤྭ་རྩེད་ཁྱུ་མཛེས། ། ཅང་ཤེས་རྟ་ལུག་འབྲི་མཛོ་ར་ལུག་མང༌། །

ཁུ་བྱུག་ནེ་ཙོ་འཇོལ་མོ་སྙན། ། ངང་པ་ངུར་སེར་ཁྲུང་ཁྲུང་འཕྱོ། ། མཐིང་རིལ་ཁྱིམ་བྱ་རྨ་བྱ་མཛེས། ། གཞན་ཡང་འདབ་ལྡན་བགྲང་ལས་འདས། ། དཀར་དཀར་ཁ་བའི་སྨད་ཁམས་མཛེས་ལྗོངས་ལ། ། མང་མང་རི་སྐྱེས་འདབ་ལྡན་མ་བོས་པར། ། མཛེས་མཛེས་ལེགས་བྲིས་ཞིང་བཟང་ལ་འཁྲུལ་ཏེ། ། མྱུར་མྱུར་རྐང་གཤོག་ལྡེམ་པས་བྲེལ་བར་སྙམ། །

དེ་ཚེ་དེ་དག་གངས་དང་ནགས་ཀླུང་སོགས། ། གང་ཞིག་གང་འདོད་གླིང་དུ་ཞུགས་པ་ན། ། ལེགས་བྲིས་ལེགས་ལྡན་ཞིང་གི་སྙེམས་པ་ཡང༌།། ། དོན་མེད་དོན་གྱིས་ཞིག་པ་མིན་ནམ་སྙམ། །

རང་བྱུང་ཁམས་ཀྱི་ཐོན་ཁུངས་ལས་བྱུང་བའི། ། གསེར་དངུལ་ཟངས་ལྕགས་དངུལ་ཆུ་ཞ་ཉེ་ཁྲོ། ། རྡོ་སྣུམ་རྡོ་སོལ་སྣ་ཚོགས་ནོར་བུས་མཚོན། ། ས་འོག་བསྡུས་པའི་འཛད་མེད་གཏེར་གྱིས་ཕྱུག །

མདོ་ཁམས་དཀར་མཛེས་ལྗོངས་ཀྱི་ས་འོག་གི ། ཁྱད་ནོར་འབུམ་གྱིས་ཕྱུག་པའི་དབྱིག་གི་གཏེར།། ཕྱུར་བུ་གཏམས་པའི་ཕུན་ཚོགས་འདི་མཐོང་ཚེ།། ངལ་བསོའི་བུ་ཡང་བྱང་གི་ཕྱོགས་སུ་ཡིབས། ། དེ་ཚེ་ལེགས་བྲིས་ཞིང་གི་གཞོན་ནུ་རྣམས།། མི་ཡི་ནོར་འཛིན་ཕང་པའི་མཛེས་སྡུག་ལ། ། ཤིན་ཏུ་ཆགས་ཏེ་མེས་པོ་མཆོད་པ་ཡང༌།། ། དོར་ཏེ་འཇའ་ཡི་དཔྱང་ཐག་ཐུར་དུ་བསྟར། །

གདོང་བཞིས་དམོད་ཚིག་རླུང་གིས་བཏབ་པའམ།། དབང་པོས་ཞོ་འཐུང་རུས་པས་བཞུས་བྱས་ཏེ། ། མི་ཡི་འཇིག་རྟེན་འགྲིན་པའི་སྐས་ཀ་གང༌།། ། སྣ་ལྔའི་འཇའ་ཚོན་འཁྱོག་པོར་བསྒྱུར་ཏམ་སྙམ།།

མདོ་ཁམས་ཏྲེ་ཤོད་གསེར་ལྗོངས་འཛིན་མའི་ཁམས། ། བསྔགས་འོས་དགེ་ལེགས་བྱེ་བའི་རླབས་གཡོ་བས། ། ཆུ་གཏེར་རྣམ་བཞིའི་མཐའ་ལ་རྒོལ་བ་ལས། ། ཀུ་ཤའི་རྩེ་མོས་ཆེ་ལོང་ཙམ་ཞིག་བླངས། །

བལྟ་ན་སྡུག་པའི་རང་གི་སྐྱེས་ཡུལ་ལ། ། ཕྲ་ཞིང་ཞིབ་འབྲིའི་བསྔགས་བརྗོད་མེ་ཏོག་ཕྲེང༌། ། བྲེལ་མེད་དལ་བུར་བགྲང་བར་ཆེས་འདོད་ཀྱང༌།། ། དུས་ཀྱི་ཁོམ་པའི་གཞན་དབང་སུས་ཟློག་ནུས། །

དེ་སྐད་རང་གི་མཛེས་ལྗོངས་ལ་བསྔགས་པའི། ། བཻཌཱུརའི་རྒྱུད་མངས་སྟོང་གི་སྒྲ་དབྱངས་འདི། ། ངག་དབང་དབྱངས་ཅན་དགྱེས་པའི་བློ་ལྡན་གྱིས།། ལྷོ་ཕྱོགས་མ་ལ་ཡི་རི་ནས་བྲིས། ། ༡༩༩༥།༤།༡༤ ཉིན།



སྨོན་ཚིག་གཡས་འཁྱིལ་དུང་གི་སྒྲ་དབྱངས།

རབ་མཛེས་མཛེས་སྐུ་སྐུ་མཆོག་མཆོག་གསུམ་གསུམ་རྩེན་མགོན། ། ལེགས་གསུང་གསུང་འཇམ་འཇམ་དབྱངས་དབྱངས་སྙན་སྙན་འགྱུར་འབུམ།། རྣམ་ཀུན་ཀུན་མཁྱེན་མཁྱེན་རབ་རབ་འབྱམས་འབྱམས་ཀླས་པ། ། དགེ་ལེགས་ལེགས་ཚོགས་ཚོགས་ཞིང་ཞིང་མཆོག་མཆོག་དེ་བསྔགས།།

སྣ་ཚོགས་རིན་ཆེན་ཕྲ་ཚོམ་གྱིས་སྤུད་པའི། ། གང་གི་ཡི་འོང་མཐོང་གྲོལ་མཚན་དཔེའི་སྐུ། ། བློ་གསལ་མཁས་མང་བྱེ་བའི་གླིང་ཆེན་དུ། ། མཛེས་པར་བསྐྲུན་པའི་རླབས་ཆེན་དགེ་བའི་མཐུས། །

རྣམ་དཀར་དཀར་མཛེས་མཛེས་ལྗོངས་ཞིང་འཁྲུངས་འཁྲུངས་གསར་གསར་ཚེས་ཟླ་བའི་འཛུམ།། བདུད་ཀྱིས་མི་ཐུབ་ཐུབ་བསྟན་བསྟན་འཛིན་འཛིན་མ་བྱེ་བའི་རལ་པའི་རྒྱན།། དཔལྡན་ལེཊ་གསུང་གསུང་འཇམ་འཇམ་དབྱངས་དབྱངས་ལྡན་ངག་གི་དབང་ཕྱུག་དཔལ།། དགྱེས་པར་སྐྱེད་མཁས་མཁས་གྲུབ་གྲུབ་དབང་དབང་པོའི་ཞིང་གི་མགོན་དེ་ཡི།། མི་མཉམ་བསོད་ནམས་སྐབས་གསུམ་གླང་པོའི་གཙུག ། ལུང་རིགས་ཞོ་འཐུང་རུས་པ་ལྡིང་བཞིན་གྱིས། ། ཐུབ་བསྟན་ཆོས་བཟང་ཞིང་གི་ཀུན་དགའི་དཔལ། ། མི་ནུབ་འཆི་མེད་མགོན་དུ་མཛེས་གྱུར་ཅིག །

ཅེས་པ་ནི་མཉམ་མེད་ཤཱཀྱ་སེངྒེའི་ཉན་ཐོས་ཆེན་པོ་འཕགས་པ་ཀཏྱཱ་ཡ་ན་ནས་གཞན་དྲིང་མེད་པའི་བསྟན་དང་འགྲོ་བའི་མགོན་དུ་སྨན་པའི་སྐྱེས་རབས་ཕྲེང་བ་ཟོལ་མ་ཆད་དུ་བྱོན་པའི་གངས་ཅན་མདོ་ཁམས་དཀར་འཛེས་འཁྲུངས་གསར་རིན་པོ་ཆེ། ྋབསྟན་འཛིན་ངག་གི་དབང་ཕྱུག་དཔལ་བཟང་པོ་མཆོག་གིས་རབ་བྱུང་བཅུ་བདུན་པའི་བགྲང་བྱ་ཉག་ལ་གསུམ་པ་དཀར་པོ་ཞེས་པ་ས་སྦྲུལ་ལོའི་ཆུ་སྟོད་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པའི་ཚེས་བཟང་ཉིན་རབ་འབྱམས་གཞུང་བརྒྱ་སྨྲ་བའི་དགེ་བཤེས་གཏོང་རྩའི་སྒོ་འཕར་ནམ་མཁའ་མཛོད་ལྟར་ཕྱེས་པ་དང་སྟབས་བསྟུན་ཏེ་འཇམ་དབྱངས་གཞོན་ནུའི་སྐུ་བརྙན་འདི་བཞིན་གྲྭ་ཚང་དུ་སྤྱི་འཇོག་མཛད་སྐབས་དགེ་བསྔོའི་སྨོན་ཚིག་ཏུ་འཇིགས་མེད་པས་སྤེལ་བ་དགེ།

བརྩེ་དུང་གི་མཐའ་མཇུག

གཞོན་ནུའི་ཁ་སྦྱོར་ཞབས་བྲོ་འཁྲབ་པའི་ལྡིང་ཆའི་སྟེང༌།། ། ཁྱོད་ཀྱིས་ང་ལ་ཐེར་ཟུག་འཕེན་པའི་མིག་ཞགས་དང༌། ། ང་ཡི་ལག་པའི་གླང་སྣ་ཁྱོད་ལ་བརྐྱངས་པ་དེ། ། ཁྱེད་ཀྱི་དྲན་འཛིན་མེ་ལོང་ངོས་ལ་ཡལ་མི་སྲིད། །

མེ་ཏོག་ལྡུམ་ར་དག་ཏུ་ཕན་ཚུན་ལག་མེལ་གྱིས། ། བུང་བ་དག་དང་སྙན་འཇེབས་འགྲན་པའི་གླུ་དབྱངས་ནི། ། ལེན་ཞིང་ལེན་ཞིང་རྩེན་དགའི་གར་གྱིས་འོ་བྱེད་དེ། ། ཁྲུས་རྫིང་ཆུ་རྩེད་དེ་ཀོ་ཁྱོད་ཀྱིས་བརྗེད་མི་སྲིད། །

ཁྱོད་ཀྱི་ཕ་མའི་བརྩེ་བས་བྱིན་པའི་བསླབ་བྱ་དང༌། ། ལྷན་ཅིག་ཁྲིམས་དཔོན་ཞབས་རྡུལ་རེག་པ་ལས་བྱུང་བའི།། གཉེན་སྒྲིག་གན་འཛིན་ས་རྟགས་མཛུབ་རིས་མེ་ཏོག་ཕྲེང༌།། ཁྱོད་ཀྱི་ལག་པ་ཟུང་གིས་ང་ལ་བསྐོན་པར་བྱས། ། ང་ཡི་ཡོད་ཚད་ཁྱོད་ཀྱི་སྲོག་གི་རྒྱན་དུ་ཕུལ།། ཁྱོད་ཀྱི་མདུན་ལམ་ཡོད་ཚད་ང་ཡི་རྐང་པར་བཏེགས།། དེ་ཚེ་གཉེན་སྒྲིག་རྟེན་འབྲེལ་མཛད་སྒོའི་སྟོན་མོ་ལ།། ཕུན་ཚོགས་དགའ་བའི་བཀྲ་ཤིས་གླུ་གར་མེ་ཏོག་འཐོར།།

མཛའ་གཅུགས་གསེར་གྱི་སྐུད་པས་རྒྱུས་པའི་གཞོན་ནུ་ཟུང༌།། ནོར་འཛིན་ཕྱོགས་ཀྱི་འཁོར་ལོར་སྤྲོ་འཁྱམས་བསྐྱོད་པ་ན།། གནམ་མཐོངས་རྒན་མོས་སྤྲིན་གོས་གསེབ་ནས་ཁྲེལ་དགོད་བྱེད།། ཆུ་གཏེར་རླབས་ཀྱིས་འཕྱ་སྨད་མཆིལ་མའི་ལྦུ་བ་འཐོར།།

གནམ་མཐོངས་ས་ལ་འཕོས་འདྲའི་གྲོང་ཁྱེར་བྷོ་བྷེ་ན།། མི་རྣམས་སྟོན་ཀའི་སྤྲིན་གྱི་འདུ་ལོང་གཡོ་བའི་གསེབ།། ང་ཡི་ཟུར་ནས་ཁྱོད་ཀྱིས་ཁོ་ལ་ཟུར་མིག་བཅས།། སྨྲས་པའི་དབ་དིབ་ཚིག་དེས་བདག་ཡིད་དཔྱང་ཐག་གྱུར།།

ཅི་སླད་ཟླ་བཞིན་ནག་ནོག་མཚན་མ་འཛིན་པར་བྱེད།། ཅི་ཕྱིར་རི་དྭགས་མིག་གིས་བདག་ལ་སྡང་མིག་ལྟ།། ཅི་སླད་བིམ་པའི་མཆུ་ཡིས་ང་ལ་མཆིལ་ཞགས་འཕངས།། ཅི་ཕྱིར་བུང་བའི་སྐྲ་ལོ་ཁོ་ན་སྟོན་པར་བྱེད།། ལོས་བདེན་དེ་ནི་ཁོ་ཡི་སླུ་བྲིད་གཏམ་གྱི་ཆང༌།། ཁྱོད་ཀྱིས་འཐུང་བས་རང་དབང་བྲལ་པ་མྱོས་ཟིན་པས།། ད་ནི་ཁྱོད་ཀྱིས་བདག་ལ་འཛུམ་པར་བྱེད་ན་ཡང༌།། དེ་ནི་ཁོ་བོས་ཟོལ་གྱིས་བཅོས་པའི་རྣམ་འགྱུར་ཤེས།།

ཁྱེད་དང་རྩེ་དགའ་རོལ་བའི་སླད།། ཁོ་བོ་གཅིག་བུ་ཁྱོད་དང་འགྲོགས།། སྒྲ་མེད་མུན་པའི་གོ་ར་ནས།། ཁྱོད་མཉམ་སུ་དང་སྨྲ་བར་བྱེད།།

བདག་པོ་འབྲལ་འདོད་འཁྱོག་འགྲོའི་ཐབས།། སྣ་ཚོགས་སློབ་པའི་ཟུར་འགྲོས་མཁན།། མིག་སྨན་གོས་ཀྱིས་བསྟིམས་ན་ཡང༌།། ཁྱོད་ཀྱི་ཕྱི་བཞིན་འགྲོ་བ་མཐོང༌།།

ཕྱི་མིག་ཙམ་ཡང་མ་ལྟོས་པར།། ཁོ་དང་དཔུང་པ་མཉམ་གཤིབ་ཀྱིས་གྱིས།། སྣུམ་འཁོར་ནང་དུ་ཁྱོད་སྐྱོད་པ།། འདི་ནི་རྨི་ལམ་མ་ཡིན་དངོས།། གང་ཞིག་རང་གི་བདག་པོའམ་མགོན།། ཁྲེལ་ཡོད་ངོ་ཚའི་གོས་བཟང་དང༌།། མཉམ་དུ་བོར་ཏེ་ཁྱོ་གཞན་གྱིས།། གང་དུ་འཁྲིད་དམ་ཀྱེ་མ་ལྷ།།

ཁོ་བོའི་འདས་པའི་མི་ཚེ་ཕལ་ཆེ་དེ།། སྐྱེད་མོའི་ཚལ་དུ་གླུ་གར་བྲན་ཏེ་རྫོགས།། རྫིང་བུའི་ཆུ་ལ་ཁྲུས་རྩེད་རོལ་ནས་འདས།། དེ་ཀུན་ཁྱོད་ཀྱིས་བསླུས་པའི་འཕྲུལ་དུ་ཤེས།།

རེད་ལགས་བདག་གི་མི་ཚེ་མདུན་ལམ་གྱི།། ཀྱག་ཀྱོག་ལྗན་ལྗིན་གང་བའི་མགོ་དེ་ནས།། ང་ཡི་འདི་སྣང་སྲིན་མོའི་མིག་འཕྲུལ་གྱི།། བདེ་དགའི་འཁྲུལ་སྣང་མཇུག་ཀྱང་དེ་ནས་སོ།།

སྤྲོ་སྐྱེད་བྱིས་པའི་ཤ་ཚུགས་མ་དོར་བར།། ཤེས་ཡོན་སློབ་པའི་གྲྭ་ནས་བྲོས་བྱོལ་གྱིས།། ཁྱོད་ཉིད་དགྱེས་ཕྱིར་གླུ་གར་རྩེན་པ་དེས།། མི་ཚེ་འདི་ནི་རྨི་ལམ་ཇི་བཞིན་རྫོགས།། མེས་པོས་ཤུལ་དུ་བཞག་པའི་ཕུག་ནོར་དང༌།། བརྩེ་སེམས་བྱམས་ལྡན་ཕ་མའི་སྐུ་ཡི་ཚེ།། སྙན་འཇེབས་རོལ་དབྱངས་ལེན་པའི་གྲེ་འགྱུར་ཀུན།། དུས་ཀྱི་ཆོས་ཅན་ཉིད་དུ་གཞི་ནས་ཤེས།།

ཁྱོད་ཉིད་དགྱེས་ཕྱིར་གླུ་གར་རོལ་མོར་རྩེན།། ཁྱོད་དང་མཛའ་སླད་གཞན་དང་འབྲེལ་བ་དོར།། ཁྱོད་རེ་སྐོང་ཆེད་དཀའ་བའང་ཁུར་དུ་བླངས།། ད་ཀོ་མི་ཚེ་འདི་ཡི་ངང་ཚུལ་ལྟོས།།

ད་ལྟར་ཁྱི་དང་ལྷན་ཅིག་འཚོ་སྤྱོད་ཅིང༌།། རི་ལིའི་འབབ་ཚུགས་ཕ་ཁྱིམ་ཚབ་བྱས་ཏེ།། སྡོད་པའི་ཇོ་བོ་བདག་ལ་ཁྱོད་ཉིད་ཀྱིས།། བརྩེ་བའི་མིག་ཞགས་ནམ་ཡང་འཕེན་མི་སྲིད།།

འོན་ཀྱང་འདི་ཡི་ལན་པ་ཁྱོད་ལ་མེད།། འདི་ནི་ཁྱོད་ཀྱིས་ཆེད་དུ་བྱས་པར་མིན།། འདི་ཀོ་རང་གི་རང་ཉིད་བསླུས་པ་སྟེ།། དེ་སླད་ཁྱོད་ལ་འཁོན་པའི་འོས་མ་མཆིས།། མཆོད་པར་བྱེད་དོ་སྤོས་དང་མེ་ཏོག་གིས།། གདུང་དབྱངས་དང་བཅས་དུར་སའི་པུར་སྒམ་ལ།། དེ་ན་གནས་པའི་ཕ་མེས་རྣམ་ཤེས་ཀྱིས།། མི་མངོན་དབྱིངས་ནས་ཚིག་གི་ཕོ་ཉ་གསོན།།

ཕ་མས་བཞག་པའི་གཅེས་ནོར་ལོངས་སྤྱོད་དང༌།། རིན་ཐང་བྲལ་བའི་བསླབ་བྱའི་མེ་ཏོག་ཕྲེང༌།། གཏོང་ཕོད་ལག་པས་ཁོ་ལ་བརྒྱན་བཀོད་པས།། ད་ཀོ་འདོ་མེད་བུ་ངའི་ངང་ཚུལ་གཟིགས།།

འོན་ཀྱང་འདི་ནི་རང་གིས་བྱས་པ་ལས།། ལན་པའི་ཁག་འཁྲི་ཕ་མེས་རྣམས་ལ་མེད།། བསླུས་པའི་འཁོན་འཛིན་མཆིས་འབྲང་ལའང་མིན།། དེ་སླད་འདི་ནི་རང་གི་ལན་པ་ལགས།།

ཉམ་ཆུང་བུ་ངས་སྤོས་དང་མེ་ཏོག་གིས།། མཆོད་པར་བྱེད་ན་ཕ་མའི་རྣམ་ཤེས་ཟུང༌།། པུར་སྒམ་ནང་ནས་འཇའ་འོད་ལ་འཁྱུད་དེ།། བུ་ལ་མཐའ་མའི་སློབ་སྟོན་སླར་ཡང་གནང༌།།༡༩༩༤།༩།༨ ཉིན་ལ་བྲིས།

ཉམ་ཆུང་གི་གསང་འཕྲིན།

--L། Sü ལ་ཕུལ་བ། རིང་ནས་ཁྱོད་ཉིད་བདག་ཡིད་ལ།། འཐད་པར་གྱུར་ཏོ་ཀ་ཡེ་གྲོགས།། འོན་ཀྱང་དེ་སྐད་རྗོད་པའི་འདབ།། བྲ་བའི་མཇུག་མའི་ཚོད་ལ་གཞལ།།

ཁྱོད་ཉིད་རྒྱང་ནས་མཐོང་བ་ན།། རེ་བའི་ཞགས་པས་མདུན་བསུས་ཏེ།། བརྩེ་བའི་ཡིད་ཀྱིས་དམ་དུ་འཆིང༌།། མིག་ཟུང་གཡོ་མེད་ཏིང་འཛིན་རོལ།།

ཁྱོད་ཉིད་འགྱིངས་པའི་སྟངས་སྟབས་སྐུ།། ཁོ་བོའི་མདུན་དུ་སྒྱུར་བ་ན།། ཞུམ་པའི་མཆིལ་མས་རབ་གནངས་ཏེ།། སྨྲ་བྱེད་གཡོ་བའི་གོ་སྐབས་འཕྲོག། ལམ་དུ་ཐུག་འཕྲད་བྱུང་བ་ན།། ཟུར་མིག་སྤོབས་པ་རིང་དུ་གྱུར།། གྲིབ་མ་ཙམ་ལའང་གཟུར་བ་ཡི།། ཉམ་ཆུང་ཁོ་བོའི་ཚུལ་ལ་ལྟོས།།

རིང་ནས་ཁྱོད་ལ་ཞེན་པའི་རེ་སྒུག་གཏམ།། ཆིག་ལབ་དབྱངས་སུ་གྱེས་པ་དྲི་བཞོན་གྱིས།། རྐང་འཐུང་བུ་མོའི་རྣ་བར་བཏགས་པ་ལས།། འཕྱ་སྨད་དགོད་པས་ཡོམ་ཡོམ་གཡོ་བར་བྱེད།།

དེ་སླད་ཁེར་རྐྱང་ཆིག་ལབ་བྱེད་པ་ཡི།། སྤོབས་པ་ཙམ་ཡང་རྙེད་པར་མ་གྱུར་ཏེ།། གང་ཞིག་འདོད་པའི་གཏམ་གྱི་ཕྲེང་བ་ནི།། སྨྲ་བ་མ་ནུས་ཁ་ཡོད་ལྐུགས་པ་ང༌།།

འོན་ཏེ་ཀུན་རྟོག་འབྱུང་ཁམས་འཁྲུགས་པའི་ཀློང༌།། རྗོད་འདོད་རླུང་གིས་བསྐུལ་བའི་ཡལ་འདབ་ཀྱིས།། དམ་དུ་འཁྱུད་པའི་སྨྱུ་གུའི་རྩེ་མོ་ནས།། རི་མོའི་གཟུགས་སུ་སོང་བར་སུ་ཡིས་བཤུང༌།།

ཕུན་ཚོགས་ལྷ་ཡིས་སྲུང་འོས་གང་དེ་ལ།། རང་མིང་སྨྲས་པར་འཇིགས་པའི་ཟོལ་བཟུངས་ཏེ།། སྒྲ་མེད་སྨྱུ་གུའི་རྩེ་ལ་དབང་བསྒྱུར་ནས།། གསང་འཕྲིན་བྱུང་རྒྱལ་གཏམ་ཕྲེང་འདི་བཏེགས་སོ།། ༡༩༩༤།༩།༡༢ ཉིན་འབྲས་སྤུངས་སུ་བྲིས།



གནམ་ལོ་གསར་ཚེས་ཀྱི་ཆེད་རྩོམ་དྲི་ཟའི་གླིང་བུ།

དགེ་ལེགས་གནམ་ལོ་གསར་པའི་ལྷ་ཡི་ལམ།། དགེ་མཚན་མཛད་སྒོ་གསར་པའི་ཆུ་འཛིན་ལས།། དགེ་ལེགས་རྟེན་འབྲེལ་གསར་པའི་གྲུ་ཆར་གྱིས།། དགེ་མཚན་ལེགས་ལམ་ཀུན་བཟོད་རབ་བརླན་བྱས།།

དགེ་ལེགས་རབ་སྨྱོས་ལོ་ཡི་དུས་མགོ་འདིར།། དགེ་མཚན་རྟ་ལྗང་འབར་བའི་འོད་རྣོན་གྱིས།། དགེ་ལེགས་རྫོགས་ལྡན་མང་རྩིའི་རྒྱལ་མཚན་མཛོད།། དགེ་མཚན་ལྷར་བཅས་རྐང་དྲུག་གཞོན་ནུའི་དཔྱིད།།

བཀྲ་ཤིས་གནམ་ལོ་གསར་པའི་རྫིང་བུ་རུ།། བདེ་ལེགས་འཛམ་གླིང་ཞི་བའི་མཚོ་སྐྱེས་ལ།། ཕུན་སུམ་ཚོགས་པའི་བོད་ལྗོངས་རང་དབང་བཅུད།། ཤོག་ཅེས་མ་བསྐུལ་དུས་ཀྱིས་ཡོངས་སུ་སྨིན།།

གནམ་ལོ་གསར་པའི་དཔྱིད་ཀྱི་མཛེས་སྡུག་ལ།། བསིལ་ལྡན་རྒན་མོ་སྐྱེངས་པས་མ་བཟོད་པར།། བག་ལ་ཡིབས་པའི་གོ་སྐབས་ལས་ཐོབ་པའི།། དཔྱིད་དཔལ་དགའ་མར་རེག་པའི་བདེ་དྲོད་རྙེད།།

རྗོད་འདོད་སྐུལ་བྱེད་དྲི་ཟའི་གླིང་བུ་ལ།། མཉེན་གཅུགས་སོར་མོའི་ཡལ་འདབ་གཡོ་བ་ལས།། སྡེབ་ལེགས་འདོད་རྒུ་སྒྲོགས་པའི་དབྱངས་སྙན་ཚིག། གནམ་ལོ་གསར་ཚེས་ཆེད་རྩོམ་དཔལ་དུ་བསྲིངས།།


དྲན་པའི་བསིལ་ལྗོངས།

དགུན་དུས་བསིལ་རེག་རླུང་གིས་བཏབ་པའི་ཆུ་འཛིན་དག་ནི་འདར་ཞིང་གཡོ།། ཙམ་པ་ཀ་ཡི་མེ་ཏོག་ཇི་བཞིན་ཁ་བའི་འདབ་མ་ལྷུང་ལྷུང་འབབ།། རྨ་ཆེན་སྒང་དྲུག་ཧི་མ་ལ་ཡ་ཏི་སེ་གངས་ཀྱི་རི་བོ་རྣམས།། བ་སོའི་ཀ་བ་གྱེན་དུ་སློང་ལྟར་མཐོ་སྙེཊ་གནམ་མཐོངས་དབྱིངས་སུ་བཏེཊ།།

ལྷུན་ཆཊ་སྲིད་པའི་གངས་ཀྱི་རི་ཕྲན་བསྟར་ཆགས་བསྒྲིག་པའི་ཕྲེང་བ་དག།། ས་སྲུང་ཐལ་དཀར་གཞོན་ནུའི་མཆེ་བ་དགུང་ལ་བཏེཊ་པའི་སྒེག་ཉམས་གསལ།། ཁ་བའི་འཇིག་རྟེན་ཡོངས་སུ་རྫོགས་པའི་བསིལ་ལྡན་ར་བའི་ནོར་འཛིན་ཁྱོན།། ནག་ནོག་དྲི་མས་ཡོངས་སུ་བཏང་བའི་རབ་དཀར་གཡང་ཊིའི་གཞོང་བ་བཞིན།།

ཤེལ་དཀར་ལྕུག་ཕྲན་གཞོན་ནུའི་ལང་ཚོ་དལ་ལ་བབས་པས་མི་མཚོན་པ།། ཁ་བའི་མཛེས་པ་ཁུར་གྱིས་ལྕི་བའི་འདབ་ལྡན་ལྗོན་པའི་ལུས་ཕྲ་རྣམས།། བསིལ་རེག་ལྷཊ་པའི་གྲང་ངར་སྐྱོབ་ཕྱིར་སྲིན་བལ་ཕུང་པོའི་གོས་བཟང་ནི།། ཀུན་ནས་ཀླུབས་པའི་བརྟུལ་ཞུཊ་ལ་རེག་མིག་འོད་འཕྲོག་པའི་མཛེས་སྡུག་འཆང༌།། ཀུན་དགའ་ར་བའི་གསེར་གྱི་རྒྱ་ཕིབས་ཁ་བའི་གོས་ཀྱིས་ཀླུབས་པ་དེ།། རི་མོ་གསུམ་པའི་དྲང་སྲོང་དག་གིས་མ་ལི་ཀ་ཡི་མེ་ཏོག་ཕྲེང༌།། ཤིས་བརྗོད་སྨོན་ཚིག་ཁོག་ནས་རྒོད་པས་ལེགས་ལྡན་སྐྱེས་སུ་བཏེགས་པ་ལྟར།། རབ་མཛེས་བཀོད་ལེགས་ཡིད་ཀྱི་བཅུད་ལེན་ཕུན་ཚོགས་བྱེ་བའི་དཔྱིད་དུ་འཇོ།།

དུང་གི་བ་གམ་བརྩེགས་པའི་ཕོ་བྲང་ཟ་འོག་དཀར་པོའི་ཡོལ་བ་ཅན།། རབ་དཀར་དངུལ་གྱི་མདའ་མདུང་གདེཊ་ཆ་རྣོན་པོའི་མཚོན་དང་གོ་ཆ་ལྟར།། ཁ་བས་མཛེས་པའི་གདོད་མའི་རི་རྩེ་མགོ་བོའི་ལྷ་སྲུང་གནས་པའི་རྟེན།། དར་ཡོལ་འཕྱང་བའི་ཤེལ་གྱི་ཕོ་བྲང་ཇི་བཞིན་མིག་ལམ་ལྷག་པར་མཛེས།།

དྲི་མེད་ལྷ་རྫས་ཉིན་མོ་བདེ་ལེགས་གཡོ་བྱེད་མགོན་པོས་སྐུལ་བ་ལྟར།། རླུང་གིས་སྐྱོད་པའི་རབ་དཀར་སྨུག་སྤྲིན་སྲིད་པ་རྒན་པོའི་ལ་ཐོད་འཆང༌།། བཀོད་ལེགས་དབྱིབས་མཛེས་ལྟ་ན་སྡུག་པའི་གྲོང་དང་ཁང་ཁྱིམ་དེ་དག་ནི།། གཡས་འཁྱིལ་སྤུངས་པའི་ཕུང་པོ་ཇི་བཞིན་མཛེས་སྡུག་འབུམ་གྱི་སྙིང་པོ་འཆང༌།།

འཛམ་གླིང་མཐོ་སྒང་རལ་བ་དཀར་པོ་ཆགས་འཇིག་རླུང་གིས་བསྐྱོད་པ་ན།། གྲང་ལྷཊ་གསེབ་ཏུ་གངས་རིའི་མིག་ཆུས་ལྷུན་སྟུག་འཁྱགས་རི་མཐོན་པོ་སྐྲུན།། དྲི་མེད་དཔངས་མཐོ་འཁྱགས་པའི་ངོས་ལ་ཉི་གཞོན་འོད་སྣང་འཕོས་པ་ཡིས།། མིག་གི་གཟི་ལེན་དངུལ་འོད་དཀར་པོས་ཚངས་པའི་ཞིང་ཡང་གསལ་བ་སྙམ།།

དབྱར་གསུམ་རྦ་རླབས་རལ་བའི་མཚོན་གྱིས་ནོར་འཛིན་བུ་མོའི་ལྟོ་དྲས་པའི།། སྡིག་སྦྱངས་ཆེད་དུ་ལྷུང་ལྷུང་གླུ་ཡང་དགུན་གྱི་ཁུ་བྱུག་ལ་ལྟོས་ཏེ།། ས་ལ་འཁྱུག་པའི་གཡུ་འབྲུག་རྗེས་འབྲངས་དྭངས་གཙང་ཉལ་འགྲོའི་རྒྱུན་དག་ནི།། བསིལ་ལྡན་སྲ་མཁྲེཊ་འཁྱཊ་པའི་འོག་ཏུ་མི་སྨྲའི་བརྟུལ་ཞུཊ་སྒོམ་ནས་བཞུཊ།།

རྟ་ལྗང་བདག་པོ་གླིང་བཞིར་བགྲོད་པའི་ངལ་བས་གདུང་སྟེ་སྐམ་པ་ན།། ཡན་ལག་བརྒྱད་ལྡན་བདུད་རྩིའི་བཏུང་བ་ཉལ་འགྲོའི་བུ་མོར་འོ་འདོད་ནས།། འབུམ་ཕྲག་འོད་རྣོན་མཚོན་གྱིས་བཞུས་ཀྱང་འཁྱག་པའི་བསམ་གཏན་ཕོ་བྲང་གི། ཏིང་འཛིན་མལ་ལས་དཀྲོགས་པར་མ་ནུས་ངོ་ཚས་སྐྱེངས་ཏེ་ནུབ་རིར་ཡིབས།།

དེ་ཚེ་ལྷ་རྣམས་ཁ་བའི་འཇིག་རྟེན་དོན་དུ་གཉེར་བའི་བྲེལ་བ་ཡིས།། སྐབས་གསུམ་མཛེས་ལྗོངས་རིང་དུ་དོར་ཏེ་ཁ་བའི་ངང་པ་ལ་ཞོན་ནས།། གདོད་མའི་གངས་རིའི་ཁོར་ར་ཁོར་ཡུག་བཻཌཱུར་དཀར་པོའི་ཕོ་བྲང་ནི།། སྔར་མེད་དུ་མ་གསར་དུ་སྐྲུན་ཏེ་སྲིད་འདིའི་མཛེས་པ་སྤྱད་ཕྱིར་ལྷགས།།

ཨེ་མ་དེ་ལྟར་ཁ་བའི་ཕུང་པོ་ད་དུང་ནུབ་གཅིག་བབས་གྱུར་ན།། མི་མཇེད་ཛམྦུའི་གླིང་གི་ཁྱོན་འདི་ཚངས་པའི་ཞིང་དང་མཉམ་པར་ངེས།། ཀ་ཡེ་བྱེད་པོ་གཡེམ་མའི་བཞིན་ལ་ད་དུང་ཁྱོད་ཉིད་གཡེངས་དྲགས་ན།། ཚངས་པའི་ཞིང་ཡང་ཁ་བའི་འཇིག་རྟེན་འོག་ཏུ་གནོན་ལ་ཐེ་མི་ཚོམ།།

ཨེ་མ་བསིལ་ལྡན་ཁ་བའི་ཞིང་གི་ཕུན་ཚོགས་ལང་ཚོ་དེ་དྲན་ནས།། སད་ལ་མ་སད་ཉལ་ཁྲིའི་སྒང་ནས་རྔུལ་ནག་ཕར་ཕྱིས་ཚུར་ཕྱིས་ཀྱིས།། ལྷོ་མཐའི་ཚ་བ་འབར་བའི་ཡུལ་འདིར་མི་འདོད་བཞིན་དུ་སླེབས་པའི་དོན།། ཅི་ཞིག་ཡིན་སྙམ་བསམ་གཞིགས་ཀློང་ནས་སྙིང་གི་འཕར་རྩ་སླར་ཡང་ལྡིང༌།།

༡༩༩༤ །༩།༡༥ ཉིན་འབྲས་སྤུངས་ནས།


རི་བོང་གི་གདུང་འབོད།

ལྷུན་ཆགས་ཀྱི་ནགས་ཀླུང་གསེབ་ན།། དམར་སེར་གྱི་གཟི་མདངས་འབར་ཞིང༌།། ངར་སྒྲ་ཡིས་རི་ལུང་ཁེངས་པའི།། འཛུམ་དྲུག་གི་རྒྱ་སྟག་རྒན་པོ།། གཅན་གཟན་གྱི་གྲལ་ཚོགས་དབུས་ན།། འགྱིངས་སྟབས་ཀྱིས་དྲེགས་པ་ཁྱོད་རེད།།

འབྲོག་དགོན་གྱི་གཅོང་རོང་རྒྱུད་དེ།། བྱ་གླག་གི་གཤོག་འགྱུར་བར་ནས།། རྒྱུས་མེད་ཀྱི་ཚང་ཚིང་གསེབ་ཏུ།། ཚེ་སྲོག་གི་རྒྱུ་བ་འདར་བཞིན།། རྣམ་ཤེས་ཀྱི་བུ་མོ་འཁྱམས་པའི།། ཉམ་ཆུང་གི་རི་བོང་བདག་རེད།།

ཕྲག་དོག་གི་ཤ་ལ་མ་རྔམས།། ཁོང་ཁྲོ་ཡི་ཁྲག་ལ་མ་རོལ།། ཞེ་སྡང་གི་མཆེ་བ་མ་རྩིག། གཡོ་སྒྱུ་ཡི་སྡེར་མོ་མ་བགྲད།། ཉམ་ཆུང་བའི་རི་བོང་ཞིག་གིས།། ཡིན་ལུགས་ཤིག་བརྗོད་ན་ཨེ་རུང༌།།

ལྷག་བསམ་གྱི་སྤུ་རིས་དཀར་ཞིང༌།། རྣམ་དཔྱོད་ཀྱི་མིག་འབྲས་མཛེས་པ།། ཕྱི་ཐག་གི་རྣ་བ་རིང་ལ།། ལྷན་སྐྱེས་ཀྱི་ལུས་རྩལ་གོམས་པའི།། ཉམ་ཆུང་གི་རོ་བོང་ཞིག་ལ།། མཐོང་ཆུང་གིས་ཁྱད་གསོད་ཨེ་རུང༌།། བཅུ་ཕྲག་གི་ཁ་སྤུ་རིང་པོས།། ཟུང་ལྡན་གྱི་འདབ་མར་བརྒྱན་ཞིང༌།། སྐྱེས་སྦྱངས་ཀྱི་རྣ་རྩེ་རྣོན་པོས།། ལུགས་ཟུང་གི་ལ་རྒྱ་བཏེགས་པར།། བསྟོད་ཚིག་གི་གླུ་དབྱངས་མེད་ཀྱང༌།། རྩིས་མེད་ཀྱི་དམའ་འབེབས་ཨེ་རུང༌།།

གཡང་གཟར་གྱི་ཚང་ཚིང་གསེབ་ནས།། མཆོང་ལྡིང་གི་སྙིང་རླུང་གཡོ་ཞིང༌།། ཉམ་ཆུང་ལ་ཁྱད་གསོད་གོམས་པའི།། ང་རྒྱལ་གྱི་སེངྒེ་བཏུབས་པར།། བསྔགས་བརྗོད་ཀྱི་ཕྲེང་བ་མེད་ཀྱང༌།། སྐྱོན་འཛུག་གི་སྡིག་འཛུབ་ཨེ་རུང༌།།

རྙོག་འཛིང་གི་རྩིང་སྤྱོད་ཁྲོད་དུ།། སྙིང་སྟོབས་ཀྱིས་རང་ལུས་གྲུ་བཞི།། མེ་ཕུང་ལ་མཆོང་བར་བཟོད་པའི།། གཟེངས་བསྟོད་ཀྱི་རི་མོའི་གཟུགས་བརྙན།། ཟླ་ངོས་ལ་འབྲི་གནང་མེད་ཀྱང༌།། དམར་འབེབས་ཀྱི་སྡང་མིག་ཨེ་རུང༌།། བདུན་ཕྲག་གི་བགྲང་བྱའི་ཕྲེང་བར།། སྔོ་ལྗང་གི་སྤང་རི་མཐོན་པོར།། འཚེ་མེད་ཀྱི་རྩྭ་ཆུར་རོལ་ཏེ།། ཚེ་སྲོག་གི་རྒྱུ་བ་འཚོ་བར།། ཚང་ཚིང་གི་ནགས་མའི་གསེབ་ནས།། ཁྱད་གསོད་ཀྱི་འཕྱ་སྨད་ཨེ་རུང༌།།

ཨེ་རེ་ཌའི་ལྗོན་པའི་རྩེ་ནས།། རང་མཚང་གི་འཕོངས་དམར་སྟོན་ནས།། གཞན་སྐྱོན་ལ་སྨད་པའི་ཙིར་སྒྲས།། དབྱར་རྔ་ལ་རྒོལ་བར་བྱེད་པའི།། ནགས་གནས་ཀྱི་སྤྲེའུའི་ཁྱུ་ཚོས།། མཐོང་ཆུང་གི་གད་མོ་ཨེ་རུང༌།།

ཚང་ཚིང་དང་ནགས་ཀླུང་ཁྲོད་ནས།། སྔོ་ལྗང་གི་ནེམ་མདངས་འཛིན་པའི།། ལྗང་ལོ་ལ་རོལ་བའི་ཉམ་ཆུང༌།། འཚེ་མེད་ཀྱིས་བག་ཕེབས་གནས་པར།། མཆེ་སྡེར་གྱི་རྔམས་ཟིལ་བར་ནས།། ཚེ་སྲོག་ལ་རྒོལ་བ་ཨེ་རུང༌།། རང་མཐོང་གི་འུད་ཀྱིས་ཁེངས་པའི།། ཧམ་ལྡན་གྱི་ཨུ་ཚུགས་སྟག་གིས།། ཉམ་ཆུང་གི་བདེན་པའི་རི་བོང༌།། ཚེ་སྲོག་གི་ཟུང་ཁྲག་འཇིབ་ཀྱང༌།། རྣམ་ཤེས་ཀྱི་ལྷ་མོ་འཕུར་ཏེ།། ཟླ་བ་ཡི་ངོས་ལ་ཐིམ་འགྲོ།།

སྤྲིན་བྲལ་གྱི་ནམ་མཁའི་དབྱིངས་ནས།། དཀར་མཛེས་ཀྱི་ཟླ་བ་གཞོན་ནུའི།། འོད་ཞགས་ཀྱི་ཀྱོ་བ་རྣོན་པོས།། འཛུམ་དྲུག་གི་དྲག་ཉམས་བཀུག་ནས།། ཡིན་ལུགས་ཀྱི་བདེན་པའི་ར་སྤྲོད།། ལྷ་དབང་གི་མདུན་སར་ཞུ་འགྲོ།

1994,12,20 ལྷོ་ཕྱོགས་རྒྱ་མཚོའི་ཉེ་འགྲམ་ནས་བྲིས།།




དུས་རབས་ཞབས་བྲོ།

རེད་ལགས་འདི་ནི་དུས་རབས་གསར་པའི་ཞབས་བྲོ་ཁང༌།། སྣ་ལྔའི་ཚོན་མདངས་བཀྲ་བ་འདི་ཀོ་དེང་རབས་གློག། ཡིན་ལགས་བདག་ནི་གངས་རིའི་ཡུལ་གྱི་ཕོ་གསར་ཏེ།། ངས་ནི་དེང་རབས་ཞབས་བྲོ་འཁྲབ་སྟངས་གང་ཡིན་ཤེས།།

ཀ་བ་གདུང་མ་མེད་པའི།། ཁ་སྦྱོར་ཞབས་བྲོ་ཁང་དུ།། ག་ཡིན་འདི་ཡིན་མེད་པར།། ང་གཉིས་གྲོགས་པོ་ཆགས་སོང༌།།

ཅ་ཅོ་དེང་རབས་གཞས་ཚིག། ཆ་ལུགས་ཧྥེ་ཤོན་སྤྱོད་པས།། ཇ་མདོག་ཨ་རག་འཐུང་གིན།། ཉ་འཁྱུག་སྒྲན་སེ་འཁྲབ་སོང༌།། ཏ་ལའི་སྒྲ་སྙན་ཐོགས་པའི།། ཐ་གྲུ་མི་སྣ་འཛོམས་ས།། ད་ལྟའི་སྒྲན་སེ་ཁང་དུ།། ན་གཞོན་འཚང་ཀ་ཤིག་ཤིག།

པ་ལོ་སིལ་ལུ་བྱས་པའི།། ཕ་རོལ་ཡིད་ཀྱི་འཆིངས་བས།། བ་སོའི་ཚེམས་མདངས་ངོམས་ནས།། མ་སྡོད་ཕེབས་ཤོག་གསུངས་བྱུང༌།།

ཙ་ཀྲའི་དབྱིབས་ཀྱི་ལྡིང་ཆར།། ཚ་གདུང་ངོ་ཚ་འབར་བཞིན།། ཛ་རེ་ཛོ་རེའི་གོམ་སྟབས།། ཝ་ལེར་མདུན་ལ་ཕྱོགས་སོང༌།།

ཞ་ཡིག་འཁྱུག་པའི་རྐང་བྲོ།། ཟ་ཟིར་གླུ་དང་སྡེབ་སྟེ།། འ་འུར་ལྡིང་ཆའི་སྟེང་དུ།། ཡ་མེ་ཡོ་མེར་འཁྱོར་སོང༌།།

ར་བཟི་ཕོ་མོའི་གསེབ་ཏུ།། ལ་ལུང་བརྒལ་འདྲའི་སྣང་བས།། ཤ་རུས་གདོས་བཅསབྱལུསབྱའདི།། ས་ལ་རེངས་ནས་གཉིད་སོང༌།།

ཧ་ལའི་དུག་དང་འདྲེས་པའི།། ཨ་རག་འཐུང་གིན་འཐུང་གིན།། ཧ་ཅང་ཐལ་བའི་སྤྱོད་པས།། ཨ་མེས་ལ་རྒྱ་བརླགས་སོང༌།།

1995,1,10 ཉིན་མོན་གྷོ་ནས་བྲིས།




སྡིག་མཛུབ།

རེད་ལགས་འདི་ནི་ཆོས་སྡེ་ཆེན་པོའི་བསྟི་གནས་ཏེ།། ཀྲོང་ངེར་འགྱིངས་པའི་ཁང་བཟང་འདི་ཀོ་གནྡྷོ་ལ།། ཡིན་ལགས་བདག་ནི་ཆོས་སྡེ་ཆེན་པོའི་གྲྭ་གཟུགས་སྟེ།། ངས་ནི་དེང་གི་ཆོས་འབག་སྣ་ཚོགས་གོན་སྟངས་ཤེས།།

ཀ་བ་བུམ་པའི་རྩོད་པ།། ཁ་ལ་བྱང་ཐག་ཆོད་ནས།། ག་ཡིན་འདི་ཡིན་མེད་པར།། ང་རྒྱལ་རི་ལས་ཆེ་སོང༌།།

ཅ་ཅོ་རྟགས་དང་ཐལ་འགྱུར།། ཆ་མེད་རྒྱུས་བཤད་བྱས་ཏེ།། ཇ་ཐུག་སྐུ་འགྱེད་ཡོད་དུས།། ཉ་རྗེས་རྒྱ་བཞིན་རྒྱུག་སོང༌།།

ཏ་རེའི་ཚོགས་འདོན་ཕར་ཞོག། ཐ་ན་སྦྱོར་ཀློག་མི་ཤེས།། ད་ལྟའི་ཆོས་སྡེ་ཕལ་ཆེར།། ན་གཞོན་གྲྭ་གཟུགས་གང་སོང༌།།

པ་ལོ་མགོ་ནས་བཅད་ཀྱང༌།། ཕ་རྟགས་ཁོག་ནས་འཛུམ་པའི།། བ་རྒན་ཡ་སོ་ཅན་གྱིས།། མ་རབས་རང་མཚང་སྟོན་སོང༌།།

ཙ་རིའི་དྲ་རྒྱ་མ་ཆོད།། ཚ་གྲང་ཁྱད་བསད་མ་ནུས།། ཛ་ཡའི་ངུར་སྨྲིག་སེང་ལྤགས།། ཝ་མོའི་རྒྱབ་ལ་གོན་སོང༌།།

ཞྭ་མོ་ཆོས་ཞྭ་གོན་ནས།། ཟ་མ་ཞིམ་པོའི་དོན་དུ།། འ་འུར་ཁྱི་བཞིན་བྲེལ་བའི།། ཡ་ཡུག་གདོང་མཆོང་རྒྱབ་སོང༌།།

རྭ་བ་གངས་རིའི་ཡུལ་ནས།། ལ་ལུང་དུ་མ་བརྒལ་ཏེ།། ཤ་ཚུགས་མི་དང་འདྲ་བའི།། ས་མཐའི་ཁྱི་ལྡོམ་གྱུར་སོང༌།།

ཧ་ཅང་སྤྱོད་པ་རྩུབ་པས།། ཨ་མའི་ཐུགས་སེམས་དཀྲུག་སོང༌།། ཧ་གོ་མེད་པའི་གླེན་པས།། ཨ་མྱེས་ལ་རྒྱ་བརླགས་སོང༌།།





སྲོང་གཏམ་ཚངས་པའི་ཐིག་ཕྲེང༌།།

གཞུང་ཞབས་ལ་གདམས་པ།

ཀ་ཁ་ག་ངའི་དག་ཆ་མི་ཤེས་ཁ་ནས་རིག་གཞུང་མ་ཎི་བགྲང༌།། ག་ས་ག་ལ་སྒེར་དོན་གཉེར་བའི་ང་ཚོའི་བོད་ཀྱི་ལས་བྱེད་འགའ།། ཅ་ཅོ་སྤྲེའུའི་སྐད་ཡིག་སྦྱོང་ནས་ཆ་ལུགས་མགོ་སེར་ལམ་སྲོལ་སྤྱོད།། ཇ་དང་རྩམ་པའི་བོད་ཟས་དོར་ནས་ཉ་དང་ཁྱི་ཤའི་ཁ་ཟས་རྔམས།། ཏཱ་ལའི་བླ་མའི་བཀའ་སློབ་གཡུགས་ནས་ཐ་མག་ཨ་རག་རྒྱུན་དུ་སྤྱོད།། ད་ནང་ཆང་གིས་བཟི་བའི་ངན་ཁག་ན་ཚའི་སྟེང་ལ་གཡུགས་ནས་ཉལ།། པ་ཏྲའི་རིས་ལྟར་མཁྱོགས་པའི་གཡོ་ཅན་ཕ་རོལ་དགྲ་ལ་རྐྱང་ཕྱག་འཚལ།། བ་རྗེས་བེའུ་བཞིན་དགྲ་རྗེས་རྒྱུག་སྟེ་མ་རབས་ལྐོག་རྔན་རུམ་དུ་སྡུད།། ཙ་ར་གཅད་རྒྱུའི་དགྲ་བོ་བོར་ནས་ཚ་གྲང་དཀྲུག་ཤིང་ནང་ལ་འཕེན།། ཛ་ལང་ངན་པ་ལང་ལ་ཤོར་བའི་ཝ་སྐྱེས་རྒྱལ་པོའི་བརྟུལ་ཞུགས་འཆང༌།། ཞ་ཡིག་ལྟར་མཁྱོག་མི་ཚེའི་སྐྱིད་སྡུག་ཟ་འཐུང་ཁོ་ནའི་དོན་དུ་སྐྱེལ།། འ་ཅག་བོད་པའི་ཆོས་དང་སྲིད་ཅེས་ཡ་མཚན་གཏམ་གྱིས་མཆུ་ཏོ་རློན།། ར་ལྟར་མཁྱོག་པའི་སེམས་ཀྱི་མདུན་ལམ་ལ་དང་ལུང་པ་གཞན་དུ་གཏོད།། ཤ་དང་རུས་པའི་བརྩེ་དུང་ཡོངས་རྫོགས་ས་དང་ཆུ་ཡི་ཁམས་ལ་ཐིམ།། ཧ་ལོའི་འབོད་སྒྲ་རྒྱུན་སྤྱོད་བྱས་ཏེ་ཨ་མྱེས་སྐད་ཡིག་རྡོག་རྫིས་གཏོང༌།། ཨ་རིའི་ཌོ་ལའི་རྗེས་ལ་རྒྱུག་སྟེ་ཧ་ཅང་མཐོ་བོའི་སྲིད་སྟེགས་དོར།། ས་དང་ཆུ་ཡི་འཐབ་རྩོད་བཞག་ནས་ཤ་ཚའི་འཛུམ་མདངས་གཞན་ལ་སྟོན།། ལ་མོའི་རྒྱབ་ཀྱི་གཏིང་ནད་བརྗེད་ནས་ར་ཤའི་གསོལ་མགྲོན་དགྲ་ལ་དྲངས།། ཡ་རབས་རྒྱལ་ཞེན་ཅན་གྱི་སྐེ་ལ་འ་འུ་རྫུན་ཕྲེང་ནག་པོས་གཡོགས།། ཟ་འདྲེ་འགོང་པོའི་མགོ་བོ་ནག་པོ་ཞྭ་མོ་དཀར་པོའི་འོག་ཏུ་སྦས།། ཝ་ལྟར་ངན་དགུ་འཛོམས་པའི་གཡོ་སྒྱུས་ཛ་ཞེས་སྒེར་གྱི་འབྲེལ་བ་འགུག། ཚ་སྲེག་འཁོན་འཛིན་དྲག་པོའི་མེ་ལྕེས་ཙ་རིའི་ནགས་མ་ཐལ་བར་སྒྱུར།། མ་ནོར་གཞུང་གི་འགན་འཁྲིའི་ལས་བྱར་བ་རེ་བེ་རེས་ཉིན་མཚན་འདའ།། ཕ་དང་མེས་པོའི་རྒྱལ་རབས་བཤད་དུས་པ་ལ་ར་བཏགས་སྦྱར་ནས་དགོད།། ན་སོ་རྒན་གཞོན་ཁྱད་པར་མི་འདུག་ད་ལྟའི་གཞུང་ཞབས་འགའ་ཞིག་གིས།། ཐ་ན་རང་མིང་འབྲི་བར་མི་ནུས་ཏ་རིན་རློམ་པའི་ཆེ་ཉམས་འདོན།། ཉ་དང་ཉུང་མ་འདྲེས་པའི་གསེབ་ནས་ཇ་དང་ཇ་རོ་འབྱེད་དགོས་ན།། ཆ་རྒྱུས་ཡོད་པའི་མི་སྣ་རྣམ་པས་ཅ་རེ་ཅོ་རེའི་ཚིག་མཚོན་གྱིས།། ང་དང་ཁྱོད་ཅེས་རྩོད་དགོས་མི་འདུག་ག་བར་ཡོད་པའི་སྐྱོན་འཛུགས་གཏམ།། ཁ་ནས་འདོན་པའི་སྨྲ་བརྗོད་རང་དབང་ཀ་དག་དབྱིངས་ནས་སྩལ་ཡོད་དོ།།

༩༥།༤།༢ ལྡི་ལི་ནས་མེ་སོར་ཡོང་དུས་མེ་འཁོར་ནང་དུ་བྲིས།




སྨྱུག་རྩེའི་འཕར་ལྡིང༌།།


༼རྒྱལ་ཡོངས་བོད་ཀྱི་རྩོམ་པ་པོའི་ཚོགས་ཆེན་ཐེངས་དང་པོའི་སྐབས་རྩོམ་ རིག་དང་རང་དབང་ལ་བསམ་གཞིག་གི་འཆར་སྣང་འགའ་ཞིག་བྱུང་རྗེས།༽

དཔྱིད་ཀྱི་ལང་ཚོ་གཞོན་ནུས་བསུས་པའི་བདེ་དགའ་རྫོཊ་ལྡན་གསར་པའི་མགྲོན།། དབྱར་གྱི་རྒྱལ་མོའི་ཡིད་འོངས་མཛེས་སྡུག་མངོན་པར་དགའ་བའི་སྐྱེད་ཚལ་དེར།། སྟོན་མཇུག་བརྩེ་མེད་རླུང་འཚུབ་ཅིག་གིས་སེར་བས་བཅོམ་པའི་སྲན་ཕུང་བཞིན།། དགུན་གྱི་རྒན་མོའི་གྲང་རེག་ཀློང་དུ་ངེས་མེད་ཕྱོགས་དང་ཕྱོགས་སུ་གཏོར།།

དུས་ཀྱི་རྒན་མོའི་སོར་རྩེས་བགྲང་པའི་ལོ་ཟླའི་ཕྲེང་བ་རིང་མོའི་ནང༌།། ཡིད་འོངས་མེ་ཏོག་སྐྱེད་ཚལ་གུད་དེ་བུང་བའི་རྣམ་ཤེས་མཁའ་ལ་ཐིམ།། འདབ་ཡབ་ཞིག་པའི་གྱང་ཧྲུལ་གསེབ་ནས་ཁང་བྱེའུ་རྣམས་ཀྱིས་སྐྱོ་གླུ་ལེན།། ནགས་ཀླུང་ཟད་ནས་རི་སྐྱེས་ཕལ་ཆེར་སྡོད་ཁྱིམ་བྲལ་བའི་མྱ་ངན་བྱེད།།

བགྲང་བྱ་སོ་ལྔའི་ཡོལ་བའི་ཕག་ནས་དམྱལ་ཁམས་འདྲེན་པའི་ལྡིང་ཆ་དེར།། ཡུགས་མོ་འབུམ་གྱིས་བཟོད་བསྲན་མ་བྱས་ངུ་འབོད་བྱེད་པའི་རོལ་དབྱངས་ཁྲོད།། ཕ་མེད་དྭ་ཕྲུག་ཁྲི་མ་འབུམ་ཕྲག་གཅེར་འཆམ་བྱེད་པའི་ཟློས་གར་ལ།། ལས་སྐལ་ལྷ་དབང་བརྒྱ་བྱིན་གྱིས་ཀྱང་མིག་སྟོང་བགྲད་ནས་ཧད་དེ་བལྟ།། དྲང་བདེན་སྨྱུ་གུའི་མཚོན་ཆ་ཐོགས་པའི་ཞུམ་མེད་དཔའ་བོ་འབུམ་ཕྲག་དག། ཤར་ཕྱོགས་ཉག་ཕྲན་རྣོན་པོའི་མགྲོན་བརྡས་འཇིག་རྟེན་ལྔ་བའི་ལམ་ལ་བསྐྱལ།། འཇིག་རྟེན་འཚོ་བའི་སྣག་ཤོག་སྨྱུ་གུ་ཚ་སྲེག་མེ་ལྷའི་ཞལ་དུ་སྟབས།། བསུབ་ཏུ་མེད་པའི་ལོ་རྒྱུས་རི་མོ་འཁྱག་རི་མཐོན་པོའི་འོག་ཏུ་སྦས།།

དུས་ཀྱི་མཚོན་ཆས་བཀོག་པའི་ཤིང་ལོ་སྟོན་མཇུག་རླུང་གིས་བདས་པ་ལྟར།། ངེས་མེད་ཕྱོཊ་མཐའི་རྒྱལ་ཁམས་འཁྱམས་པའི་ཉམ་ཆུང་གངས་ཕྲུག་ཁྱུ་དང་ཁྱུ།། བརྡ་དང་གཤིས་སྤྱོད་རླབས་སྟོང་གཡོ་བའི་འཇིག་རྟེན་ཀུན་རྫོབ་རྒྱ་མཚོའི་ཀློང༌།། འཇུག་པའི་ཐབས་འཕྲུལ་ལས་སྐལ་ལྷ་ལ་རེ་ཞཊ་བརྐྱངས་ནས་མིག་ཟུང་བཙུམས།།

རྙིང་སྲོལ་ལྷ་ཡི་མཛད་པར་ཞེན་ཏེ་གསར་བྱུང་བདུད་ཀྱི་འཕྲུལ་དུ་སེམས།། སྲ་མཁྲེགས་གོར་མོ་རྡོ་ཡི་ཀླད་རྒྱ་དེང་རབས་ཆུ་ཡིས་མ་སྦངས་ཤིང༌།། རྨོངས་དད་བྲག་རྫོང་རིང་མོའི་ནང་ནས་ཕྱོགས་ཞེན་རྔ་དང་དྲིལ་ཆུང་རྡུང༌།། རྗེས་ལུས་ངོ་སྤྲོད་གསལ་བའི་མེ་ལོང་དགེ་ཆོས་ལེགས་བཤད་རྡོག་རྫི་གཏོང༌།།

རྒྱལ་ཁམས་འགྲིམས་པའི་སྐྲ་སེར་མཐོང་ན་སྒོ་ཁྱི་བཞིན་དུ་རྔ་མ་གཡོ།། གཞིས་བྱེས་སྤུན་ཟླའི་རྣ་བར་གཟན་པའི་གཅོད་པའི་ཌ་དྲིལ་ཕྱག་ཏུ་ཐོགས།། མཆུ་ཏོའི་རྩེ་ན་ཆོས་སྲིད་རིག་གཞུང་རང་དབང་གཙང་མའི་དམར་རྩི་བྱུཊ། སྒེར་གྱི་ཁེ་ཕན་གཉེར་བའི་རང་མཚང་ལྟོ་བའི་ངོས་ནས་འབུར་དུ་ཐོན།།

སྨྲ་བརྗོད་རང་དབང་ཡངས་པོའི་ལྕེ་རྩེར་རྨོངས་ཞེན་རལ་གྲི་རྣོན་པོས་རྒོལ།། ལེགས་ཉེས་འབྱེད་པའི་ཤེས་རབ་བུ་ཆུང་སྒོར་མོའི་མཚོན་གྱི་རྩེ་ལ་བསྐྱོན།། ལོག་རྟོག་ནཊ་གསེབ་སྤྲེལ་ཚོཊ་འབུམ་གྱིས་སྨྲ་བརྗོད་ཤེས་པའི་མི་བཟུང་ཏེ།། མཇུག་མ་མེད་པའི་འཕྱ་དགོད་སྨོད་ཚིག་འཇིག་རྟེན་བླུན་པོའི་རྣ་བར་སྒྲོན།།

གོ་ལའི་འཁོར་ཕྱོགས་ཡང་མོ་ཞིག་ནས་སྐད་འོད་སྡུད་པའི་སྐྱ་མདའ་ཡིས།། དམར་སེར་འཆར་ཁའི་ལམ་སྣེ་འཁྲིད་པའི་འོད་ཀྱི་ཟེར་ཐག་ལ་འཁྱུད་དེ།། ངེས་མེད་ཕྱོཊ་མཐར་འཁྱམས་པའི་ཉམ་ཆུང་སྨྱུག་ཐོཊ་དཔའ་བོ་ཁྱུ་གཅིག་གིས།། སྨྱུ་གུའི་འཐབ་འཛིང་དྲག་པོའི་གཡུལ་སར་འདོད་མཆོང་བྱེད་པའི་དཔའ་སྐད་ལྡིང༌།།

སྨྱུག་ཐོཊ་དཔའ་བོ་རུ་བསྟར་བསྒྲིཊ་པས་འཇིག་རྟེན་དམག་དཔུང་ཁྲག་ལ་བསྒྲེས།། ཟུངས་ཁྲག་དྲོན་མོས་སྨྱུག་རྩེ་རློན་པས་གོ་ལའི་ཟླུམ་གཟུགས་ཧྲུལ་པོར་གཏོང༌།། ཀྱག་ཀྱོག་ལམ་འཕྲང་རིང་མོའི་ནང་ནས་ཨ་མྱེས་གངས་ཀྱི་ཡུལ་བསྙེགས་ཏེ།། མཐོ་སྒང་གངས་སེང་དཀར་མོའི་གཡུ་རལ་སྨྱུ་གུའི་གངས་རིའི་རྩེ་ནས་བསིགས།།

1995,3,16 ཉིན་རྡ་སྟེང་བྷག་སུ་མགྲོན་ཁང་དུ།

ཆང་གི་ཞིང་ཁམས།

སྒྲ་སྡུད་འཁོར་ལོའི་འུར་འུར་ལྡིར་སྒྲ་ཡིས་ཁེངས་བའི།། དུས་རབས་གསར་པའི་སྒྱུ་མའི་རླུང་འཚུབ་ཀྱི་ཁྲོད་དུ།། བདེ་སྡུག་ཚོར་སྣང་སྦྱིན་པའི་ཀུན་རྫོབ་ཀྱི་ཞིང་ས།། ཡིད་འོང་ཐོག་བརྩེགས་མཐོན་པོའི་གཞལ་མེད་ཀྱི་ཆང་ཁང༌།།

གཟུགས་མཛེས་སྒེག་ཉམས་ལྡན་པའི་གཞོན་ནུ་མ་རྣམས་ཀྱིས།། ཟུར་མིག་ཡན་པོར་འདེབས་ཞོར་མཆུ་འདབ་ཀྱི་འཛུམ་དཀར།། དམར་ཆུང་སེམས་ནས་འཕོས་པའི་དགོད་སྒྲ་ཡིས་བསུས་ཏེ།། དྭངས་གཙང་བདུད་རྩིའི་ཆང་འདྲེན་ཡང་ཡང་དུ་ཞུས་བྱུང༌།།

ལྟེམས་ལྟེམས་ཆང་གིས་བཀང་བའི་ཤེལ་ཕོར་ལ་འཇུས་ཏེ།། བདུད་རྩིའི་བསིལ་ཆང་མངར་མོ་ཡང་ཡང་དུ་འཐུང་པས།། གཟུགས་དབྱིབས་མ་འདྲེས་འབྱེད་པའི་ཁྲ་ཆུང་གི་མིག་ལམ།། ཡོད་ཚད་ཡོམ་ཡོམ་གཡོ་བའི་ལྟད་མོ་ཞིག་སྣང་བྱུང༌།།

པིང་ཙི་ཡུ་རིང་ཆང་གིས་གང་བ་ཡི་ནང་དུ།།ཆང་གི་ཞིང་ཁམས།། མཛེས་སྡུག་བུ་མོའི་བཞིན་གྱི་སྣང་བརྙན་ཞིག་ཤར་ནས།། འཁྲིག་ཚིག་སྙན་པོའི་གཏམ་གྱི་དྲིལ་བརྡ་ཞིག་བཏང་བས།། ཟུར་མིག་བརྩེ་མདའ་རྣོན་པོས་སྙིང་ག་ལ་ཕིགས་བྱུང༌།།

དཀར་ཡོལ་ལག་ཏུ་ཐོཊ་ཏེ་ཆང་གཞས་ཀྱི་རོལ་དབྱངས།། དབ་དིབ་ལྕེ་རྩེ་རྟུལ་པོས་ཁ་སྒོ་ནས་ཕུད་དེ།། འཁྱར་འཁྱོར་ཆང་གི་ཞབས་བྲོ་རྩེན་པ་ལ་ཆས་པས།། གྱང་ལྡེབས་བུ་མོར་གྱུར་ནས་རམ་འདེགས་ཤིག་བྱས་བྱུང༌།།

འཁོར་འདས་བླ་འོག་བསྒྱུར་འདྲའི་གཡོ་འགུལ་ཞིག་ཐེབས་ཏེ།། ཡོད་ཚད་སྨག་རུམ་འཐུག་པོའི་རུམ་ནང་ལ་ཐིམས་སོང༌།། མུན་སྟུག་སྨག་རུམ་འཐུག་པོའི་ཡོལ་བ་དེ་ཕྱེས་པས།། སྣོད་བཅུད་དག་པའི་ཞིང་གི་མཛེས་ལྗོངས་དེར་སླེབས་སོང༌།།

ལྡེམ་ལྡེམ་སྐེད་སྐབས་འཁྱུག་པའི་མཁའ་འགྲོ་མ་རྣམས་ཀྱིས།། འཇམ་མཉེན་ལག་པའི་འཚང་ཀ་ཤིག་ཤིག་གི་ངང་ནས།། ང་ཡི་ཤ་རུས་གདོས་བཅས་བེམ་གཟུགས་ཀྱི་ཆ་ཀུན།། བརྩེ་བའི་བྱིལ་བྱིལ་བྱེད་བཞིན་གླིང་ག་ལ་དྲངས་སོང༌།།

དྲི་བཞོན་བུ་མོས་རླུང་གཡབ་ཡོམ་ཡོམ་དུ་གཡོ་བའི།། སྤྲོ་སྐྱིད་བདེ་དགའ་རྫོགས་པའི་དག་ཞིང་གི་གླིང་དེར།། མཁའ་འགྲོའི་གསང་ཆུ་གཏོར་བས་མགོ་ལུས་ཀུན་བརླན་ཅིང༌།། བྱིན་རླབས་བདེ་དྲོད་རྒྱ་མཚོ་ལུས་སྨད་ལ་འཁྱིལ་སོང༌།། མཚན་བྱ་འུག་པས་རྣ་བའི་ཕོ་བྲང་གི་རྒྱ་སྒོར།། དུས་ཀྱི་བརྡ་སྟོན་བྱེད་པའི་གད་མོ་ཡི་སྒྲ་དེས།། གཞལ་མེད་རྨི་ལམ་ཞིང་ནས་གློ་བུར་དུ་སད་དུས།། ཐུན་གསུམ་མཚན་མོའི་གནམ་འོག་ཁེར་རྐྱང་དུ་ལུས་འདུག།

མི་གཙང་སྐྱུགས་ཞག་རུལ་པས་བསྙེས་མགོ་ཞིག་བཅས་ནས།། ངོ་དང་བྲང་ཁོག་སྣ་ལུད་ཁ་ལུད་ཀྱིས་སྦགས་ཤིང༌།། འདམ་དང་ལྗན་ལྗིན་གང་བའི་སྲང་ལམ་དེར་ཉལ་ནས།། གཅིན་པའི་རྒྱལ་མོས་ལུས་སྨད་རློན་རྐྱང་དུ་བསྒྱུར་འདུག།

བདེ་སྡུག་ངེས་མེད་དབྱར་གཞུང་འཇའ་ཚོན་གྱི་རི་མོ།། མ་བརྟགས་བརྟན་གཡོ་ཀུན་རྫོབ་སྒྱུ་མ་ཡི་འཁོར་ལོ།། གདོད་མའི་ཆོས་ཀྱི་དབྱིངས་ནས་ལྟད་མོ་རེ་ཆེ་ཡང༌།། དཀྲིས་པའི་བྲན་འོག་ཚུད་པའི་ཚུར་མཐོང་གི་དགྲ་བོ།།

དོན་དམ་གཤིས་ལུགས་མཛེས་མའི་རང་ཞལ་དེ་མཇལ་བའི།། རྟོགས་ལྡན་སྣང་ངོར་ཆང་རག་བདུད་རྩི་རང་ལོས་ཡིན།། ཀུན་རྫོབ་འཁྲུལ་སྣང་ཞེན་པའི་གླེན་རྨོངས་ཀྱི་བྱིས་པར།། བདེ་སྐྱིད་སྲོག་རྩ་འཇོམས་པའི་བཙན་དུག་ཅིག་རེད་འདུག།

༩༥།༤།༡༧ ཉིན་འབྲས་བློ་གླིང་དཔེ་སྐྲུན་ཁང་དུ།


གབ་ཚིག་གསེར་གྱི་ལྡེའུ།

བཅུ་གཉིས་གླང་ཆེན་གཉའ་ཡིས་ཁྲི་བཅས་ཏེ།། གངས་ཁྲོད་སྡེར་ཆགས་མགོན་དུ་དྲངས་པ་ན།། གདོད་མའི་གངས་རིའི་བདག་པོ་ང་ཡིན་ཞེས།། གངས་ལྗོངས་ཐོག་མར་སྐྱོང་བའི་སེངྒེ་གང༌།།

ཤར་ཕྱོགས་རྒྱ་སྟག་ཙདྣན་ནགས་ན་ཡིབས།། ནུབ་ཕྱོགས་གླང་ཆེན་སྣ་ཡིས་གུས་ཕྱག་བྱེད།། སུམ་གཉིས་ས་ཡི་བདག་པོ་ང་ཡིན་ཞེས།། སྟོང་སྡེ་དྲུག་ཅུའི་དབུས་ན་འགྱིང་དེ་སུ།།

ཤ་དང་ཟུངས་ཁྲག་ཤར་ནས་ཆད་ན་ཡང༌།། རྐང་དང་རྩ་རྒྱུས་རུས་པའི་རིགས་བསྙེགས་ཏེ།། དབང་ཕྱོགས་གདུག་ཅན་མུལ་གྱི་གདེངས་ཀའི་མགོ། འགེམས་མཛད་མཆུ་སྡེར་འབར་བའི་མཁའ་ལྡིང་གང༌།།

གསར་བཅད་སྐད་ཀྱིས་བསྟན་པའི་རྒྱལ་མཚན་སྒྲེང༌།། མཐའ་བཞིའི་དཔང་རྟགས་རྡོ་ཡི་ཀ་བ་བཙུགས།། ཆབ་སྲིད་མངའ་ཐང་ནམ་མཁའ་མཛོད་ཀྱི་ཁང༌།། དབང་བསྒྱུར་ས་ཡི་ཚངས་པ་དེ་སུ་ཞིག།

བྱང་གི་འབུམ་ཕྲག་སྤྱང་དམག་འདུར་རྒྱུག་གིས།། མཐོ་སྒང་ལུག་ཁྱུའི་ཟུངས་ཁྲག་བཞུར་བ་ན།། ཐེངས་གསུམ་འུར་རྡོས་བསིལ་ལྗོངས་རང་དབང་ལ།། འགོད་མཁས་རླབས་ཆེན་སྤྱོད་པའི་རྫི་བོ་གང༌།།

གཞལ་མེད་གྲུབ་འཛིན་གཉིས་པའི་ཕོ་བྲང་བརྩེགས།། དམར་སེར་རིས་མེད་གྲུབ་མཐའི་རྒྱལ་མཚན་བསྒྲེངས།། ལུགས་གཉིས་གསེར་གྱི་འཁོར་ལོའི་དཔང་རྟགས་བཙུགས།། ཕྱོགས་ལས་རྣམ་པར་རྒྱལ་བའི་མགོན་དེ་གང༌།།

འཛམ་གླིང་དུག་གི་མཚོ་བཞིན་འཁྲུག་པའི་སྐབས།། རང་སྡེ་མངོན་དགའི་ཚལ་བཞིན་སྐྱོང་བ་དང༌།། དབང་ཕྱོགས་གདུག་ཅན་མུལ་རྔ་གཅོད་དང་ལྷན།། རྣམ་པར་རྒྱལ་བའི་རུ་མཚན་སྒྲེང་མཁན་སུ།།

ལང་ཚོའི་དཀྱིལ་འཁོར་གངས་རིའི་སྤོ་ནས་འཛུམ།། འོད་དཀར་ཟེར་མས་འགྲོ་ཀུན་བདེ་ལ་འགོད།། སྙན་པའི་གྲགས་པ་འཛམ་གླིང་ཕྱོགས་ཀུན་སྒྲོག། སྔོན་མེད་ས་ཡི་ཟླ་བ་དེ་གང་ལགས།།

གབ་ལན།

༡ གཉའ་ཁྲི་བཙན་པོ། ༢ སྲོང་བཙན་སྒམ་པོ། ༣ ཁྲི་སྲོང་ལྡེའུ་བཙན། ༤ ཁྲི་རལ་བ་ཅན། ༥ འགྲོ་མགོན་ཆོས་འཕགས། ༦ གོང་ས་ལྔ་པ། ༧ གོང་ས་བཅུ་གསུམ་པ། ༨ རྒྱལ་དབང་བསྟན་འཛིན་རྒྱ་མཚོ།

༩༥/༤/༢༤ ལ་འབྲས་སྤུངས་རང་ཤག་ཏུ་བྲིས།



གབ་ཚིག། དབང་གཞུའི་དབྱིབས་སུ་འཁྱིལ་བའི་ནགས་ཀློང་འོག། ཕྲ་རགས་གཟུགས་དབྱིབས་མ་འདྲེས་གསལ་བ་ཡི།། ཟུང་ལྡན་འབྱེད་འཛུམ་རྩེན་པའི་འདུ་བྱེད་མཁན།། རིན་ཆེན་གཟི་རིས་བཀྲ་བའི་མེ་ལོང་གང༌།།

རབ་འཛིངས་ནགས་ཀླུང་སྟུག་པའི་ས་འཛིན་གྱི།། དཔངས་མཐོ་གཡས་གཡོན་འགྲམ་པའི་རི་གཤམ་ན།། གྲང་ལྷགས་ཉག་ཕྲན་རྣོན་པོས་ཕིགས་པ་ཡི།། ཁེར་རྐྱང་ཉལ་བའི་ཟུང་ལྡན་གླ་བ་སུ།།

རླུང་ནག་འཚུབ་མའི་འབྱུང་རྔུབ་ལྡང་བ་ཡི།། གྱེན་དུ་བརྟེན་པའི་ཟུང་ལྡན་ཕུག་པ་རིང༌།། ནགས་ཀླུང་ལྟ་ཅི་ཚང་ཚིང་ཙམ་མེད་པའི།། གཡང་གཟར་འབུམ་གྱིས་འཁྱུད་པའི་རི་གདོང་གང༌།།

དཀར་གཙང་གངས་རིའི་དོ་ར་ཡངས་པོ་ལ།། ཟུང་ལྡན་ཟ་འོག་ཡོལ་བ་ཕྱེས་པ་དང༌།། དམར་ཆུང་གློག་གི་བུ་མོའི་ཟློས་གར་གྱིས།། རྣ་བའི་བུ་ཆུང་སིམ་པར་བྱེད་དེ་གང༌།།

སྒོ་ལྔའི་ལམ་དུ་སྤྲེའུས་འདུར་མཆོང་བྱེད།། དགའ་སྡུག་ཉག་ཕྲན་རྣོན་པོས་ཕྱི་ནས་འབིགས།། ལྔ་ལྷག་སོ་ལྔའི་མཛོད་ཀྱི་སྒོ་འཕར་ཀུན།། མི་གཙང་རྫས་ཀྱིས་གང་བའི་ཁང་པ་གང༌།།

ལུས་ཅན་ཀུན་གྱི་མཚན་པའི་གཞིར་གྱུར་ཅིང༌།། སྒོ་ལྔའི་དབང་པོས་བདག་རྐྱེན་མ་བྱས་པར།། ཤེས་དང་ཤེས་བྱའི་གནས་ལུགས་ཕྲ་རགས་ཀུན།། གསལ་བྱེད་ནང་གི་མེ་ལོང་དེ་ཅི་ཞིག།

གྲུ་བཞིའི་དབྱིབས་སུ་འཁྱིལ་བའི་མེ་ལོང་ངོས།། སྲིད་འདིའི་དགའ་སྡུག་སྒྱུ་མའི་རོལ་རྩེད་ཀུན།། ངོ་མཚར་གཟུགས་བརྙན་ཟོལ་དུ་འཆར་བ་ཡི།། དུས་རབས་གསར་པའི་ལྟད་མོའི་དོ་ར་གང༌།།

སྨྲ་བྱེད་མེད་པར་གཏམ་གྱི་དགའ་སྟོན་འགྱེད།། རོལ་ཆ་མེད་ཀྱང་སྙན་པོའི་འགྱུར་ཁུགས་འཁྲོལ།། ཀུན་གྱི་རྣ་དབང་ཡི་ག་སིམ་བྱེད་པའི།། དེང་རབས་སྒྱུ་མའི་འཁོར་ལོ་དེ་གང་ལགས།། བཞག་ན་རྩྭ་ཆུའི་ཞབས་ཏོག་མི་དགོས་ཤིང༌།། གཏོང་ན་ཅང་ཤེས་རྟ་ཕོའི་འགྲོས་དང་མཉམ།། སྲ་མཁྲེགས་ལྕགས་ཀྱི་སྲོག་ལས་གྲུབ་པ་ཡི།། དེང་རབས་སྒྱུ་མའི་འཕྲུལ་གྱི་རྟ་ཕོ་གང༌།།

དབང་ཕྱོགས་རྫོགས་པ་གསུམ་པའི་མཚན་མོར་ཡང༌།། སྐྱེ་རྒུའི་སྣང་བའི་དཔལ་རབ་སྟེར་པ་ན།། ཉི་ཟླས་ཁེངས་པ་བཏང་སྟེ་ཆུ་ལྷའི་ལྟོར།། གབ་ཏུ་འཇུག་པའི་འོད་ལྡན་དཔའ་བོ་སུ།།

གབ་ལནཿ ༡མིག ༢རྣ་བ། ༣སྣ། ༤ལྕེ། ༥ལུས། ༦ཡིད། ༧གཟུགས་མཐོང་གློག་འཕྲིན། ༨ སྒྲ་སྡུད་འཁོར་ལོ། ༩ལྕགས་རྟ། ༡༠ གློག་སྒྲོན། ༩༥/༤/༣༠ ལ་རང་ཤག་ཏུ་བྲིས།



ཐ་མའི་གྱེས་མཇལ།

ལྷོད་མེད་བརྩེ་དུང་ཅན་གྱི་བུ་མོ་ཞིག་ལ་ཕུལ་བའི་དྲན་རྟེན།

ཀ་ཁ་སློབ་པའི་གོ་སྐབས་མ་རྙེད་ཁ་བ་རི་པའི་ཡུལ་ལྗོངས་ནས།། ག་ལེར་བཙན་བྱོལ་གངས་ལ་རྒྱབ་དུས་ང་དང་ཐུག་པའི་གྲོགས་མོ་ལགས།། ཅ་ལག་འབྱོར་པ་ཅི་ཡང་མེད་པར་ཆ་ལུགས་སྤྲང་པོའི་གཞུང་ལམ་ནས།། ཇ་དང་རྩམ་པའི་ལམ་རྒྱག་རྫོགས་ཏེ་ཉ་བཞིན་ཆུ་འཁྱག་འཐུང་གིན་ཡོང༌།།

ཏཱ་ལའི་བླ་མའི་བཀའ་དྲིན་འོག་ནས་ཐ་མར་ང་ཅག་འཕགས་ཡུལ་སླེབས།། ད་ལྟའི་བར་དུ་དུང་སེམས་ཆིག་སྒྲིལ་ན་གཞོན་དར་མའི་དམ་ཚིག་བསྐྱངས།། པ་སངས་ལྟར་དཀར་བྱམས་དང་བརྩེ་བ་ཕ་མ་ཡིན་ཀྱང་ཟློག་ནུས་མིན།། བ་སོ་ཕྲེང་བའི་ལག་རྟགས་འདི་ཉིད་མ་བརྗེད་སེམས་ཀྱི་དྲན་རྟེན་མཛོད།།

ཙ་རི་སྐོར་བའི་དགེ་རྩའི་ཆོས་དང་ཚ་གྲང་སློབ་གཉེར་ངས་མི་ནུས།། ཛ་དྲག་ཆེ་བའི་གཉན་འཕྲང་སྐབས་འདིར་ཝ་བཞིན་མི་གབ་བོད་ལ་འགྲོ།། ཞ་ལྟར་འཁྱོག་པའི་དགྲ་བོའི་ཇུས་ལ་ཟ་འདྲེ་བཞིན་དུ་ལྐོག་ནས་འཛུལ།། འ་འུར་དགྲ་སྡེ་དམར་པོའི་སྲིད་ལ་ཡ་ཡུག་སྒྲིག་ནས་གདོང་ལེན་བྱེད།།

ར་བ་གངས་ཅན་རང་དབང་དོན་དུ་ལ་དང་ལུང་པའི་སོ་ཉུལ་གྱིས།། ཤ་དང་ཟུངས་ཁྲག་དམར་པོའི་བཞུར་རྒྱུན་ས་ལ་ཐིམ་ཡང་འགྱོད་པ་མེད།། ཧ་ཅང་སྐྱོ་བོའི་ཐུགས་ཁྲལ་མ་གནང་ཨ་རེ་སླར་ཡང་ཐུག་ཀྱང་སྲིད།། ཨ་རེ་ཁམས་པས་ཐ་མའི་གཏམ་འདི་ཨ་མདོའི་བུ་མོ་ཁྱོད་ལ་ཕུལ།།

༩༥/༥/༡༦ ཉིན་ལྷོ་ཕྱོགས་ནས།



བསམ་གཞིག་གི་འཆར་གཏམ་ སྨྱོན་པའི་མགུར་གླུ།

ཟག་མེད་མངོན་ཤེས་ཀྱང་མི་དགོས།། འཕུར་བྱེད་རྫུ་འཕྲུལ་ཡང་མི་དགོས།། མཁས་བཙུན་གཉིས་ལྡན་ཞིག་བྱུང་ན།། མཁན་པོ་དེ་གས་རང་འགྲིག་པ།།

ལྕགས་དང་ལྕག་ཚན་ཡང་མི་དགོས། ཁ་བདེའི་ཚོགས་གཏམ་ཡང་མི་དགོས།། ལས་འབྲས་དཔང་བཞག་ཅིག་གནང་ན།། དགེ་སྐོས་དེ་གས་རང་འགྲིག་པ།།

སེངྒེའི་ངར་རོ་ཡང་མི་དགོས།། གཡུ་འབྲུག་ལྡིར་སྒྲ་ཡང་མི་དགོས།། འདོན་པའི་རང་སྒྲ་དེ་གསལ་ན།། དབུ་མཛད་དེ་གས་རང་འགྲིག་པ།།

མཁའ་འགྲོ་བསྟེན་པ་ཡང་མི་དགོས།། བདུད་མོ་འདུལ་བ་ཡང་མི་དགོས།། ལུང་རྟོགས་བསྟན་པ་ལ་ཕན་ན།། སྤྲུལ་སྐུ་དེ་གས་རང་འགྲིག་པ།།

གནམ་ལ་འཕུར་བ་ཡང་མི་དགོས།། ས་ལ་འཛུལ་བ་ཡང་མི་དགོས།། ས་ལམ་ཉམས་རྟོགས་དེ་ཡོད་ན།། གྲུབ་ཐོབ་དེ་གས་རང་འགྲིག་པ།།

གཞུང་བརྒྱ་གུང་སྒྲིག་ཀྱང་མི་དགོས།། གཞུང་ལུགས་གསར་རྩོམ་ཡང་མི་དགོས།། དགེ་ལུགས་རྒྱུགས་སྤྲོད་དེ་འཕྲོད་ན།། དགེ་བཤེས་དེ་གས་རང་འགྲིག་པ།།

རྒྱུད་སྐད་འདོན་སྒྲ་ཡང་མི་དགོས།། རྔ་སྦུག་རྡུང་བ་ཡང་མི་དགོས།། བསྐྱེད་རྫོགས་རྒྱུད་སྡེ་ལ་མཁས་ན།། སྔགས་རམ་དེ་གས་རང་འགྲིག་པ།།

ཆང་རག་འཐུང་བ་ཡང་མི་དགོས།། སྦྱོར་སྒྲོལ་བྱེད་པ་ཡང་མི་དགོས།། བསྙེན་སྒྲུབ་ཚུལ་བཞིན་དུ་གནང་ན།། སྔགས་འཆང་དེ་གས་རང་འགྲིག་པ།།

སྐ་རགས་གཉིས་བརྩེགས་ཀྱང་མི་དགོས།། ཆོས་གོས་སུམ་བརྩེགས་ཀྱང་མི་དགོས།། བསླབ་པའི་སྡོམ་ཁྲིམས་དེ་སྲུང་ན།། གྲྭ་པ་དེ་གས་རང་འགྲིག་པ།།

ཕྱི་རྒྱལ་ཕེབས་པ་ཡང་མི་དགོས།། ཆོས་ཚོགས་བཙུགས་པ་ཡང་མི་དགོས།། བསྟན་དང་འགྲོ་བ་ལ་ཕན་ན།། བསྟན་འཛིན་དེ་གས་རང་འགྲིག་པ།།

ཁ་བདེ་མགོ་བདེ་ཡང་མི་དགོས།། ཤེས་པའི་རྫུན་ཟོལ་ཡང་མི་དགོས།། འཆད་རྩོད་རྩོམ་གསུམ་ལ་མཁས་ན།། མཁས་པ་དེ་གས་རང་འགྲིག་པ།།

ཚིག་ལོ་སྤྲོས་བཤད་ཀྱང་མི་དགོས།། སྒྲ་མེད་ཆོས་སྟོན་ཡང་མི་དགོས།། གཞུང་དོན་འཁྲུལ་མེད་དེ་གསུང་ན།། འཆད་པ་དེ་གས་རང་འགྲིག་པ།།

ཐལ་སྟོང་ལྡིར་སྒྲ་ཡང་མི་དགོས།། འགྱིངས་པའི་རྣམ་འགྱུར་ཡང་མི་དགོས།། དགག་བཞག་སྤང་གསུམ་དེ་ཤེས་ན།། རྩོད་པ་དེ་གས་རང་འགྲིག་པ།།

རྙིང་ལུགས་མཁྲེགས་འཛིན་ཡང་མི་དགོས།། གསར་ལུགས་ཕལ་སྐད་ཀྱང་མི་དགོས།། བརྡ་སྤྲོད་གཞུང་ལུགས་དང་མཐུན་ན།། རྩོམ་པ་དེ་གས་རང་འགྲིག་པ།།

མཉམ་གཞག་ཕྱག་རྒྱ་ཡང་མི་དགོས།། རྡོ་རྗེའི་སྐྱིལ་ཀྲུང་ཡང་མི་དགོས།། ལྟ་སྒོམ་སྤྱོད་གསུམ་ལ་འདྲིས་ན།། ཉམས་ལེན་དེ་གས་རང་འགྲིག་པ།།

ཡོད་མིན་མེད་མིན་ཡང་མི་དགོས།། བདེན་མེད་མེད་དགག་ཀྱང་མི་དགོས།། རྣམ་རྟོག་སྤྲོས་པ་དེ་ཆོད་ན།། ལྟ་བ་དེ་གས་རང་འགྲིག་པ།།

ཆོས་རྭའི་ནེ་ཙོ་ཡང་མི་དགོས།། རི་ཁའི་བྱི་བ་ཡང་མི་དགོས།། དཔྱོད་འཇོག་ཟུང་འབྲེལ་ཞིག་ཤེས་ན།། སྒོམ་པ་དེ་གས་རང་འགྲིག་པ།།

བྱ་ཕོ་སྤུ་ཉལ་ཡང་མི་དགོས།། རྟ་ཕོ་སྤུ་ལང་ཡང་མི་དགོས།། འདུལ་བའི་བཅས་མཚམས་དང་མཐུན་ན།། སྤྱོད་པ་དེ་གས་རང་འགྲིག་པ།།

གདུང་དབྱངས་གསོལ་འདེབས་ཀྱང་མི་དགོས།། མིག་བཙུམས་ཐལ་སྦྱར་ཡང་མི་དགོས།། མི་ཕྱེད་དད་པ་ཞིག་ཡོད་ན།། ཆོས་པ་དེ་གས་རང་འགྲིག་པ།།

བྲག་ཕུག་བརྟེན་པ་ཡང་མི་དགོས།། ཁྱི་ལྟོ་ཟ་བ་ཡང་མི་དགོས།། འདོད་ཆུང་ཆོག་ཤེས་ཤིག་བྱུང་ན།། བྱ་བྲལ་དེ་གས་རང་འགྲིག་པ།།

རྔ་དང་རོལ་མོ་ཡང་མི་དགོས།། དུང་དང་རྒྱ་གླིང་ཡང་མི་དགོས།། ཆོ་གའི་ཡན་ལག་དེ་ཚང་ན།། སྒྲུབ་མཆོད་དེ་གས་རང་འགྲིག་པ།།

ལྷ་ལ་གསོལ་ཀ་ཡང་མི་དགོས།། འདྲེ་ལ་གཏོར་བརྫང་ཡང་མི་དགོས།། ལས་འབྲས་ཚུལ་བཞིན་དུ་སྲུང་ན།། ཞབས་བརྟན་དེ་གས་རང་འགྲིག་པ།།

གསེར་གྱི་སྐུ་འདྲ་ཡང་མི་དགོས།། དངུལ་གྱི་མཆོད་རྟེན་ཡང་མི་དགོས།། དྲན་པའི་སྐུལ་འདེད་ཅིག་ཡོད་ན།། དད་རྟེན་དེ་གས་རང་འགྲིག་པ།།

གསེར་ཁྲི་མཐོ་པོ་ཡང་མི་དགོས།། དངུལ་ཁྲི་རྫིག་པོ་ཡང་མི་དགོས།། སེམས་རྒྱུད་འདུལ་ཐབས་དེ་ཤེས་ན།། བླ་མ་དེ་གས་རང་འགྲིག་པ།།

ཞག་གསུམ་སངས་རྒྱས་ཀྱང་མི་དགོས།། གྲངས་མེད་ཚོགས་བསགས་ཀྱང་མི་དགོས།། མདོ་སྔགས་ཟུང་འབྲེལ་ཞིག་བྱུང་ན།། བསྟན་པ་དེ་གས་རང་འགྲིག་པ།།

འདུ་ཁང་ཆེན་པོ་ཡང་མི་དགོས།། ཆོས་ར་རྫིག་པོ་ཡང་མི་དགོས།། བཤད་སྒྲུབ་འཆད་ཉན་དེ་ཡོད་ན།། ཆོས་སྡེ་དེ་གས་རང་འགྲིག་པ།།

གྲྭ་ཇ་མང་ཇ་ཡང་མི་དགོས།། འགྱེད་དང་གཏོང་སྒོ་ཡང་མི་དགོས།། བསོད་སྙོམས་ངན་ངོན་ཞིག་བྱུང་ན།། འཚོ་བ་དེ་གས་རང་འགྲིག་པ།།

རྩེ་ཕུད་ཤམ་ཐབས་ཀྱང་མི་དགོས།། ཐེ་མའི་སྣམ་སྦྱར་ཡང་མི་དགོས།། ཆོས་གོས་ངན་ངོན་ཞིག་ཡོད་ན།། ན་བཟའ་དེ་གས་རང་འགྲིག་པ།།

ཁང་ཐོག་དགུ་བརྩེགས་ཀྱང་མི་དགོས།། ཚ་གློག་གྲང་གློག་ཀྱང་མི་དགོས།། རྫ་ཁང་ཐེབས་ཆག་ཙམ་ཡོད་ན།། གནས་མལ་དེ་གས་རང་འགྲིག་པ།།

སེར་ཕྲེང་བགྲང་བ་ཡང་མི་དགོས།། ལག་འཁོར་སྐོར་བ་ཡང་མི་དགོས།། བསམ་པ་བཟང་པོ་ཞིག་མཛད་ན།། དགེ་རྩ་དེ་གས་རང་འགྲིག་པ།།

ཉིན་སྦྱོང་མཚན་སྦྱོང་ཡང་མི་དགོས།། སྐྱིད་ཉལ་རྒྱག་ཉལ་ཡང་མི་དགོས།། ལོ་འཁོར་རྒྱུགས་སྤྲོད་དེ་འཕྲོད་ན།། སློབ་གཉེར་དེ་གས་རང་འགྲིག་པ།།

ཧིན་སྐད་བདེ་པོ་ཡང་མི་དགོས།། དབྱིན་སྐད་མཁས་པ་ཡང་མི་དགོས།། རང་གི་སྐད་ཡིག་དེ་ཤེས་ན།། སློབ་སྦྱོང་དེ་གས་རང་འགྲིག་པ།།

ཆོས་པའི་སྤྱི་ཚོགས་ལ་ཞུགས་ནས།། ཆོས་དང་ཆོས་མིན་གཉིས་བསྲེས་ཏེ།། ཅི་མོས་གང་མོས་དེ་མཐོང་བས།། ཆོས་ཀྱི་གདམས་ཚིག་འདི་ཤོར་སོང༌།།

བཤད་པས་རྫོགས་མཐའ་ཞིག་མི་འདུག། བཤད་བཤད་ལྕེ་རྩེ་ཡང་རྟུལ་སོང༌།། བྲིས་པས་ཚར་ས་དང་མི་འདུག། བྲིས་བྲིས་ལག་པ་ཡང་མིད་སོང༌།།

ཕྱོགས་ཙམ་དཔེ་མཚོན་གྱི་དྲན་ཐོ།། ཡི་གེའི་རི་མོ་ལ་བཀོད་ཡོད།། གཟུར་གནས་མཁས་པ་ཞིག་ཡོད་ན།། ཨེ་བདེན་བརྟག་དཔྱོད་ཅིག་གནང་རོགས།།

སྤྲང་རྒན་བེ་སྨྱོན་གྱི་བཟི་གཏམ།། གསན་འོས་སྙན་པོ་ཞིག་མེད་ཀྱང༌།། རིགས་པའི་སྲང་མདའ་ལ་བཞག་ན།། ཕལ་ཆེར་ལེགས་བཤད་ཅིག་ཡིན་སྲིད།།

༩༥/༥/༢༠ ཉིན་ལ་བྲིས་འབྲས་སྤུངས་ནས།



མཚར།

༼ནོངས་འགྱོད་ཀྱི་ཟུར་ཐོ་ཚན་པ་བཅུ།༽ ༡ སྤྲུལ་རྫུན། སྔ་མའི་མིང་གི་སེང་ལྤགས་ལུས་ལ་གོན།། ཕྱི་མའི་ལ་རྒྱའི་མདུན་ལམ་རྒྱབ་ཏུ་གཡུགས།། ཤི་གསོན་གཉིས་ཀྱི་འབྱོར་པའི་ཁྲལ་སྡུད་མཁན།། རང་བྱུང་ལྷ་ནས་བབས་པ་དེ་ཁོ་མཚར།།

༢༽ ནང་ཆོས་ལ་མཁས་པ་འགའ་ཞིག བརྗིད་ཆགས་རྭ་སྐོར་ནང་གི་པབྲསྤྱ༣ཏ།།

ཡངས་པའི་རྒྱོ་་གསེབ་ཏུ་ལྐུགས་པའི་བུ། 

དམར་སེ་བལགྱི་ཚོན་རིས་བཀྲ་བ་ཡིསྒྱ། སྤུ་མེད་དུསར ་གསར་པའི་ལུགརྒ༤མཚར།།

༣ གྲུབ་རྫུན། མགྲིན་བཟང་རྒན་པོའི་ཐུགས་དམ་མཐིལ་ལ་མཁས།། མྱོས་བྱེད་བཏུང་བར་གླངཔོས་ཆུ་ལྟར་གོམས།།

 མི་ཡི་རྐང་རུས་འཇིབས་པའི་ཆོ་ག་མཁན།།

རལ་པའི་ཐོར་ལྕོག་ཁུར་གྱིས་དུབ་པ་མཚར།། ༤ རྗེས་ལུས། དུས་རབས་འགྱུར་འགྲོས་གློག་གིས་མདུན་ནས་བསུ།། གོ་ལའི་འགྲོས་ཀྱི་རྒྱབ་ནས་འགྲམ་ལྕག་གཞུ། དུས་རབས་ཉི་ཤུའི་དྲིལ་བརྡས་དཀྲོགས་ན་ཡང༌།། རྐང་ལམ་ཕྲ མོའི་རྗེས་ཤུལ་ལུས་པ་མཚར།། ༥ བག་ཁུམས། མགོ་བོ་དགྱེ་ལྷ་ལ་ཕོག་པས དོགས། རྐང་པ་རྐྱོང་ན་ཀླུ་ལ་གནོད་པས་འཛེམས།། དཔུང་པ་བགྲད་ན་གཉན་ལ་ཐུག་པས་སྐྲག། རྟག་ཏུ་འཁུམས་ནས་མི་ཚེ་འདའ་བ་མཚར།། ༦ རྨོངས་དད། འབུར་འབུར་ཀུན་ལ་གསོལ་འདེབས་ཐལ་མོ་སྦྱར།། ཐེམ་ཐེམ་ཀུན་ལ་ཐོད་པ་སྐོམ་པོས་རྡུང༌།། རློན་རློན་ཐམས་ཅད་མིག་ཟུང་བཙུམས་ནས་འཐུང༌༎ རྒུར་རྒུར་རྐྱང་པོས་མི་ཚེ་འདའ་བ་མཚར ། ༧ མཁྲེགསའཛིན། ལྐོག་གྱུར་རྟགས་ཀྱིས་སྒྲུབ་ན་རྣ་བ་འགེབས།། མངོན་གྱུར་འཛུབ་མོས་སྟོན་ན་མིག་ཟུང་བཙུམ།། ཡིན་ལུགས་ཁད་ཀྱིས་འཚོལ་ན་ཁྲེལ་རྒོད་རེད།། སྲ་མཁྲེགས་གོ་མའི་ཀླད་རྒྱ་ཅནདེ་མཚར།། ༨ རྙིང་ཞེན། སྔ་སྲོལ་ཐམས་ཅད་ལྷ་ཡིས་བྱས་པར་འཛིན།།

ཕྱིས འབྱུང་ཐམས་ཅད་བདུད་ཀྱི་ཆོ་འཕྲུལ་ལྟ།།

ད་ལྟའི་ཐམསཅད་རྙིང་མའི་རང་མཚང་སྨྲ།། ཐམས་ཅད་འགལ་འདུ་འཆར་བའི་གྲུབ་མཐའ་མཚར།། ༩ མཁས་རློམ། རྣམ་དག་བརྡ་ཆད་དམར་པོའི་ཤན་གྱིས་དོགས།། མེས་པོའི་བརྡ་འགྲེལ་སྐྲ་སེར་སྐད་ལ་གཏུགས།། དུས་རབས་ཉི་ཤུ་ཤེས་བྱའི་རྒྱ་མཚོའི་འགྲམ།། ཁྲོན་པའི་སྦལ་བ་རྒན་པོའི་གླུ་དབྱངས་མཚར།། ༡༠ ཨ་གསར། རྣམ་དག་ཆོས་དང་སྡེ་བཞི་སྲིད་ཀྱི་བརྡ།། ཐོན་མི་མཁས་པའི་བློ་ཡི་རྭ་བ་ལས།། དཔག་ཚོད་བརྒལ་བའི་གྲགས་ཆུང་ཕལ་སྐད་མཁན།། ཁྭ་ཏའི་ཅ་ཅོ་སྙིང་པོ་འཛིན་པ་མཚར།།


བྱ་མ་རྟའི་གསར་ཤོག་ཐོག་མར་མཐོང་བའི་ཚོར་སྣང༌།།

ལུགས་གཉིས་འབྲས་བཟང་གཡུར་དུ་ཟ་བ་ཡི།། སུམ་རྩེན་ས་ལ་འཕོས་འདྲའི་ལྗོངས་དེ་ནས།། དངོས་དོན་བྱ་བཞག་མ་འཁྱོག་གསལ་བའི་འཕྲིན།། ཅང་ཤེས་རྟ་ཕོའི་ཟོལ་དུ་འཕུར་བར་མཐོང༌།།

བརྗོད་བྱ་མ་མཁྱོག་ཚངས་པའི་ཐིག་གི་ཟླ།། རྗོད་བྱེད་མ་ཉོག་ཡན་ལག་བརྒྱད་ལྡན་ཆབ།། གཞུང་དམངས་ཀུན་གྱི་གདུང་སེལ་བདུད་རྩིའི་གཏེར།། སྔོན་མེད་ཡན་ལག་བརྒྱད་ལྡན་བྱ་མ་རྟ།།

གཞུང་འབྲེལ་དྲིལ་བསྒྲགས་སྤེལ་པའི་གཡས་འཁྱིལ་དུང༌།། དཔྱོད་ལྡན་རྨ་བྱ་དགའ་སྐྱེད་དབྱར་གྱི་རྔ།།། ཡར་རྒྱས་ངོ་སྤྲོད་གསལ་བའི་མེ་ལོང་སྟེ།། སྔོན་མེད་ཁྱད་ནོར་གསར་པའི་བྱ་མ་རྟ།།

ཡ་རབས་ངོ་སོ་བསྟོད་པའི་གསེར་གྱི་ཁྲི།། མ་རབས་རྐང་འོག་མནན་པའི་ལྷམ་གྱི་མཐིལ།། བཟང་ངན་ལྕི་ཡང་འདེགས་པའི་ཉ་ག་སྟེ།། སྔོན་མེད་ཁྱད་ནོར་གསར་པའི་བྱ་མ་རྟ།།

དྲང་བདེན་དཔོན་གྱི་དགོངས་གསལ་སྣང་བའི་མཛོད།། ཉམ་ཆུང་དམངས་ཀྱི་རེ་སྐོང་ཡིད་བཞིན་ནོར།། རིག་གཞུང་གསོ་བྱེད་གངས་རྒྱུན་ཞུན་མའི་ཁམས།། སྔོན་མེད་ཁྱད་ནོར་གསར་པའི་བྱ་མ་རྟ།།

འབྲས་ལྗོངས་གཞུང་གི་དྲིལ་བསྒྲགས་ལས་ཁུངས་ནས།། འཕུར་བའི་བྱ་མ་རྟ་ཡི་གསར་ཤོག་འདི།། མཐོང་བའི་མོད་ལ་རྨ་བྱ་དག་གི་ཡིད།། དབྱར་གྱི་རྔ་བཞིན་དགའ་བ་འབུམ་གྱིས་མྱོས།།

དུས་རབས་གསར་པའི་འགྱུར་འགྲོས་ལས་འཕོས་པའི།། ལེགས་ཉེས་ཆུ་ཡི་གཉེར་མའི་ཟློས་གར་ཚུལ།། མ་མཁྱོགས་རྗེན་པ་གསལ་བའི་སྒྲོན་མེ་འདི།། བསྐལ་པའི་མཐར་ཡང་མི་ནུབ་འབར་བགྱུར་ཅིག།

དེ་སྐད་དུ་ཡང་གངས་ཅན་མདོ་ཁམས་པ།། སྒྲ་ཚད་སྙན་ངག་ནང་དོན་རིག་གནས་ཀུན།། སྨྲ་བྱེད་ཟུང་ལྡན་འདབ་མ་ཤེས་བྱའི་མཁར།། ལྡིང་མཁས་འཇིགས་མེད་མིང་པས་སྤེལ་བ་དགེ།།

 ༡༩༩༥༧༡༤  རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་ནས་བྲིས།

ཀ་བཤད་གསེར་གྱི་རྔ་སྒྲ།

ཀ་ཁའི་མགོ་རྔ་མ་ཤེས་གོང་ནས་ཁ་དོག་དཀར་དམར་རིགས་ལམ་སློབ།། ག་དུས་ཡིན་ན་ཆོས་གྲྭའི་ནང་དུ་ང་དང་ཁྱོད་ཅེས་རྩོད་པ་རྒྱབ།། ཅ་ལག་འབྱོར་པ་ཅི་ཡང་མེད་པར་ཆ་ལུགས་ཕྱུག་པོའི་སྟངས་ཀ་འཛིན།། ཇ་ཐུག་སྐུ་འགྱེད་སྦྱིན་བདག་ཡོད་ན་ཉ་མོ་ཆུ་ལ་འཁྱུག་ལྟར་རྒྱུག། ཏ་ཐཱ་ག་ཏའི་དགོངས་དོན་ངོ་མ་ཐ་ན་ཚིག་འབྲུ་གཅིག་མི་ཤེས།། ད་དུང་སྤོབས་པ་རི་ལས་ཆེ་ནས་ན་ག་ཛི་ནའི་ལུགས་བཟང་སྨྲ།། པ་རེ་པི་རེ་ཐལ་རྟགས་སྐམ་པོས་ཕ་རོལ་དམ་བཅའ་སྨ་འབེབས་བྱེད།། བ་སྤུའི་བུ་ག་རེ་རེའི་ཁུངས་ནས་མ་རབས་རང་མཚང་རེ་རེ་བསྟན།། ཙ་ཀོ་ར་ཡི་སྐད་དང་མཚུངས་པའི་ཚ་གྲང་ཚིག་རྩུབ་གང་བྱུང་སྨྲ།། ཛ་ཡའི་གསུང་རབ་ཉམས་ལེན་བོར་ནས་ཝ་བཞིན་ཉིན་འཁྱམས་མཚན་འཁྱམས་བྱེད།། ཞྭ་དང་ཆོས་གོས་སེར་པོ་གོན་ནས་ཟ་མའི་དོན་དུ་གྲོང་ཆོག་རྒྱུག། འ་འུར་འདོན་པ་ཚིག་གཅིག་མི་གདོན་ཡ་ཡུག་སྒྲིམ་ནས་དཀོར་ནག་ཟ།། ར་བ་གངས་རིས་བསྐོར་བའི་ལྗོངས་ནས་ལ་ལུང་བརྒལ་བའི་བྲོས་བྱོལ་བ།། ཤ་ཚུགས་སྣ་སྙག་བོད་པའི་གྲྭ་བ་ས་སྟེང་འདི་ན་ཡ་རེ་མཚན།། ཧ་ཚུཊ་མེད་པའི་བདེན་གཏམ་དྲང་པོ་ཧ་ཅང་བཤད་རང་ཆེས་དྲཊ་ནས།། ཨ་ཁུ་མཁས་པའི་ཐུགས་ལ་ཕོག་ན་ཨ་ཕྲུག་ང་ཡིས་བཟོད་གསོལ་ཞུ།།

༡༩༩༥༧༢༥ ལ་འབྲས་སྤུངས་ནས་བྲིས།


ཀ་རྩོམ་བཤན་པའི་སྤུ་གྲི།

མ་སྨད་ཐེག་པ་མཆོག་གི་བསྟན་པ་འཛིན།། གསང་ཆེན་རྡོ་རྗེ་ཐེག་པའི་མཛོད་ལ་དབང༌།། རབ་འབྱམས་སྨྲ་བའི་ཆོས་གྲོགས་དགེ་བཤེས་ལགས།། འཇིགས་མེད་ཀླ་ཀློའི་བུ་ངའི་འཕྲིན་འདིར་གསོན།།

ཀ་ཁ་ག་ངའི་མགོ་རྔ་མ་ཤེས་གོང༌།། ཁ་དོག་དཀར་དམར་རྩོད་པའི་རིགས་ལམ་དེ།། ག་འདྲ་ཡིན་ནམ་སྙམ་པའི་དོགས་པ་ཞིག། ང་ཡི་སེམས་ལ་མི་ཤར་ཀ་མེད་བྱུང༌།།

ཅ་ཅོ་རྟགས་དང་ཐལ་སྐམ་རིགས་པའི་འཕྲུལ།། ཆ་མེད་རྒྱུས་གཏམ་སྨྲ་བའི་ཆོས་གྲྭ་དེར།། ཇ་ཧང་མདངས་ལྡན་གྲྭ་བ་རྣམས་ཀྱིས་གསེབ།། ཉ་འདྲེས་ཆུ་འདྲེས་བྱས་ནས་འགྲོ་ཁུལ་བྱས།།

ཏ་ལའི་ཤིང་ལྟར་བརྟན་པོ་མེད་པ་ང༌།། ཐ་སྙད་རིག་པའི་གནས་ལ་མགོ་འཁོར་ཏེ།། ད་ལྟར་ཆོས་གྲྭར་འགྲོ་རྒྱུ་མཚམས་བཞག་ནས།། ན་ནིང་ནང་བཞིན་སྤར་ཁང་ནང་དུ་ཡོད།།

པ་ལོ་མགོ་ནས་གཅོད་པའི་གྲྭ་གཟུགས་ང༌།། ཕ་ཡུལ་ཕྱོགས་སུ་གླེན་པ་ཞག་མགོ་ཞེས།། བ་ལང་གྲས་ལ་འཇོག་པའི་གསར་འཕྲིན་དེས།། མ་ལྷག་མ་ཆད་ཁྱབ་སྒྲག་བྱེད་ཐུབ་འདུག།

ཙ་རི་བསྐོར་པའི་དཀའ་སྤྱོད་འབད་བརྩོན་དང༌།། ཚ་གྲང་ཁྱད་གསོད་སློབ་གཉེར་མ་བྱས་པར།། ཛ་རེ་ཛོ་རེས་མི་ཚེ་རྫོགས་པའི་མཐར།། ཝ་སྐྱེས་སེངྒེའི་མིང་དེར་ང་མི་དགའ།།

ཞྭ་སེར་ཅོན་པཎ་འཆང་བའི་དགེ་བཤེས་གང༌།། ཟ་བྱེད་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ།། འ་འུར་མཁྱེན་བརྩེ་ནུས་པའི་མེ་ཡོད་ན།། ཡ་མེད་རང་སྐྱོན་འགོང་པོ་བསྲེག་པར་མཛོད།།

ར་བ་གངས་ཅན་ཞིང་དུ་པབྲསྤྱ༣ཏ།། ལ་ལུང་གཞན་དུ་སླེབས་དུས་ལྐུགས་པའི་བུ།། ཤ་ཚུགས་མི་ལ་རྫུས་པའི་ལུག་རྒན་དེ།། ས་མཐའ་འདི་ན་ཡ་མཚན་ཆེ་བ་ཞིག།

ཧ་ཅང་འཁྱོག་པའི་སྔོན་གྱི་གླུ་དབྱངས་དེ།། ཨ་ཕོ་ཧོར་གྱི་རྣ་བར་སྙན་ན་ཡང༌།། ཧ་ཚུགས་མེད་པའི་རྣམ་དཔྱོད་ཤེས་རབ་ཅན།། ཨ་རེ་དུས་རབས་གསར་པའི་བུ་ལ་མིན།།

ཐ་སྙད་རིག་པས་གོ་བརྡ་མ་སྤྲོད་པར།། དོན་དམ་གཤིས་ལུགས་ཨ་མའི་འཛུམ་ཞལ་དེ།། ཐལ་སྐམ་རིགས་པའི་ལམ་ནས་རྙེད་ནུས་ཞེས།། ཇི་ཙམ་བཤད་ཀྱང་ལྐུགས་པའི་ཨུ་ཚུགས་ཡིན།།

མུ་ནིའི་གསུང་གྲགས་མ་ཧཱ་ཡ་ནཾ་དང༌།། ནཱ་གཱ་རྫི་ནའི་ཏ༅ཧྲཌ་བྲསྒྲྣརྡ༅ྣ།། དགེ་ལྡན་ཨ༅ྣར་པྲ་ཏི་ཥེ་ཧ་ཏྲིཾ།། ཙིསྒྲྣཿའི་གཏིང་ནས་ན་ཧི་བི་པཁྲརྟཿ།།

སེང་ལྤགས་རྒྱབ་ཏུ་གོན་པའི་ཝ་མོ་དང༌།། མཆུ་དམར་ནེ་ཙོ་སྔོན་པོའི་ཆོས་བཤད་གཉིས།། བལ་ལྡན་ཁྱིམ་མཚེས་རི་སྤྱང་རྒན་པོ་གསུམ།། སེམས་ཀྱི་གཏིང་ནས་ཡིད་འཆེས་སྤུ་ཙམ་མེད།།

གསང་བ་བསམ་མི་ཁྱབ་པའི་འུད་ཤོད་ཀྱིས།། དངོས་ཡོད་མངོན་སུམ་ཚད་མར་སྙེམས་པའི་འཕྲུལ།། བློ་ཡུལ་མེད་པའི་ཤེས་བྱའི་རྒྱ་ཚོའི་ནང༌།། སྒྲོ་སྐུར་སྐར་མའི་གཟུགས་བརྙན་འབུམ་ཕྲག་བརྒྱ།།

རང་གི་འདོད་པའི་རྟག་ཆད་ལྟ་བ་ལ།། ཀླན་ཀའི་མཆེ་བ་རྔམས་པའི་སེངྒེའི་སྒྲ།། བདེ་གཤེགས་གསུང་རབ་དྲང་དོན་ལམ་ཀྱོག་ཏུ།། འདྲེན་པའི་འཕྲུལ་འདི་དབུ་སེམས་མཁན་པོའི་སྲོལ།།

ལྐོག་གྱུར་གཉིད་ཀྱི་རྨི་ལམ་འཐུག་པོའི་ནང༌།། པད་མ་ནོར་བུ་འཁོར་ལོའི་ཚོར་སྣང་གིས།། ཟབ་གསང་སྔགས་ཀྱི་དབང་བཞིའི་ལམ་འཕྲང་ནས།། སྐལ་དམན་དམྱལ་ཁམས་འགྲིམ་པའི་ལག་ཁྱེར་སྦྱིན།།

དམ་ཁྲིའི་སྟེང་ན་སེངྒེའི་ང་རོ་སྒྲོག། བྲག་ཕུག་ནང་དུ་ཁྱི་རྒན་ཡ་སོ་ངོམས།། འདི་ནི་ཏསྨྱཔཿཛ༼འརྐྱྣ༣རྱའི་ཟློས་གར་ཏེ།། ལྔ་བརྒྱའི་གར་བཏེགས་ཐོག་གི་ལྟད་མོ་ཡིན།།

མེད་དགག་ལྟ་བ་བ་ཚྭའི་རྒྱ་མཚོའི་ནང༌།། དངོས་འཛིན་རྦ་རླབས་ནམ་མཁའ་དབྱིངས་སུ་ཕྱུར།། ཐར་འདོད་སྐོམ་པ་སེལ་བའི་བཏུང་བ་ཞེས།། སྒྲོ་སྐུར་རོལ་མོ་འཁྲོལ་བ་གྲགས་ཆ་ཡིན།།

འཇིག་རྟེན་འཁོར་འདས་དངོས་པོ་མ་ལུས་ཀུན།། གང་ཟག་སོ་སོའི་སྣང་ཚུལ་སྣ་ཚོགས་ཀྱིས།། འཐད་དང་མི་འཐད་འཆར་སྣང་སྒྱུ་མའི་གར།། དོན་དམ་གཤིས་ལུགས་ངང་དུ་མཉམ་པ་ཉིད།།

ཐར་པར་འདོད་ན་བདེན་བཞིའི་ཆོས་ལ་སློབས།། སྐྱབས་འགྲོ་འདོད་ན་སངས་རྒྱས་ཉན་ཐོས་སྟེན།། བདེ་བ་འདོད་ན་ཞི་བའི་དབྱིངས་ལ་བརྩོན།། འདི་གསུམ་ཤཱཀྱ་ཐུབ་པའི་དགོངས་དོན་ཡིན།།

དམ་བཅའ་གསུམ་ལྡན་གཏམ་གྱི་ཉག་ཕྲན་འདིས།། དགེ་བཤེས་ཐུགས་ལ་འབིགས་ན་བཟོད་པར་གསོལ།། ཡིན་ལུགས་རིགས་པས་ཁད་ཀྱིས་འཚོལ་བའི་གཏམ།། མཁྱེན་ན་དགེ་བཤེས་དགྱེས་པའི་མཆོད་སྤྲིན་ཡིན།།

མ་བཅོས་གཉུག་མའི་སེམས་ཀྱི་ལྟ་ཚུལ་འདིས།། གནར་མེད་དམྱལ་བར་ལྷུང་ཡང་འགྱོད་པ་མེད།། ཞྭ་སེར་བསྟན་པས་སྡང་ཡང་བློ་ཕམ་མེད།། མི་ཚེ་འདི་ཉིད་ཕུང་ཡང་འགྱོད་པ་མེད།།

བེ་རི་འཇིགས་མེད་དམྱལ་བར་ལྷུང་ན་ཡང༌།། དགེ་བཤེས་བསྟན་དགས་སྐྱོབ་པའི་རེ་བ་མེད།། བྷཱ་ཥིཏ་ནནྟ་གནམ་ལ་འཕུར་ན་ཡང༌།། འཇིགས་མེད་སྡིག་ཅན་ཡིད་འཆེས་སྤུ་ཙམ་མེད།།

ཁྱོད་ཀྱི་ཐར་པས་ཁྱོད་ཉིད་བདེ་ལ་འགོད།། ང་ཡི་སྡིག་པས་ང་རང་སྡུག་ལ་སྦྱོར།། ཁྱོད་ཀྱི་ཐར་པས་ང་ལ་ཕན་མི་ཐོགས།། ང་ཡི་སྡིག་པས་ཁྱོད་ལ་གནོད་མི་བསྐྱལ།།

ཁྱོད་ཉིད་དགྱེས་པའི་ལམ་ལ་ཁྱེད་ཉིད་གཤེགས།། ང་རང་འདོད་པའི་ལམ་ལ་ང་རང་འགྲོ། ཀུན་ཀྱང་རང་གི་འདོད་པའི་རྗེས་འགྲོ་ཕྱིར།། གཅིག་གིས་གཅིག་ལ་བཀག་འགོག་བྱེད་དོན་མེད།།

སྲོག་ལྡན་འདབ་ཆགས་ནམ་མཁའི་དབྱིངས་སུ་ལྡིང༌།། གསེར་མིག་ཉ་མོ་དྭངས་གཙང་ཆུ་ལ་རྩེན།། རང་རང་འཁོར་བའི་ལས་ཀྱི་བསྐོས་ཐང་དེ།། དབང་ཆེན་ཚངས་པ་ཡིན་ཀྱང་བཟློག་ནུས་མིན།།

ཁྱོད་ཀྱི་འདོད་པའི་བློ་དང་མི་འཚམ་ཡང༌།། ང་ལ་ངན་སྨྲས་ཚིག་མཚོན་འཕེན་དོན་མེད།། ང་རང་འདོད་པའི་བདེ་བ་བསྒྲུབ་པའི་སླད།། ཁྱོད་ཀྱི་འདོད་བློའི་ངོ་སོ་འཚོལ་དོན་མེད།།

སྔ་ཕྱིར་རྣ་བ་སུན་པའི་བབ་ཅོལ་ཡང་ཡང་སྨྲས་ནས་བསྡད་མ་བཅུག་པར་བརྟེན་དེ་ལན་ཞིག་མི་འབྲི་ཀ་མེད་ཐུག་སྟེ་རབ་བྱུང་བཅུ་བདུན་པའི་ཉག་མ་དགུ་པ་ན་ཚོད་ལྡན་ཏེ་ཤིང་ཕག ༡༩༩༥༧༢༥ ལོར་རང་ཤག་ཏུ་བྲིས།



གྱེས་ཁའི་དྲན་རྟེན།

རྣམ་དག་སྤྲོས་བྲལ་ཆོས་ཀྱི་དབྱིངས་ལ་སྲིད་དང་ཞི་བ་རོ་གཅིག་ཀྱང༌།། ཀུན་རྫོབ་མོས་པ་རྒྱ་མཚོའི་ཀློང་དུ་མཁྱེན་བརྩེ་རླབས་སྟོང་དགོད་པ་ཡི།། འཇམ་དཔལ་རྡོ་རྗེ་རྣོན་པོའི་འཕྲུལ་དང་ལྷན་ཅིག་དགྱེས་དགུར་སྤྱོད་མཛད་མ།། ཉམ་ཆུང་བུ་ངའི་སྨྱུ་གུའི་སྒྱུ་རྩལ་འདོད་དགུར་བསྒྱུར་བའི་རམ་འདེགས་མཛོད།།

བསྡད་ན་སྡོད་པའི་སྡོད་ས་མི་སྤྲོད་སྡང་མིག་གློག་གི་ཞགས་པ་འཁྱུག། འགྲོ་ན་འགྲོ་སའི་བཤུལ་ལམ་རྒྱུད་ནས་དམོད་ཚིག་ལྕགས་ཀྱི་ཉག་ཕྲན་འཕེན།། བསླབས་ན་སློབ་པའི་བསླབ་གཞི་ནོར་ཞེས་ཕྲག་དོག་དུག་གི་རྒྱ་མཚོ་ཕྱུར།། དེ་སླད་སྨྱུག་རྩེའི་ལན་འདེབས་འདི་ཉིད་ཉམ་ཆུང་བུ་ངས་བྱེད་དགོས་བྱུང༌།།

ཡུན་རིང་ལྟོ་སྐྱ་གོས་ཧྲུལ་བྱས་པའི་མཚན་ཉིད་སློབ་པའི་ཆོས་གྲྭ་ནས།། དགུན་དུས་གྲང་ལྷཊ་ཀྱུར་བུའི་གསེབ་ཏུ་ལྔ་མཆོད་ཆེན་མོའི་སྒྲུབ་མཆོད་སླད།། འགྲོ་ཕན་གླིང་གི་དགོན་དུ་ཟུག་པའི་རྐང་ལམ་ཕྲ་མོ་དེ་བཟུང་ནས།། ལ་རྒྱའི་མེ་དཔུང་ཁོག་ནས་འབར་ཞིང་རེ་བའི་འདུན་ལམ་གསལ་ཞིང་ཡོང༌།།

བསམ་ཡུལ་མེད་པའི་བསླུ་བྲིད་ཅིག་གིས་རེ་བའི་གོམ་སྟབས་ཚད་བཀག་བྱས།། གཞི་རྩ་མེད་པའི་གཡོ་སྒྱུ་ཞིག་གིས་ལ་རྒྱའི་མེ་དཔུང་ཆུ་ལ་བསྐྱུར།། སྒྱུ་མཁན་མེད་པའི་མིག་འཁྲུལ་ཞིག་གིས་ལྷག་བསམ་རྟ་ཕོ་སྒྲོག་གིས་བཅིངས།། བསམ་ཤེས་མེད་པའི་དོན་རྐྱེན་འདི་ཀོ་ལས་སྐལ་ལྷ་ཡིས་ང་ལ་བྱིན།།

ཐལ་སྐད་ཆོས་ཀྱི་གླུ་དབྱངས་ཕག་ནས་དཔའ་སྐད་ཕྱོགས་རིས་ཀི་སྒྲ་འདོན།། ཉམ་ཆུང་ཐོས་བརྩོན་བུ་ཡི་མགོ་བོ་རྐང་པའི་རྡུལ་གྱི་ཁྲོད་ལ་བསྙེས།། ཤེས་རྒྱ་མེད་པའི་དགེ་བསྐོས་གླེན་པས་ཁྲིམས་ཀྱི་ལྕཊ་རྒྱུགས་ཕར་གཡུཊ་ཏེ།། མི་ཚོགས་གསེབ་ཏུ་དཀྱུས་མའི་མི་བཞིན་ལག་པས་མགོ་བོ་སྐྱོར་ཏེ་བྲོས།།

ལུང་དང་རིགས་པའི་རྩོད་པའི་ལན་དུ་ཤེད་དང་དཔུང་པས་ཁ་གཏོད་གཅོག། ལྷ་དང་བླ་མའི་ཆོས་གྲྭའི་ནང་དུ་བུ་དང་མག་པའི་དཔུང་སྒྲིག་དེ།། ཆོས་ལྡན་ཞིང་གི་ལམ་སྲོལ་མ་ཡིན་ཤཱཀྱ་ཐུབ་པའི་དགོངས་པ་མིན།། དུས་རབས་ཉི་ཤུའི་ཧུར་བརྩོན་དཔའ་བོའི་ཞུམ་པ་མེད་པའི་སྙིང་སྟོབས་ཡིན།།

ལྷ་དང་བླ་མའི་ཆོས་གྲྭའི་ཁྲིམས་དང་དཔོན་དང་འབངས་ཀྱི་ལུང་པའི་སྒྲིག། བར་མཚམས་གཅོད་པའི་གྱང་རྭ་མེད་པ་གཅིག་སྣེ་གཅིག་ལ་མཐུད་པ་དེ།། ཆོས་དང་འཇིག་རྟེན་གང་དུ་མི་མཐུན་འཇིག་རྟེན་གསར་པའི་ཆཊ་ཚུལ་ཏེ།། དུས་རབས་ཉི་ཤུའི་ཡུལ་པ་རྣམ་པའི་སྙིང་སྟོབས་མཚོན་པའི་དཔང་རྟཊ་ཡིན།།

ཐ་སྙད་རིག་པའི་གནས་ལ་སློབ་ན་འཕྱ་སྨོད་འབྲུག་གི་དགོད་སྒྲ་ལྡིར།། མཚན་ཉིད་རིགས་པའི་གཞུང་ལུགས་དེ་ཚོ་མཁོ་མེད་ཉི་ཚེའི་གཞུང་དུ་སྨྲ།། འདོན་དང་ཁ་ཁྲལ་བློ་འཛིན་བྱེད་ན་ཕྲག་དོག་དུག་གི་རྒྱ་མཚོ་འཁོལ།། ཙོག་གེར་སྡོད་ན་ངོ་བསྟོད་ཐེ་བོང་མདུན་ནས་སྒྲེང་ཞིང་རྒྱབ་ནས་འཕྱ།།

ཉམས་དགའི་བརྗིད་ཆགས་ཆོས་ཀྱི་སྡེ་འདི་འདོན་པ་ཙམ་གྱིས་ཆོག་གྱུར་ན།། འགྲོ་ཕན་གླིང་གི་འདོན་དང་ཁ་ཁྲལ་ཤོག་ལྷེ་གཅིག་ཀྱང་མ་ཆད་པར།། དགེ་འདུན་འདུས་པའི་ཚོགས་ཀྱི་དབུས་སུ་ང་ཡིས་རྒྱུགས་སྤྲོད་བྱས་ཡོད་པས།། ཁྱེད་ལྷན་དགྱེས་པའི་བསྔགས་བརྗོད་མེད་ཀྱང་སྨོད་ཚིག་ལྐོག་མདའ་འཕེན་དོན་ཅི།།

འབག་དང་གོས་ཆེན་ལུས་ལ་གོན་ནས་ལྷ་དང་སྲུང་མའི་ཟློས་གར་དང༌།། དུང་དང་རྒྱ་གླིང་སྙན་པོའི་དབྱངས་ཀྱིས་བསྟན་སྲུང་རྒྱ་མཚོ་དབྱིངས་ནས་བསྐུལ།། འཆམ་དང་དུས་ཆེན་གཟབ་འཆོར་སྤྲས་པའི་ཉི་ཤུ་དགུ་ཡི་གཏོར་རྒྱག་དེ།། བཅུ་དགུ་ཉིན་ལ་བསྟུངས་པར་བྱས་པའི་ལམ་སྲོལ་གསར་པའི་དུས་སྟོན་ལ།།

མི་འདོད་ནན་གྱིས་ཡང་ཡང་བསྐུལ་བས་རྒྱ་སེ་སྟོད་འགག་རྒྱང་རྒྱབ་སྟེ།། ལྕི་ཞིང་ཆེ་བའི་རོལ་ཆ་ཐོགས་པའི་ཟུར་འགྲོས་པ་ཡིས་མིང་བསྙེགས་ནས།། ཞོཊ་འཆམ་ཚར་ནས་གཏོར་རྒྱག་འགྲོ་ཤུལ་བཀྲ་ཤིས་དགུ་བརྩེགས་རྡུང་བ་དེས།། ང་རང་ཟུར་དུ་འགྲོ་བའི་བཀྲ་ཤིས་ཐོག་མའི་མགོ་བོ་དེ་ནས་ཚུགས།།

དགའ་ལྡན་ལྔ་མཆོད་ཆེན་པོའི་མཛད་སྒོར་རྩོད་པའི་སྤྲིན་གྱི་རོལ་མོ་དེ།། ཆགས་སྡང་སྤྲིན་ནག་ཀློང་དུ་བཅིངས་ཏེ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ནང༌།། དད་པའི་མཆོད་མཇལ་ཆེད་དུ་སླེབས་པའི་དྲིན་ཅན་ཨ་མའི་སྐྲ་ལོ་དེ།། འཁོན་འཛིན་དམོད་མོས་སྦར་ཁྱིམ་བསྲིངས་པ་ང་ཡི་སེམས་ལ་བརྗེད་ནུས་མིན།།

གསེར་དང་དངུལ་གྱི་སྐུ་འདྲ་དང་ནི་འབུར་དང་ཚོན་གྱི་ཞལ་ཐང་དག། དགོན་ལ་ཕུལ་བའི་འབྱོར་ལྡན་དེ་ཀོ་བྱས་རྗེས་ཡོད་པའི་མི་སྣ་ཡིན།། ཆོས་དང་ཐ་སྙད་ཤེས་ཁུལ་བྱེད་པའི་ལྐུགས་པའི་རང་མཐོང་ཆེ་བ་དེ།། འགྲོ་ཕན་གླིང་གི་ཞབས་འདྲེན་ཡིན་ཞེས་ཚིག་རྩུབ་མདའ་མོས་སྙིང་ལ་འབིཊ།།

འགྱེད་དང་མང་ཇའི་གཏོང་སྒོ་ཡོད་དུས་སྐྲ་ལོ་བཅད་ནས་གྲྭ་ཆས་གོན།། དཔྱིད་ཉིན་རིང་པོའི་ནམ་ཟླའི་ཁྲོད་དུ་རྐང་སྣམ་གོན་ནས་གསེར་བརྐོ་རྒྱུག། ཆོས་དང་འཇིག་རྟེན་གཉིས་ཀའི་དོན་ལ་སྒྲུབ་པའི་རྒྱལ་མཚན་སྒྲེངས་མཁས་པ།། དུས་རབས་ཉི་ཤུའི་གཞོན་ནུ་རྣམ་པའི་སྙིང་རུས་འདི་ལ་འགྲན་ནུས་མིན།།

བུ་དང་ཆུང་མ་ཁྱིམ་ལ་བཞག་ནས་ཆོས་ཁྲིའི་ཐོག་ནས་བཀའ་དབང་གནང༌།། སྡོམ་པའི་མགོ་བོ་ཐང་ལ་བསྐྱུར་ཏེ་གདོང་གྲལ་ནང་ནས་རྟ་དབྱངས་འཐེན།། རྩ་བཞི་ཆང་ལྔའི་སྲུང་སྡོམ་མི་ཤེས་གྲལ་གྱི་དཀྱིལ་ནས་ཚོགས་གཏམ་གཏོང༌།། སྙིགས་དུས་སངས་རྒྱས་བསྟན་པའི་མཛེས་རྒྱན་ཁྱོད་ཚོ་མིན་ན་སུ་ཞིག་ཡིན།།

འབྲས་དང་གོར་མར་མོག་མོག་དྲངས་ན་ཕོ་ཁུག་ནང་དུ་སྡུད་རྐྱང་བྱེད།། ཇ་དང་རྩམ་པའི་མར་པག་མཆོད་ནས་ཆོ་གའི་དཀྱིལ་འཁོར་བསྡུ་མགོ་ཚུགས།། ཁྲག་དང་དངུལ་ཆུས་བསགས་པའི་སྒོར་མོ་དངུལ་ཁུག་ནང་དུ་བསྡུ་བ་དེ།། སངས་རྒྱས་བསྟན་པའི་དོན་དུ་མ་ལགས་རང་གི་ལྟོ་གོས་གསོག་པའི་ཆེད།།

ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅོ་ལྔའི་སྨོན་ལམ་ཆེན་མོའི་དུས་ཆེན་དུ།། ཟབ་རྒྱས་གསུང་རབ་གཞུང་གི་དོན་ལ་དགག་གཞག་སོྤང་གསུམ་མི་ཤེས་པར།། གནྡྷོ་ལ་ཡི་རྡོ་བཅལ་ཐོག་ཏུ་ཁ་དོག་དཀར་དམར་རྩོད་པ་དེ།། འཇིགས་རུང་ཆོས་བརྒྱད་དུར་ཁྲོད་ནང་གི་ཤི་འདྲེ་རྒན་པོའི་རོ་ལངས་ཡིན།།

བུ་ཡུག་འཚུབ་མའི་འོ་དོད་ཁྲོད་དུ་ལང་ཚོའི་འདབ་མ་ས་ལ་ཐོར།། ཉི་ཟླའི་འཆར་ནུབ་རླུང་གི་འཁོར་ལོས་དུས་ཀྱི་བུ་མོའི་སྐྲ་དཀར་སྐྱོད།། རྨས་སྐྱོན་ཤོར་བའི་ལུས་སེམས་འདི་ཉིད་སྲ་མཁྲེཊ་འཁྱག་པའི་སྲུབས་ཀ་ནས།། རང་ཉིད་འདོད་པའི་ནམ་མཁའི་དབྱིངས་སུ་ལྷོ་བགྲོད་ངང་མོའི་ཁྱུ་ལྟར་འཕུར།།

དྲིན་ཆེན་ཕ་མའི་བྱམས་བརྩེ་སྙིང་ནོར་སྙིང་གི་དཀྱིལ་ལ་ཉར་བྱས་ཏེ།། སྒང་དྲུག་རི་བོ་རྒྱབ་ཏུ་བསྐྱུར་ནས་དབུས་འགྱུར་ཆོས་ཀྱི་ཞིང་སར་བསྙེགས། བྱིན་རླབས་དྲི་བསུང་སྤྲིན་བཞིན་འཐུལ་པའི་ཇོ་ཤཱཀ་རྣམ་གཉིས་མཇལ་བ་དང༌།། ལུང་རིཊ་དབྱངས་སྙན་ཕྱོཊ་མཐར་འཕུར་བའི་གདན་ས་གསུམ་གྱི་ཁོར་ཡུག་ཉུལ།།

ཤར་ཕྱོགས་སྒྲ་གཅན་མུན་པའི་ཁ་ཡི་རྣོན་པོའི་སྤུ་གྲི་བརྡེགས་པའི་གསེབ།། གསེར་མདོག་ངུར་སྨྲིག་རྒྱལ་མཚན་མཐོན་པོ་རྐང་པའི་རྡུལ་གྱི་ཁྲོད་དུ་སྙེས།། རབ་དཀར་ཁ་བའི་དར་གོས་ངོས་ལ་དམར་པོ་ཁྲག་གི་སུག་རྗེས་བཏོད།། དེ་སླད་གནས་དེར་སྡོད་འདོད་མི་འདུག་མདུན་སྐྱོད་གོམ་ཁ་ལྷོ་ལ་བསྒྱུར།།

འཛམ་གླིང་མཐོ་སྒང་རལ་བའི་ཅོད་པན་ཧི་མ་ལ་ཡའི་རོ་བོ་ངོས།། འབྲོང་རྒོད་དར་མས་རྨིག་པས་བཅད་པའི་རྫ་ལམ་ཕྲ་མོའི་རྐེད་པ་ནས།། བཙན་རྒྱལ་དམར་པོའི་སོ་ཉུལ་ལྐོག་ནས་ཁ་རླུང་བུ་ཡུག་འཚུབས་པའི་གསེབ།། དམར་ཆུང་སྲོག་ལ་གཅེས་འཛིན་མི་བྱེད་ྋགོང་ས་མཆོག་གི་རྗེས་སུ་བསྙེག།

འཇིཊ་རུང་དམྱལ་བའི་འཕྲང་ལས་རྩུབ་པའི་བལ་བོད་གཉིས་ཀྱི་ས་མཚམས་སུ།། འགྲམ་གྱི་འགག་སྒོ་དོག་པའི་སྲང་ནས་ཐུན་གསུམ་མཚན་མོའི་སྨག་རུམ་དུ།། འོལ་ཚོད་གོམ་པའི་འདེཊ་འཇོག་སྣེ་ནས་གཡང་སའི་མཆེ་བའི་ཁར་ཚུད་དེ།། ཚེ་སྲོག་ཕྲ་མོའི་རྒྱུ་བ་ཆད་ཀྱང་འགྱོད་པའི་ཕངས་སེམས་སྐྱེ་དོན་མེད།།

གདོད་མའི་ལྷ་ཡི་སྒྲུང་ནས་ཆད་པའི་རྫ་ཆུ་གཙང་པོའི་འགྲམ་ཉིད་ཀྱི།། གནའ་བོའི་གྲོང་ཚོ་ཆུང་ཆུང་དེ་ན་བཞུགས་པའི་དྲིན་ཅན་ཕ་མ་ལགས།། བུ་ཡི་རྗེས་ལ་ཐུགས་ཁྲལ་གནང་ནས་མིག་ཆུའི་ཕྲེང་བ་མ་བགྲང་དང༌།། གོ་ལའི་འགྲོས་ཀྱི་འཁོར་ཕྱོཊ་ཤིག་ནས་སླར་ཡང་མཇལ་བའི་ཡིད་འཆེས་ཡོད།།

ཐུན་གསུམ་མཚན་མོའི་སྨག་རུམ་འཐུག་པོས་ཉི་མའི་འོད་ཟེར་སྒྲིབ་མི་སྲིད།། དགུན་འཁྱག་ལྷཊ་པའི་བུ་ཡུག་མཚོན་གྱིས་དབྱར་གྱི་ལང་ཚོ་འབིགས་མི་ནུས།། དཔྱིད་ཉིན་རིང་མོའི་ལྟོགས་སྐམ་མེ་ཡིས་སྟོན་འབྲས་བསྲེག་པར་མི་ནུས་ཏེ།། སྟོང་དང་རྟེན་འབྱུང་ལྟ་བའི་རྣམ་གཞག་དངོས་པོའི་གཤིས་ལས་གྲུབ་པས་སོ།།

འཕྲད་ནས་གྱེས་པ་ཀུན་ལ་ཡོད་ཅིང་གྱེས་ནས་འཕྲད་པའང་ཀུན་ལ་ཡོད།། སྐྱིད་མཐར་སྡུག་པ་ཀུན་ལ་ཡོད་ཅིང་སྡུག་མཐར་སྐྱིད་པའང་ཀུན་ལ་ཡོད།། དར་ནས་རྒུད་པཀུན་ལ་ཡོད་ཅིངརྒུད་ནས་དར་བའང་ཀུན་ལ་ཡོད།། ལ་རེའི་རྒྱབ་ཏུ་ཐུར་རེ་ཡོད་ཅིང་ཐུར་རེའི་རྒྱབ་ཏུ་ལ་རེའང་ཡོད།།

ཤར་དང་ལྷོ་ཡི་ནམ་མཁའི་དབྱིངས་ནས་འཕུར་སྐྱོད་བྱེད་པའི་ཁྲུང་ཁྲུང་དང༌།། དབྱར་དང་དགུན་གྱི་ནམ་ཟླའི་བར་ནས་རྒྱངས་གླུ་ལེན་པའི་ཁུ་བྱུག་བྱ།། སྐྱིད་དང་སྡུག་གི་འཕྲང་ལམ་བརྒྱུད་ནས་མི་ཡུལ་འཁྱམས་པའི་སྤྲང་པོ་གསུམ།། རང་རང་ལས་ཀྱི་བགོ་སྐལ་ཡིན་ཕྱིན་ཕ་མས་ཐུགས་ཁྲལ་གནང་དོན་མེད།།

ཁུ་བྱུག་སྔོན་མོས་སྙན་པའི་རྒྱངས་གླུ་ལྷོ་ཡི་ཕྱོགས་ནས་ལེན་པའི་དུས།། ཁྲུང་ཁྲུང་དཀར་མོས་སྐྱིད་པའི་གནམ་འཕང་ལྷོ་ཡི་ཕྱོཊ་ནས་གཅོད་པའི་དུས།། ཞི་བདེ་འོད་ཞགས་དཀར་པོའི་ལམ་ནས་བུ་ངའི་རྐང་པའི་འདེགས་འཇོག་གིས།། དབྱིག་འཛིན་བུ་མོའི་ལྟོ་བའི་རྔ་ཆེན་དྲག་ཏུ་སྣུམ་ནས་རང་ཡུལ་ཕྱོགས།།

གཞིས་སུ་སྡོད་པའི་དྲིན་ཅན་ཕ་མའི་སྐུ་ཚེ་ཞབས་པད་བརྟན་པར་བཞུགས།། བྱེས་སུ་འཁྱམས་པའི་བུ་ཆུང་བདག་ཀྱང་འགྲོ་བའི་རེ་དོན་འགྲུབ་པར་སྨོན།། གཞིས་བྱེས་ཁ་བྲལ་རྒྱངས་རིང་ཡུལ་ནས་གནས་འཕྲིན་ཕར་གཏོང་ཚུར་གཏོང་བྱེད།། ནམ་ཞིག་གཞིས་བྱེས་ཞལ་འཛོམས་ཡོང་པའི་གྱེས་ཁའི་བཀྲིས་བདེ་ལེཊ་ཞུ།།


ྋཔཎ་ཆེན་ཐམས་ཅད་མཁྱེན་པའི་འཁྲུངས་ རབས་ལ་བསྔགས་པ་བརྗོད་པ་དྲི་ ཟའི་གླིང་བུ་ཞེས་བྱ་བ་ བཞུགས་སོ།།

དགེ་ལེགས་ཚོགས་གཉིས་རླབས་ཀྱི་རྩེད་འཇོ་ཡིས།། ས་གསུམ་ཤིས་པ་སྒྲུབ་པའི་བྱེད་པོ་གང༌།། སོར་རྟོགས་སྒྱུ་མའི་ཟློས་གར་ཤར་བའི་འཕྲུལ།། བདེ་ལྡན་ཞིང་གི་མགོན་པོས་སྣང་བ་སྩོལ།།

དྲི་ཟའི་ན་ཆུང་གླུ་དང་འཐབ་པ་ཡི།། བཞི་ལྷག་དྲུག་ཅུའི་དབྱངས་ཀྱི་ཡན་ལག་འབུམ།། རྒྱུད་མངས་སྒྲ་ལས་འདྲེན་མཛད་ལྷག་པའི་ལྷ།། མཚོ་བྱུང་སྒེག་མོས་སྨྲ་བའི་ཤིས་པ་སྒྲུབས།།

ལྷོ་རླུང་བསིལ་པོས་དྲག་ཏུ་བསྐུལ་བ་ལས།། སེམས་མེད་འཁྲི་ཤིང་བེམ་པོས་གར་རྩེན་ན།། དད་པའི་ཚ་ཟེར་སྙིང་ལ་ཟུག་པ་ཡིས།། བསྔགས་བརྗོད་པད་དཀར་མི་འཛུམ་རང་དབང་ཅི།།

དཔག་ཡས་ཁ་འབབས་ཀླུང་བཞིའི་རྡུལ་སྙེད་ཀྱིས།། མཚོན་ནུས་མ་ཡིན་སྣང་མཐའི་ཟློས་གར་ལས།། མཐོང་དང་ཐོས་པའི་ཕུལ་བྱུང་སྤྲུལ་རབས་འགར།། བསྔགས་བརྗོད་དྲི་ཟའི་གླིང་བུ་འདི་ན་འཁྲོལ།།

བདེ་གཤེགས་གསུང་རབ་ཀུན་གྱི་རབ་དང་ཕུལ།། ཟབ་བརླིང་ཡོན་ཏན་རྒྱ་མཚོའི་འཇུག་ངོགས་ཚུལ།། དྲི་བའི་རླབས་ཕྲེང་མཁའ་ལ་བརྩེགས་པའི་ཕུལ།། རབ་འབྱོར་གྲགས་པའི་བ་དན་སྲིད་ན་དཀར།།

ཤེས་དང་ཤེས་བྱའི་མཐའ་དག་དངོས་པོའི་ཚུལ།། བདེན་མེད་ཐ་སྙད་རང་མཚན་གྲུབ་པའི་སྲོལ།། འབྱེད་མཁས་འཕགས་ཡུལ་པཎ་གྲུབ་བྱེ་བའི་དབུས།། རང་རྒྱུད་ཉི་གཞོན་ལེགས་ལྡན་འབྱེད་པ་གསལ།།

མཐར་འཛིན་དགུན་གྱི་འཆིང་བརྒྱའི་སྦུབས་བསྟོར་ཅིང༌།། ཟླ་བའི་དགོངས་དོན་དཔྱིད་ཀྱི་འཛིན་མའི་དཔལ།། སྟོང་དང་རྟེན་འབྱུང་འགལ་མེད་སྒྲུབ་པའི་ཚུལ།། རྒྱབ་རྟེན་ལུང་དང་རིགས་པའི་ཁུ་བྱུག་སྙན།།

ངན་རྟོག་སྒོ་ངའི་སྦུབས་རྒྱ་ལས་གྲོལ་ཅིང༌།། སྐྱེས་སྦྱངས་འདབ་མས་ཤེས་བྱའི་མཁའ་ལ་ལྡིང༌།། སྨྲ་ངན་མུལ་ནག་འཇོམས་པའི་མཆུ་སྡེར་འབར།། ཆོས་ཀྱི་གྲགས་པ་མཁའ་ལྡིང་དངོས་འདྲ་དྲན།།

དངོས་སྟོབས་ཚུལ་གསུམ་རིགས་པའི་མཚོན་རྣོན་གྱིས།། ཕས་རྒོལ་སྙིང་གི་ལྐོག་མར་འབྱིན་པ་ལ།། ཕྱོགས་གླང་གྲགས་པའི་སྡེ་དང་མཉམ་མོ་ཞེས།། མཁས་གྲུབ་ལྷ་དབང་བློ་གྲོས་ལྷ་ཡིས་གླེང༌།།

འཛམ་གླིང་དུམ་དྲུག་བགོས་པའི་དབུས་འགྱུར་ཞིང༌།། རྡོ་རྗེ་གདན་དུ་རྒོལ་ངན་གླང་སྨྱོན་འབུམ།། ཅིག་ཅར་ཀླད་བུམ་འགེམས་པའི་ལུང་རིགས་རྩལ།། སྨྲ་བའི་སེངྒེ་ཀརྨ་དེ་བ་བསྔགས།།

དབེན་པའི་ནགས་སུ་སྒྲུབ་པའི་རྒྱལ་མཚན་སྒྲེངས།། བསིལ་ལྗོངས་ཞིང་དུ་ཐུགས་བསྐྱེད་རླབས་ཕྲེང་གཡོ།། ལེགས་པའི་བློ་གྲོས་དྲང་སྲོང་བྱེ་བའི་གཙུག། སཱ་ལའི་ཚལ་ན་དཔག་བསམ་ཤིང་བཞིན་མཛེས།།

བདེ་ཆེན་ལྷན་ཅིག་སྐྱེས་པའི་ར་མ་ཎས།། དངོས་འཛིན་མགྲིན་བཅུར་རྒོལ་བའི་རརྔྣའི་ཁམས།། ཟག་མེད་དབྱིངས་སུ་རོལ་བ་ཨ་བྷྱ་ཡ།། ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན།།

མ་རྒྱུད་རྡོ་རྗེ་ཐེག་པའི་རིམ་ལྔ་ལ།། བརྟེན་ནས་སྐྱེ་ཤི་བར་དོར་འཁོར་བའི་རྒྱུན།། རྣམ་དག་སྐུ་གསུམ་སྒྱུར་བའི་དྲིལ་བུ་བ།། གྲུབ་བརྙེས་བྱེ་བ་ཕྲག་བརྒྱའི་དབུས་ན་འཛེས།།

ཟབ་གསང་རྫོགས་པ་ཆེན་པོའི་མན་ངག་མཛོད།། གངས་ཅན་ལོ་ཙཱ་བཻ་རོ་ཙ་ན་མཆོག། རྣམ་དཔྱོད་བློ་གྲོས་མཁའ་དང་མཉམ་མོ་ཞེས།། རྔོག་ལོ་ཆེན་པོས་བསྔགས་པ་དོན་ལ་གནས།།

གྲུབ་པའི་སར་བསྐྱོད་རྗེ་འབངས་ཉེར་ལྔ་ལས།། ཐོགས་མེད་མཁའ་ལ་བྱ་ལྟར་ལྡིང་པ་ཡི།། རྒྱལ་བའི་གདུང་འཚོབ་སྣ་ནམ་ཡེ་ཤེས་སྡེ།། སྔ་འགྱུར་མཁས་གྲུབ་རྒྱ་མཚོའི་གཙུག་ན་མཐོ།།

འགོས་ཀྱི་རུས་སུ་ཁུག་པ་ལྷས་བཙས་ཏེ།། ཕྱག་ཆེན་བཀའ་སྲོལ་རྒྱུད་པའི་མན་ངག་འབུམ།། འབེབས་མཁས་སྐད་གཉིས་སྨྲ་བའི་དབང་ཕྱུག་ཆེ།། གང་གི་མཚན་སྙན་ནམ་མཁའི་མཐའ་དང་འགྲོགས།།

འཇམ་མགོན་སྙན་རྒྱུད་གདམས་པའི་རྒྱ་མཚོ་ལ།། དུས་ལས་གཡོལ་མེད་བསོད་ནམས་རླབས་ཀྱི་ཕྲེང༌།། རྩེན་མཁས་གདེངས་ཅན་བྱེ་བའི་བླ་མ་ཞེས།། ལབ་ཀྱི་སྒྲོལ་མའི་ལུང་བསྟན་གླིང་བུ་སྙན།།

འཆད་པའི་འོད་ཞགས་རྒྱ་བོད་ཧོར་ན་གསལ།། རྩོད་པའི་འཕྲུལ་གྱིས་མི་སྟེགས་སྙིང་ཁམས་འབིགས།། རྩོམ་པའི་དཔའ་བོ་གཉིས་པ་ས་པཎ་ཞེས།། གྲགས་སྙན་ཁོར་ཡུག་རི་བོའི་མཐའ་ལ་འཁྲིལ།།

འཛམ་གླིང་མཁས་རྒུའི་རལ་པའི་རྩེ་མོ་ན།། འཆད་རྩོད་རྩོམ་དང་གྲུབ་པའི་རྩེད་འཇོ་འབུམ།། འདོད་རྒུར་སྒྱུར་མཛད་དགེ་ལེགས་དཔལ་བཟང་པོར།། མཁས་རློམ་ཕལ་བ་བྱེ་བས་འགྲན་བཟོད་མིན།།

བསྐལ་མང་བསོད་ནམས་ལི་ཤིའི་ཡལ་འདབ་ལ།། སྤྱོད་པའི་ལུས་སྟོབས་ལྷུན་པོའི་སྤོ་ལ་འགྲན།། རྨད་བྱུང་མཛད་པའི་ཕྱོགས་ཀྱི་གླང་པོའི་འགྲོས།། ཐུབ་བསྟན་ཁོར་ཡུག་འཛིན་མའི་དཔྱིད་དུ་དགེ།

ཁ་བའི་རྡུལ་མང་བརྩེགས་པའི་ཀཻ་ལ་ཤ།། སྤོམ་མཐོས་གནམ་གྱི་ཀ་བ་སྙེམས་པའི་ཞིང༌།། རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་སྒྲེང་པའི་གཙོ།། ཚེ་གཅིག་ཟུང་འཇུག་སར་བསྐྱོད་དབེན་ས་བ།།

བློ་ཆེན་རྒྱལ་བའི་རིང་ལུགས་བཟང་པོའི་འཕྲིན།། གསེར་སྦྱངས་གཙང་མས་མཐའ་དག་ནོར་འཛིན་ཁྱོན།། ཟབ་རྒྱས་ཆོས་ཀྱི་རྒྱལ་མཚན་སྒྲེང་མཛད་པའི།། འཕྲིན་ལས་གཱངྒའི་རྡུལ་གྱི་རྗེས་སུ་སྙེགས།།

བློ་གཏེར་ལུགས་བཟང་མང་རྩིའི་རྒྱལ་མཚན་མཛོད།། སྐལ་བཟང་བུང་བའི་དགའ་སྟོན་འབྱེད་པ་ལ།། ཡེ་ཤེས་སྣང་བ་འབུམ་གྱི་རྩེད་དགའི་རླབས།། འཇོ་མཛད་ཁྱོད་ནི་བཅུ་གཉིས་བདག་པོ་དངོས།།

མི་འཇེད་ཞིང་གི་རྣམ་འདྲེན་བཞི་བའི་སྲོལ།། འཇམ་མགོན་བླ་མའི་ཐུགས་ཀྱི་དགོངས་པའི་མཐིལ།། དཔལ་ལྡན་སྙན་བརྒྱུད་གདམས་པའི་མཛོད་འཛིན་པ།། ཡེ་ཤེས་སྤྱན་ལྡན་ཀུན་གྱི་བླ་ན་ལྷག།

དུས་ཀྱི་རྒུད་པའི་སྨག་རུམ་འཐུག་པོའི་ཀློང༌།། ལུང་རྟོགས་བསྟན་པའི་དགའ་ཚལ་བརྟ་པའི་སླད།། ཐུགས་བསྐྱེད་ཉི་མ་གཞོན་ནུའི་འཛུམ་རླབས་འབུམ།། སྤྲོ་མཁས་བསྟན་པའི་ཉི་མ་སྲིད་ཞིའི་མིག།

ཐུབ་བསྟན་ས་ཆེན་དུས་ཀྱི་མུན་པའི་མཚོར།། བྱིང་པའི་གཉན་འཕྲང་དུ་ཁ་༔འཁྲུག་པའི་དུས།། སྟོབས་བཅུ་དབང་ཕྱུག་མི་ཡི་སེངགེ་གང༌།། གཡོལ་མེད་འཕྲིན་ལས་རྒྱ་མཚོའི་རླབས་དང་འགྲོགས།།

ཆོས་ལྡན་ཁ་བའི་ཞིང་གི་མ་དྲོས་མཚོར།། བདུད་ཀྱི་རྨུ་ཐག་བྱེ་བས་དཀྲུགས་པ་ལས།། བཟད་དཀའི་གདུང་བའི་རླབས་ཕྲེང་འབུམ་འཁྲིགས་ཀྱང༌།། ནམ་ཡང་མི་ནུབ་ཐུགས་བསྐྱེད་ཉི་མ་གསལ།།

མཚན་དཔེའི་ཟླ་ཞལ་གསར་པའི་འཛུམ་དཀར་རླབས།། དབང་ཕྱོགས་ཤར་རིའི་མཁའ་མཐར་འཕག་པའི་མོད།། ཆོས་ཚུལ་འོད་སྣང་མཛོད་ཀྱི་སྒོ་འཕར་འབུམ།། ཅིག་ཅར་འབྱེད་པའི་རྒྱལ་མཚན་སྲིད་ན་མཐོ།།

སྲིད་གསུམ་དབང་པོའི་སྙིང་ཁམས་གཅིག་བསྡུས་ཀྱང༌།། མཚོན་ནུས་མ་ཡིན་རླབས་ཆེན་སྙིང་སྟོབས་ཅན།། གང་གི་རྒྱལ་ཐབས་ཟླ་གཞོན་ཞུན་མའི་ཁམས།། ནམ་ཡང་མི་ནུབ་མཁའ་མཐའི་ཐིག་ལེར་འཛུམ།།

བསིལ་ལྡན་རྭ་བའི་ལོ་རྒྱུས་ལས་བརྩམས་པའི།། འཚེ་མེད་བདེན་པའི་ང་རོ་རེ་རེས་ཀྱང༌།། མ་རུང་དྲེགས་ལྡན་དམར་པོའི་རི་སྐྱེས་ཚོགས།། ཞུམ་པའི་སྒྱིད་པ་རླུང་གིས་ཤིང་བལ་བཞིན།།

གང་གི་རླབས་ཆེན་ག་བུར་ཞུན་མའི་ཁམས།། གངས་ཅན་དབྱིག་འཛིན་ཕང་བར་འཛུམ་བཞིན་དུ།། སྒྲ་གཅན་མུན་པའི་མཆེ་འོག་ཚུད་ན་ཡང༌།། སྙན་པའི་འོད་དཀར་འཛམ་གླིང་ཕྱོགས་ཀུན་བརྡལ།།

ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོའི་སྡེས།། སྣང་མཐའི་སྤྲུལ་པའི་ཟློས་གར་ཁྱོད་ཉིད་ཅེས།། བསྔགས་པའི་མེ་ཏོག་གང་ལ་འཛུམ་པ་ཡི།། མཆོག་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་གསལ།།

རྒྱལ་བསྟན་དཔྱིད་ཀྱི་འཛིན་མའི་ལྟོ་བ་ཡི།། དགེ་ལ་འདུན་པའི་ཡེ་ཤེས་མྱུ་གུའི་འཛུམ།། འཕྲིན་ལས་ལྗང་མདོག་གསར་པའི་ཕུན་ཚོགས་དཔལ།། གངས་ཅན་ཞིང་དུ་སླར་ཡང་འཁྲུངས་པ་བཟང༌།།

གང་གི་ལང་ཚོའི་འཁྲི་ཤིང་མ་རྒྱས་ཀྱང༌།། སྨྲ་བའི་འདབ་བརྒྱ་ལྷུག་པར་གྲོལ་བ་ལས།། གོང་མའི་སྐྱེས་རབས་གདན་ས་བཅས་པ་ཀུན།། མ་ཐོགས་མདུན་དུ་སྤུངས་པའི་རྫས་བཞིན་གསུངས།།

ཐུབ་བསྟན་འཛིན་མའི་དགེ་ལ་འདུན་པའི་མཁར།། ཡེ་ཤེས་སྤྲུལ་པའི་ཉི་གཞོན་འཛུམ་པ་ལས།། ལུགས་ཟུང་འཕྲིན་ལས་འོད་སྣང་འབུམ་ཕྲག་གིས།། ཕུན་ཚོགས་སྡེ་བཞིས་གངས་ཅན་འཚོ་བར་ངེས།།

མཆོག་གི་སྤྲུལ་པའི་ཧ་རི་ཙནྡ་ན།། འབུས་པའི་མོད་ལ་ཀླ་ཀློའི་ངན་གཡོ་ཡིས།། གདུག་ཅན་ལག་འགྲོ་འབུམ་གྱིས་འཁྱུད་ན་ཡང༌།། བདེན་པའི་དྲི་བསུང་ཕྱོགས་ཀྱི་འཁོར་ལོར་བརྡལ།།

དགུ་བཅུ་རྩ་བཞི་བྱེ་བའི་གྲོང་སྡེ་ཆེ།། ཤམ་བྷ་ལ་རུ་རིགས་ལྡན་ཀུན་གྱི་གཙོ།། ཀླ་ཀློའི་དཔུང་ཚོགས་ཕྱེ་མར་འཐག་བྱེད་པའི།། འཇམ་དབྱངས་གྲགས་པའི་མཚན་སྙན་ས་གསུམ་འགེངས།།

དེ་ལྟར་སྤྲུལ་པའི་འཁྲུངས་རབས་འགའ་ཞིག་ལ།། མཚོ་བྱུང་མགྲིན་པའི་གླིང་བུ་ལས་ཕྱུང་པའི།། སྙན་ཚིག་སྙན་དགུར་འཁྲོལ་བའི་བསྟོད་ཚིག་འདི།། འཛད་མེད་བསོད་ནམས་གཏེར་གྱི་དཔྱིད་དུ་སྤེལ།།

སྤེལ་ལེགས་ཚིག་སྦྱོར་རྒྱ་མཚོའི་དབྱངས་ཀྱི་སྒྲ།། སྒྲ་དབྱངས་ལྷ་མོ་དགྱེས་སྐྱེད་ངག་གི་དཔལ།། དཔལ་ལྡན་གསང་གསུམ་ཡོན་ཏན་རྒྱ་མཚོའི་ཟླ།། ཟླ་མེད་མཛད་པའི་འཕྲིན་དང་འགྲོགས་ནས་གླེང༌།།

གླེང་པ་འདི་ཡང་འདི་དང་ཕྱི་མའི་དོན།། དོན་གཉིས་བདེ་ཆེན་བདེ་བླག་འགྲུབ་པའི་སླད།། སླད་ཀྱང་གང་གི་གངྒཱའི་བྱེ་སྙེད་གྲངས།། གྲངས་མེད་སྤྲུལ་དང་སྤྲུལ་པས་རྗེས་བཟུང་ཆེད།།

ཆེད་དུ་འབད་པའི་ངལ་བ་མི་ལྡན་ཡང༌།། ཡང་ཡང་འགྲོ་འདིའི་རྒུད་ཚོགས་འཇོམས་པའི་ཐུགས།། ཐུགས་རྗེ་རླབས་ཀྱི་ཟེགས་མ་འཐོར་བའི་ཆུ།། ཆུ་གཏེར་རྣམ་བཞིའི་རྡུལ་ལ་སྙེམས་པར་འཚལ།།

ཕལ་གྱི་ཡོན་ཏན་ཡུངས་འབྲུའི་མཆེད་ཟླ་ལ།། འགོད་མཁས་གསང་གསུམ་ཡོན་ཏན་ལྷུན་པོའི་མཛོད།། གང་གི་སྐྱེས་རབས་མནྡ་ར་བའི་ཕྲེང༌།། བསྒྲིགས་པའི་རླབས་ཆེན་རྣམ་དཀར་བྱེ་བའི་མཐུས།།

བསྟན་འཛིན་དགེ་ལ་འདུན་པའི་རྩ་བ་བརླིང༌།། ཡེ་ཤེས་འཕྲིན་ལས་རྒྱ་མཚོའི་ཡལ་འདབ་གྲོལ།། ཕུན་ཚོགས་སྙིང་སྟོབས་དཔལ་གྱི་འབྲས་བཟང་བརྗིད།། མཆོག་སྤྲུལ་ཡོངས་འདུའི་དབང་པོ་ཞབས་བརྟན་ཤོག།

ཐུབ་བསྟན་འཛིན་པ་དགེ་འདུན་རྒྱ་མཚོའི་ཀློང༌།། ཡེ་ཤེས་འཕྲིན་ལས་རླབས་ཀྱི་རྩེ་འཇོ་རྒོད།། ཕུན་ཚོགས་ལུགས་ཟུང་དཔལ་གྱིས་བསིལ་ལྗོངས་ཁྱོན།། རྫོགས་ལྡན་དབྱར་གྱི་བཞིན་རས་ངོམས་པར་ཤོག།

བདུད་ཀྱིས་མི་ཐུབ་ལུང་རྟོགས་བསྟན་པའི་སྲོག། འཛིན་མཁས་དགེ་ལ་འདུན་པའི་ཡེ་ཤེས་ཀྱི།། འཕྲིན་ལས་སྐོར་གསུམ་སྒང་དྲུག་རུ་བཞིའི་ཁྱོན།། ཕུན་ཚོགས་འོད་སྣང་འབར་བས་ཤིས་གྱུར་ཅིག།

ལྷར་བཅས་འགྲོ་བས་གཙུག་གིས་མཆོད་པ་ཡི།། ཞབས་སྐྱེས་རྩིབས་སྟོང་འཁོར་ལོའི་རེ་ཁྭའི་རྡུལ།། ལུགས་ཟུང་བཀྲ་ཤིས་ལྷུན་པོའི་གདན་ས་ཆེའི།། མི་འཇིགས་སེངྒེའི་ཁྲི་ལ་མཛེས་གྱུར་ཅིག།

མ་རུང་སྒྲ་གཅན་ཁ་ལས་གྲོལ་བ་ཡི།། མཚན་དཔེའི་ཟླ་བ་གསར་པའི་བཞིན་རས་འཛུམ།། གཞིས་བྱེས་སྐལ་བཟང་བྱེ་བ་ཕྲག་བརྒྱ་ཡིས།། དད་པའི་མིག་གི་བདུད་རྩིའི་དཔལ་ཐོབ་ཤོག།

ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་པའི་འཕྲུལ།། རྒྱན་དྲུག་གཅིག་ཏུ་བསྡུས་འདྲའི་རྣམ་དཔྱོད་ཀྱིས།། རབ་འབྱམས་སྲིད་གསུམ་ཞིང་གི་ཁང་བཟང་རྩེར།། ལུང་རྟོགས་བསྟན་པའི་རྒྱལ་མཚན་བསྒྲེང་པར་ཤོག།

གཞོམ་མེད་སྙིང་སྟོབས་རྡོ་རྗེའི་རུ་མཚོན་གྱིས།། ཕས་རྒོལ་བྲག་རི་བསྙིལ་པའི་ཡབ་མེས་སྲོལ།། རླབས་ཆེན་ལོ་རྒྱུས་གཙང་མའི་འཇུག་ངོགས་དེར།། ཞུགས་ནས་སྡེ་བཞིས་གངས་ཅན་འཚོ་བར་ཤོག།

གཞིས་བྱེས་སྤུན་ཟླ་རང་རིགས་འོ་མའི་རྡུལ།། བསིལ་ལྡན་ར་བའི་ཕང་པར་རབ་འཁྱིལ་ཏེ།། ཕུན་ཚོགས་རང་དབང་ནོར་བུས་ཡོངས་གཏམས་ནས།། རྫོགས་ལྡན་རླབས་ཀྱི་རྩེད་འཇོ་རྒོད་པར་ཤོག།

ཕྱག་ན་པདྨོའི་འདབ་སྟོང་ལྷུག་པའི་འཛུམ།། གཞལ་མེད་གྲུ་འཛིན་ཞིང་དུ་བཞད་དང་ལྷན།། རྨད་བྱུང་དགའ་བ་བརྒྱ་ལྡན་ཕོ་བྲང་ཆེ།། ཕུན་ཚོགས་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག།

གངས་ལྗོངས་དབྱིག་འཛིན་མངོན་དགའི་སྐྱེད་ཚལ་ན།། གངས་ཅན་མགོན་པོ་རྒྱལ་བ་ཡབ་སྲས་གཉིས།། གངས་དང་སེངྒེ་ཇི་བཞིན་མཉམ་འཛོམས་ཏེ།། གངས་རིའི་ཞིང་འདི་རྟག་ཏུ་དགེ་གྱུར་ཅིག།

དེ་ཡི་མཐུ་ལས་ཡངས་པའི་རྒྱལ་ཁམས་ཀུན།། ཀུན་བཟང་ཞིང་གི་དག་པའི་ལུས་ཅན་བཞིན།། བཞིན་བཟང་ཞི་འཇམ་བདེ་བས་འགྲོ་བ་འདི།། འདི་དང་ཕྱི་མ་ཀུན་ཏུ་དགེ་གྱུར་ཅིག།

རྣམ་དག་ངེས་འབྱུང་རོལ་པའི་འཁྲི་ཤིང་ལ།། མན་ངག་བདུན་གྱི་གསེར་རིའི་ཕྲེང་བ་མཛེས།། མཐའ་བྲལ་ལྟ་བའི་བང་རིམ་མངོན་མཐོ་བ།། ཐུབ་བསྟན་གླིང་བཞི་དབུས་ན་མཛེས་གྱུར་ཅིག།

ཐུན་མོང་ལམ་སྦྱངས་གསེར་གྱི་ཡོལ་གོ་ལ།། རྣམ་དག་རིམ་གཉིས་གདོང་ལྔའི་འོ་མའི་མཚོ།། ཡོངས་འཁྱིལ་བླ་མེད་གསང་བ་འབུམ་སྡེའི་མཛོད།། དབང་བསྒྱུར་རྡོ་རྗེ་ཐེག་པའི་རྩེར་སོན་ཤོག།

ཚེ་རབས་ཀུན་ཏུ་སོར་རྟོགས་སྒྱུ་མའི་གར།། གསུམ་ལྡན་རྗེ་བཙུན་བླ་མ་གང་དེ་ཡིས།། བརྩེ་ཆེན་ཀྱོ་བ་རྣོན་པོའིགློག་འཕྲུལ་ལས།། སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག།

མཐོང་གྲོལ་མཚན་དཔེའི་ཆ་ཤས་རྫོགས་པའི་སྐུ།། ཐོས་གྲོལ་བཞི་ལྷག་དྲུག་ཅུའི་དབྱངས་སྙན་གསུང༌།། མོས་གྲོལ་ཟབ་ཡངས་སྡེ་ཚན་ཉེར་གཅིག་ཐུགས།། མཚུངས་མེད་དཔལ་ལྡན་བླ་མའི་བཀྲ་ཤིས་ཤོག།

ཅེས་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་སོ་སོར་རྟོགས་པའི་མཁྱེན་རབ་ཅིག་ཏུ་བསྡུས་པའི་བདག་ཉིད་ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་ཀུན་གཟིགས་སྣང་བ་མཐའ་ཡས་མཆོག་གི་སྤྲུལ་པའི་ཟློས་གར་ཀླུང་བཞིའི་རྡུལ་དང་སྡེབ་པ་ལས། བསྟན་འགྲོའི་དོན་ལ་གཞན་དྲིང་མེད་པའི་འཕྲིན་ལས་ཅན་གྱི་མཐོང་ཐོས་ཀྱི་སྤྲུལ་རབས་འགའ་ཞིག་ལ་བསྔགས་པ་བརྗོད་པ་དྲི་ཟའི་གླིང་བུ་ཞེས་པ་འདི་ནི། འཛམ་གླིང་ཧྲིལ་པོ་འདིར་མུ་གེ་དང་དམག་འཁྲུག་ནད་ཡོམས་སོགས་ཀྱིས་སྙིགས་ལྔའི་རང་མདངས་ཀྱི་དུག་མཚོ་ཕྱུར་བའི་དུས་འདིར། སྐྱེ་འགྲོ་སྤྱི་དང་ལྷག་པར་གངས་ཅན་པའི་འགྲོ་ལ་ཐུགས་བསྐྱེད་དུས་སུ་སྨིན་ཞིང༌།། གངས་ཅན་པའི་རྒྱལ་བསྟན་ཆབ་སྲིད་དང་བཅས་པ་སླར་གསོའི་དགའ་སྟོན་གསར་པའི་དུས་སྟོན་ཞིག་ཤར་ན་ཅི་མ་རུང་སྙམ་སྟེ། མགོན་པོ་གང་གི་ཞལ་གྱི་བུམ་བཟང་ལས་མདོ་སྔགས་ཀྱི་གསེར་ཆོས་དུ་མ་མནོས་པའི་སྐལ་བཟང་ཐོབ་པའི་གངས་ཅན་མདོ་ཁམས་ཏྲེ་ཤོད་ཡུལ་སྐྱེས་གཞོན་ནུ་རིག་བྱེད་སྨྲ་བ་བློ་བཟང་ཐུབ་བསྟན་འཇིགས་མེད་དབང་རྒྱལ་ལམ། མིང་གཞན་ངག་དབང་དབྱངས་ཅན་དགྱེས་པའི་བློ་ལྡན་དུ་འབོད་པས། རབ་བྱུང་བཅུ་བདུན་པའི་ཉག་མ་བཅུ་པ་འཛིན་བྱེད་ཅེས་པ་མེ་བྱིའི་གནམ་ལོ་གསར་དུ་བཞད་པའི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོའི་ཚེས་བཟང་ལ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་རང་ཤག་རྫ་མའི་སྤྱིལ་བུ་ལྔ་རིག་ནོར་བུའི་ལྡིངས་ཁང་དུ་སྦྱར་བ་དགེ་ལེགས་འཕེལ།། །།


འོག་མིན་བདེ་ལྡན་ཞིང་གི་དགའ་ཚལ་ནས།། ཐུགས་རྗེ་སྤྱན་གྱི་བུང་བའི་ལྡིང་སྐོར་གྱིས།། གངས་རིའི་འདབ་མ་གྲོལ་བའི་གསིལ་ལྡན་ལྗོངས།། འཕུར་ལྡིང་རྩེན་པའི་སྐྱེས་རབས་འཚར་དུ་མངར།། གང་གི་མཚན་དཔེའི་འཁྲི་ཤིང་གསར་པའི་འཛུམ།། བཞད་པའི་མོད་ལ་གདུག་ཅན་ཀླ་ཀློ་ཡིས།། བཙན་པོའི་མེ་ཡི་དྲ་རྒྱར་བཙུད་པ་འདི།། སྙིང་ལ་བཟོད་པར་ནུས་སམ་གངས་ཅན་པ།།


འགྱོད་པ་མེད།

༼ཐོལ་བྱུང་དུ་འཆར་པའི་མཐོང་ཐོས་ཀྱི་སྣང་བ་འགའ་ཞིག༽

མི་བརྟན་ཡུད་ཀྱིས་འཇིག་པའི་འཇའ་འོད་ཀྱི་ཐག་པ།། བསླུ་བྲིད་མིག་གི་དགའ་སྟོན་བཀྲམ་པ་དེ་མཐོང་ནས།། འགོག་མེད་ཐོལ་བྱུང་སེམས་ཀྱི་འཆར་སྒོ་དེ་ཕྱེས་པས།། འགྱོད་མེད་ངག་འཆལ་གཏམ་འདི་ཕྲེད་ཕྲེད་དུ་ཤོར་སོང༌།།

ཤི་གསོན་རྒྱུ་ནོར་བསྡུ་སའི་མདུན་ཅོག་དེ་བཅག་སྟེ།། དངོས་ཡོད་སྤྱི་མཉམ་རིགས་པའི་གཞུང་ལུགས་ལ་བརྟེན་ནས།། རྒན་བྱིས་རིས་མེད་སྐྱོབ་པའི་མཐུན་རྐྱེན་ཞིག་འགྲུབ་ན།། སྤྲུལ་སྐུ་དབྱིངས་ནས་ཁྲོས་ཀྱང་འགྱོད་པ་དེ་མི་འདུག།

ཚུལ་གསུམ་རུས་སྦལ་རྒན་པོའི་ཁྲོན་པ་དེ་བཤིགས་ཏེ།། དུས་རབས་ཤེས་བྱ་རྒྱ་མཚོའི་ཉེ་འགྲམ་ལ་བཅར་ནས།། རླབས་དཀར་གྱེན་དུ་ཕྱུར་པའི་གཟི་རྔམས་དེ་མཐོང་ན།། རྟོག་གེ་འབུམ་གྱིས་སྡང་ཡང་འགྱོད་པ་དེ་མི་འདུག།

མུན་སྟུག་རྨོངས་དད་མཁྲེགས་པའི་བྲག་རྫོང་དེ་གཏོར་ནས།། དུས་རབས་གསར་པའི་ཤེས་བྱའི་མཛེས་ལྗོངས་ཀྱི་སྐྱེད་ཚལ།། མ་བཅོས་གཉུག་མའི་སེམས་ཀྱིས་ལྟད་མོ་ཞིག་མཐོང་ན།། ཆོས་པ་ཁྲི་ཕྲག་ཁྲོས་ཀྱང་འགྱོད་པ་དེ་མི་འདུག།

དཀོར་ནག་དུག་རྫས་བཙོ་སའི་ཟངས་མཁར་དེ་བཅག་སྟེ།། དུས་རབས་གསར་པའི་རང་རྐང་འཚོ་བ་ཞིག་བསྟེན་ནས།། འགྱེད་དང་ཇ་ཐུག་མེད་པའི་ལྟོ་སྐལ་ཞིག་རེག་ན།། མགོ་རིལ་སྟོང་གིས་འཐབ་ཀྱང་འགྱོད་པ་དེ་མི་འདུག།

སྔགས་ནག་རྫུན་ཕྲེང་བགྲང་སའི་ཕྲེང་ཐག་དེ་བཅད་དེ།། ཀླད་མེད་ཅོལ་ཆུང་བྱིས་པའི་བློ་ཁ་དེ་བསྒྱུར་ནས།། དུས་རབས་དངོས་ཡོད་རིགས་པའི་གཞུང་ལུགས་དེ་རྟོགས་ན།། ཕུར་ཐོགས་སྟོང་གིས་དམོད་ཀྱང་འགྱོད་པ་དེ་མི་འདུག།

མཁྲེགས་འཛིན་ཨ་འཐས་བཅས་པའི་ལྕགས་གོང་དེ་གཏོར་ནས།། དུས་རབས་གསར་པའི་ཡངས་པའི་རྒྱལ་ཁམས་ཀྱི་ལྟད་མོ།། རང་དབང་རྣམ་དཔྱོད་གཤོག་པའི་ལྡིང་ཁང་ནས་མཐོང་ན།། གནའ་མི་རྒན་པོ་ཁྲོས་ཀྱང་འགྱོད་པ་དེ་མི་འདུག།

རྙིང་སྲོལ་ལྷ་ཡིས་བྱས་པའི་ཞགས་ནག་དེ་བཅད་ནས།། དུས་རབས་ཉི་ཤུའི་ལུགས་སྲོལ་གསར་པ་ཡི་ལམ་ཆེར།། རྐང་གཉིས་མི་ཚོགས་ཁྲོད་དུ་མི་གྲལ་ལ་ཚུད་ན།། མི་རྒན་བརྒྱ་ཕྲག་ཁྲོས་ཀྱང་འགྱོད་པ་དེ་མི་འདུག།

རྗེས་ལུས་མུན་པ་འཐིབས་པའི་སྨག་རུམ་དེ་བསལ་ཏེ།། རྟ་བདུན་གོམ་པའི་འགྲོས་ཀྱི་འོད་རླབས་ལ་བརྟེན་ནས།། དུས་རབས་གསར་པའི་རྐང་རྗེས་རི་མོ་དེ་རྙེད་ན།། གནའ་སྲོལ་རྩ་བརླགས་སོང་ཡང་འགྱོད་པ་དེ་མི་འདུག།

རྒན་ཞེན་རིང་ལུགས་གོམས་པའི་ལམ་སྲོལ་དེ་བཀག་ནས།། དངོས་ཡོད་རྒྱུ་མཚན་རིགས་པའི་སྲང་མདའ་ལ་བརྟེན་ནས།། ཆོས་དང་འཇིག་རྟེན་གསར་པའི་ལམ་ཆེན་དེ་རྙེད་ན།། རྒན་རབས་ཀུན་གྱིས་སྡིགས་ཀྱང་འགྱོད་པ་དེ་མི་འདུག།

རྐུབ་ཀྱག་མཐོ་དམན་རྩོད་པའི་རྒྱ་མཚོ་དེ་བསྐམས་ཏེ།། ཤེས་འཇོན་ལྕི་ཡང་འཇལ་བའི་ཉ་ག་ལ་བརྟེན་ནས།། ལྷག་བསམ་གངས་དཀར་བརྩེགས་པའི་དཔོན་པོ་ཞིག་མཇལ་ན།། དབང་ཆེན་སྐུ་ངོ་ཁྲོས་ཀྱང་འགྱོད་པ་དེ་མི་འདུག།

བྱུང་སོང་མགོ་ཐུག་མེད་པའི་རྩིས་ཁྲ་དེ་དབྲལ་ཏེ།། སྤྱི་རྒྱུ་ཧམ་ཟོས་བྱས་པའི་མཆེ་བ་དེ་བཅག་ནས།། ཚངས་ཐིག་དབྱིངས་སུ་འདེབས་པའི་རྩིས་པ་ཞིག་བསྐོས་ན།། དྲུང་ཆེན་གཏིང་ནས་ཁྲོས་ཀྱང་འགྱོད་པ་དེ་མི་འདུག།

ལུང་ཚན་ཕྱོགས་རིས་འབྱེད་པའི་སོག་ལེ་དེ་བཅག་སྟེ།། ཕྱི་འཇམ་ནང་དུ་རྩུབ་པའི་ལྕགས་སྒྲོགས་དེ་བཅད་ནས།། སྤྱི་སེམས་སྙིང་ལ་ཉར་བའི་སྤྱི་མི་ཞིག་ཐོབ་ན།། རྒྱུན་ལས་དགོངས་པ་འཁྲུགས་ཀྱང་འགྱོད་པ་དེ་མི་འདུག།

ངག་སྒོ་ཕྲེད་དུ་ཕྱིས་པའི་འགྱོད་མེད་ཀྱི་གཏམ་འདི།། ཐོལ་བྱུང་སེམས་ངོར་ཤར་བ་རི་མོ་ལ་བཀོད་པས།། གཅེས་པའི་ཚེ་སྲོག་དམར་པོའི་ཟུངས་ཁྲག་ལ་བསྒྲེས་ཀྱང༌།། སྤྲང་རྒན་བེ་སྨྱོན་འགྱོད་པ་སྐྱེ་དོན་ཞིག་མི་འདུག།

༡༩༩༦༣༡༩ འཛིན་གྲྭ་བདུན་པའི་སློབ་ཁང་དུ་བྲིས།


ཀ་རྩོམ་ཚན་པ་གཉིས། ༡༽ ཞབས་འདྲེན་པའི་ཕ་རྒན་ཚོ་གཅིག ཀ་བ་བུམ་པའི་ཁ་དོག་གཟུགས་དབྱིབས་ག་ཡིན་མི་ཤེས་ང་ཚོ་འགའ།། ཅ་ལག་མེད་པའི་ཆ་ལུགས་སྤྲང་པོ་ཇ་ཧང་མདོག་གི་ཉ་ཉོག་བསྲེས།། ཏ་ལའི་རླབས་ལྡན་ཐ་གྲུའི་ཡུལ་འདིར་ད་ལྟའི་བར་དུ་ན་ར་ར།། པ་ལོ་བཅད་པའི་ཕ་རྒན་མང་པོ་བ་ཚང་ནང་དུ་མ་ཧེ་བཞིན།། ཙ་རིའི་འགྲམ་ནས་ཚ་བ་ལུང་པར་ཛ་རེ་ཛོ་རེར་ཝ་བཞིན་སླེབས།། ཞྭ་མོ་སེར་པོས་ཟ་འཐུང་ཉོས་ཏེ་འ་རེ་འུ་རེར་ཡ་ཡུག་སྒྲིག། རྭ་ཅན་གླང་དང་ལ་རྒྱ་མཉམ་པའི་ཤ་ཚུགས་བོད་པས་ས་འདི་གང༌།། ཧ་ལའི་དུག་ལྟར་ཧ་ཅང་གཟན་པའི་ཨ་རེ་ཨ་ཕ་འདི་ཚོར་ལྟོས། ༢༽ གང་ནས་སླེབས་པའི་དྲིས་ལན། ཀ་དང་ཁ་ཡི་དག་ཆ་མི་ཤེས་ག་སར་འཁྱམས་པའི་སྤྲང་རྒན་ང༌།། ཅ་ཅོ་ཆ་མེད་ཇ་རོ་བཞིན་དུ་ཉ་ཉོག་མུན་ཁྲོད་ཅིག་ཏུ་ཉལ།། ཏ་ལའི་ཐ་ནས་ད་ནང་འབྱོར་པའི་ན་གཞོན་ཕོ་མོ་ཁྱུ་གཅིག་གིས།། པ་ལགས་ཕ་ཡུལ་ག་བ་ཡིན་པ་མ་གསང་ཤོད་ཅེས་ཡང་ཡང་སྐུལ།། ཙ་ར་ཚ་བཅད་བྱས་པའི་དྲིས་ལན་ཛ་ཞེས་ཝ་ལེར་སྒུག་ནས་སྡོད།། ཞ་དབྱིབས་ཟ་འགྲམ་འཕྲུག་གིན་འཕྲུག་གིན་འ་འུར་ཡ་ལན་འདི་སྐད་ཅེས།། ར་བ་གངས་ལ་རིང་མོའི་རྒྱབ་ཀྱི་ཤ་ཟོན་བོད་ཀྱི་ས་ནས་སླེབས།། ཧ་ཧ་ཨ་ཕྲུག་གཞོན་ནུ་རྣམ་པས་ཨ་མྱེས་ཁ་ཉམས་མ་ལྕོག་ཞུས།།

༡༩༩༥།༤།༤ ཉིན་རྒྱལ་ས་མོན་སོར་ནས།


པད་ཤག་གི་དོན་རྐྱེན་ལས་བརྩམས་པའི་ གདམས་པ་ངན་ཁྲག་ཁུ་བ་འབྱིན་ པའི་སྐྱུགས་སྨན།

གཅིག ཀ་བ་བུམ་པའི་མུ་བཞིར་རྨོངས་ཀྱང་པད་ཤག་ཡོད་ན་རིགས་སྨྲ་ཡིན།། ཁ་བཤད་ལག་ཐོག་དོན་གྱིས་དབེན་ཀྱང་པད་ཤག་ཡོད་ན་ཉམས་ལེན་ཡིན།། ག་ས་ག་ལ་འཆལ་སྤྱོད་བྱས་ཀྱང་པད་ཤག་ཡོད་ན་བཙུན་པ་ཡིན།། ང་རྒྱལ་ཕྲག་དོག་རི་ལས་མཐོ་ཡང་པད་ཤག་ཡོད་ན་ཚུལ་མཐུན་ཡིན།།

ཅ་གེ་བདག་འཛིན་ཁྱི་ལས་ཟབ་ཀྱང་པད་ཤག་ཡོད་ན་སྦྱིན་བདག་ཡིན།། ཆ་མེད་རྒྱུས་གཏམ་བྲག་ཆ་རྡོལ་ཡང་པད་ཤག་ཡོད་ན་བསླབ་བྱ་ཡིན།། ཇ་མར་རྩམ་པའི་ཟས་ལ་རྔམས་ཀྱང་པད་ཤག་ཡོད་ན་ཆོག་ཤེས་ཡིན།། ཉ་བྱ་ཁྱི་ཕག་ཤ་ལ་རོལ་ཡང་པད་ཤག་ཡོད་ན་རྟོགས་ལྡན་ཡིན།།

ཏ་ཐཱ་ག་ཏཱའི་བསྟན་པ་བཤིགས་ཀྱང་པད་ཤག་ཡོད་ན་བསྟན་འཛིན་ཡིན།། ཐ་སྙད་གཙུག་ལག་གནས་ལ་རྨོངས་ཀྱང་པད་ཤག་ཡོད་ན་པཎ་གྲུབ་ཡིན།། ད་ལྟར་རང་སེམས་འཆལ་བའི་སྨྱོན་པ་པད་ཤག་ཡོད་ན་གྲུབ་ཐོབ་ཡིན།། ན་ནིང་ནག་འཚོང་རྒྱག་པའི་ཚོང་དཔོན་པད་ཤག་ཡོད་ན་སྤྲུལ་སྐུ་ཡིན།།

པ་ལོ་ཕབ་སྟེ་འཆལ་སྤྱོད་བྱས་ཀྱང་པད་ཤག་ཡོད་ན་མཛད་ཚུལ་ཡིན།། ཕར་ཚད་དབུ་མ་འདུལ་མཛོད་མ་གཟིགས་པད་ཤག་ཡོད་ན་ལྷ་རམ་ཡིན།། བཋ་དྷ་རའི་གཞུང་ལ་མ་སྦྱངས་པད་ཤག་ཡོད་ན་སྔགས་རམ་ཡིན།། མ་གྱུར་འགྲོ་ལ་སྙིང་རྗེ་མེད་ཀྱང་པད་ཤག་ཡོད་ན་རྒྱལ་སྲས་ཡིན།།

ཙཀྲ་གསུམ་གྱི་ལུང་དོན་མི་ཤེས་པད་ཤག་ཡོད་ན་དགེ་བཤེས་ཡིན།། ཚ་གྲང་ཁྱད་བསད་སྒོམ་སྒྲུབ་མ་བྱས་པད་ཤག་ཡོད་ན་ཕྱག་ཆེན་ཡིན།། ཛ་ལང་སྔགས་ཀྱི་ནུས་པ་མ་བསགས་པད་ཤག་ཡོད་ན་སྔགས་འཆང་ཡིན།། ཝ་མོའི་གྲ་ལོ་མིག་ལམ་མངོན་ཀྱང་པད་ཤག་ཡོད་ན་སེང་གེ་ཡིན།།

ཞྭ་གོས་འདུལ་བའི་མཚམས་ལས་བརྒལ་ཀྱང་པད་ཤག་ཡོད་ན་འདུལ་འཛིན་ཡིན།། ཟ་འདྲེ་འགོང་པོ་ཁོག་ན་ཞུགས་ཀྱང་པད་ཤག་ཡོད་ན་སྐུ་རྟེན་ཡིན།། འ་མོ་ཉིད་ཀྱི་གནས་ལུགས་མི་ཤེས་པད་ཤག་ཡོད་ན་བོན་སྟོན་ཡིན།། ཡ་བཤའ་རྫུན་སྒྲིག་ལས་ལ་གོམས་ཀྱང་པད་ཤག་ཡོད་ན་ཆོས་པ་ཡིན།།

ར་བསྡུས་བསེ་བསྡུས་མ་རྩོད་ན་ཡང་པད་ཤག་ཡོད་ན་གྲྭ་ས་ཆད།། ལ་ཧྲུལ་ལྟོ་སྐྱ་དཀའ་བ་མ་སྤྱོད་པད་ཤག་ཡོད་ན་བཀའ་བཅུ་ཡིན།། ཤ་ཐང་འབད་པས་ཆོས་རར་མ་འགྲིམས་པད་ཤག་ཡོད་ན་ཆོས་མཛོད་ཡིན།། ས་ལམ་ཉམས་རྟོགས་རྒྱུད་ལ་མེད་ཀྱང་པད་ཤག་ཡོད་ན་བླ་ཆེན་ཡིན།།

ཧ་ལོའི་དུག་སེམས་མཚོན་ལས་རྩུབ་ཀྱང་པད་ཤག་ཡོད་ན་བཟང་དྲུག་ཡིན།། ཧ་སའི་གསལ་བྱེད་གནས་ལ་རྨོངས་ཀྱང་པད་ཤག་ཡོད་ན་སྒྲ་བ་ཡིན།། ཨ་ནུ་ལོ་བརྒྱད་ལོན་པའི་ཕྲུ་གུ་པད་ཤག་ཡོད་ན་གྲལ་མགོར་དབང༌།། ཨ་ཅེའི་འཕོངས་ཚོས་ལྡག་པའི་ལོང་ཤོར་པད་ཤག་ཡོད་ན་གྲྭ་བ་ཡིན།། གཉིས། ཀ་དག་གནས་ལུགས་རྗེན་པར་རྟོགས་ཀྱང་པད་ཤག་མེད་ན་ལོག་ལྟ་ཡིན།། ཁ་བཤད་དོན་ལ་འཁེལ་བའི་ལག་ལེན་པད་ཤག་མེད་ན་ལོག་སྒྲུབ་ཡིན།། ག་སར་སྤྱོད་ལམ་ཚུལ་བཞིན་སྲུང་ཡང་པད་ཤག་མེད་ན་འཆལ་ཕོ་ཡིན།། ང་དང་ང་ཡི་འཛིན་པ་དོར་ཡང་པད་ཤག་མེད་ན་འདོ་ཤོར་ཡིན།།

ཅ་ཅོ་མི་སྨྲ་བརྟུལ་ཞུགས་འཆང་ཡང་པད་ཤག་མེད་ན་ལྐུགས་པ་ཡིན།། ཆ་སྤྱོད་ཆོས་བརྒྱད་དྲི་མས་དབེན་ཀྱང་པད་ཤག་མེད་ན་གླེན་པ་ཡིན།། ཇ་ཧང་རྣམ་གསུམ་རྒྱན་གྱིས་མཛེས་ཀྱང་པད་ཤག་མེད་ན་དཀོར་རྒན་ཡིན།། ཉ་སྟོང་ཚེས་བཅུར་སྨྱུང་གནས་སྲུང་ཡང་པད་ཤག་མེད་ན་ཚུལ་འཆོས་ཡིན།།

ཏ་ཐཱ་ག་ཏཱའི་བསྟན་ལ་དད་ཀྱང་པད་ཤག་མེད་ན་ཟོལ་རྫུན་ཡིན།། ཐ་ཤལ་བདུད་གྲོགས་རིང་དུ་སྤངས་ཀྱང་པད་ཤག་མེད་ན་གྲོགས་མེད་ཡིན།། ད་ལྟའི་འདུ་འཛིན་རྩ་བཞིན་དོར་ཀྱང་པད་ཤག་མེད་ན་མགོ་སྟོང་ཡིན།། ན་འཆིའི་གཡུལ་ངོ་འཇོམས་པར་ནུས་ཀྱང་པད་ཤག་མེད་ན་སྡར་མ་ཡིན།།

པ་ར་མི་ཏའི་ཆོས་ཚུལ་མཁས་ཀྱང་པད་ཤག་མེད་ན་བླུན་པོ་ཡིན།། ཕ་རོལ་འཇོམས་པའི་རྩོད་རིག་རྣོ་ཡང་པད་ཤག་མེད་ན་ཐལ་སྐམ་ཡིན།། བཛྲ་དྷ་རའི་སྐྱེད་རྫོགས་མཁྱུད་ཀྱང་པད་ཤག་མེད་ན་གྲུབ་རྫུན་ཡིན།། མ་གྱུར་འགྲོ་ལ་བརྩེ་བ་མཉམ་ཡང་པད་ཤག་མེད་ན་ཕྱོགས་ལྷུང་ཡིན།།

ཙ་མི་ཌི་སོགས་ལྷ་བརྒྱར་བསྟེན་ཀྱང་པད་ཤག་མེད་ན་ལྷ་མེད་ཡིན།། ཚ་གྲང་ཁྱད་གསོད་སློབ་གཉེར་བྱས་ཀྱང་པད་ཤག་མེད་ན་རྡོབ་རྡོབ་ཡིན།། ཛ་ཡའི་གསུང་རབ་རབ་འབྱམས་སྨྲ་ཡང་པད་ཤག་མེད་ན་གཟན་རྒན་ཡིན།། ཝ་ལེར་གཞུང་དོན་ཁོངས་ནས་འཛུམས་ཀྱང་པད་ཤག་མེད་ན་ཁ་ཙམ་ཡིན།།

ཞྭ་སེར་བསྟན་པའི་ཁྱད་ནོར་འཛིན་ཀྱང་པད་ཤག་མེད་ན་ཁྱི་གྲས་ཡིན།། ཟ་འཐུང་ཆོག་ཤེས་རྣམ་བཞིའི་འཕགས་རིཊ་པད་ཤག་མེད་ན་སྤྲང་གྲས་ཡིན།། འ་རུ་ཌ་སོགས་བསྟེན་པ་རྣམ་བཞི་པད་ཤག་མེད་ན་བྱབ་ཆུང་ཡིན།། ཡ་མ་ར་ཛའི་དངོས་གྲུབ་བསྙེས་ཀྱང་པད་ཤག་མེད་ན་སྨྱོན་པ་ཡིན།།

རྭ་ལོའི་མཐུ་རྩལ་སྙིང་ལ་ཞུགས་ཀྱང་པད་ཤག་མེད་ན་སྔགས་ལོག་ཡིན།། ལ་ལི་ཏ་ཡི་རྣལ་འབྱོར་གོམས་ཀྱང་པད་ཤག་མེད་ན་སྨྱོ་སྤྱོད་ཡིན།། ཤ་ཟ་མཁའ་འགྲོ་བྲན་དུ་ཁོལ་ཀྱང་པད་ཤག་མེད་ན་བྲན་གཡོག་ཡིན།། ས་ལམ་སྐྱེད་རྫོགས་རྟོགས་པ་བརྙེས་ཀྱང་པད་ཤག་མེད་ན་ཚུར་མཐོང་ཡིན།།

ཧ་ཅང་ཚངས་སྤྱོད་ཁྲིམས་ལ་གནས་ཀྱང་པད་ཤག་མེད་ན་ཁྲིམས་འཆལ་ཡིན།། ཧ་མིང་ཅན་ལ་སྐྱབས་ཞུས་མེད་ཀྱང་པད་ཤག་མེད་ན་མུ་སྟེགས་ཡིན།། ཨ་ལགས་མཁས་པའི་དགེ་ཕྲུག་ཡིན་ཡང་པད་ཤག་མེད་ན་གཡོག་ཕྲུག་ཡིན།། ཨ་ཁུ་གནས་བརྟན་རྒན་པོ་ཡིན་ཡང་པད་ཤག་མེད་ན་གསར་ཕྲུག་ཡིན།། གསུམ། ཀ་ཁ་མི་ཤེས་སློབ་གྲྭ་བ་རྣམས་པད་ཤག་ཡོད་ན་ལག་འཁྱེར་ཡིན།། ཁ་བ་རི་བའི་རིག་གཞུང་མི་ཤེས་པད་ཤག་ཡོད་ན་སློབ་རྒན་ཡིན།། ག་འགྲོ་གཏད་སོ་མེད་པའི་ཡུལ་གྱལ་པད་ཤག་ཡོད་ན་ཕ་ཡུལ་ཡིན།། ང་དང་ཁྱོད་ཅེས་དགྲ་བོའི་དྭང་མ་པད་ཤག་ཡོད་ན་སྙིང་གྲོགས་ཡིན།།

ཅ་ཅོ་རྩོད་སྙོགས་སློང་པའི་གཏེ་བོ་པད་ཤག་ཡོད་ན་གཞིས་འགོ་ཡིན།། ཆ་ལུགས་སྤྱོད་པ་ཁྱི་ལས་དམན་ཀྱང་པད་ཤག་ཡོད་ན་མི་ཆེན་ཡིན།། ཇ་ཆང་ཨ་རག་བག་མེད་རོལ་ཀྱང་པད་ཤག་ཡོད་ན་གཞུང་ཚབ་ཡིན།། ཉ་ཉུག་བསྲེས་པའི་སྙོགས་སྒྲ་མང་ཡང་པད་ཤག་ཡོད་ན་སྤྱི་མཐུས་ཡིན།།

ཏཱ་ལའི་བླ་མའི་བཀའ་དང་འགལ་ཡང་པད་ཤག་ཡོད་ན་བཀའ་བློན་ཡིན།། ཐ་གྲུའི་ས་ཁྱོན་སྤྲོད་ལེན་བརྗོད་ཀྱང་པད་ཤག་ཡོད་ན་སྐུ་ཚབ་ཡིན།། ད་ལྟར་ལྐོག་རྔན་ཟས་པའི་ནག་ཅན་པད་ཤག་ཡོད་ན་ཉེས་མེད་ཡིན།། ན་ནིང་གཞུང་དངུལ་ཟས་པའི་རྐུན་མ་པད་ཤག་ཡོད་ན་དྲུང་ཆེན་ཡིན།།

པ་ལོའི་རལ་པ་ཕྱི་ལུགས་ནང་འདྲེན་པད་ཤག་ཡོད་ན་རྫིག་པོ་ཡིན།། ཕ་རྒན་ཨ་ར་དཀར་པོར་གྱུར་ཀྱང་པད་ཤག་ཡོད་ན་ཕོ་གསར་ཡི།། བ་ལྟར་ཡབ་སོ་མེད་པའི་རྒན་མོ་པད་ཤག་ཡོད་ན་མོ་གསར་ཡིན།། མ་རབས་སྒེར་སེམས་རི་ལས་ཆེ་ཡང་པད་ཤག་ཡོད་ན་སྤྱི་མི་ཡིན།།

ཙ་རིའི་སྨྱུག་མ་དགྲ་བོས་བཅད་ཀྱང་པད་ཤག་ཡོད་ན་གལ་ཆུང་ཡིན།། ཚ་ལ་དཀར་པོ་རྒྱ་ཡུལ་དབོར་ཀྱང་པད་ཤག་ཡོད་ན་དོན་ཆུང་ཡིན།། ཛ་ཡའི་བཀའ་བསྟན་གཏོར་བརླཊ་བཏང་ཡང་པད་ཤག་ཡོད་ན་སྣང་མེད་ཡིན།། ཝ་ལེར་གསལ་བའི་རིག་གཞུང་བརླགས་ཀྱང་པད་ཤག་ཡོད་ན་ཚབ་ཆུང་ཡིན།།

ཞྭ་ལུགས་གོས་སྟབས་གང་མོས་སྤྱོད་ཀྱང་པད་ཤག་ཡོད་ན་དེང་ལུགས་ཡིན།། ཟ་བྱེད་མཆེ་བས་སྤྱི་རྫས་རྔམས་ཀྱང་པད་ཤག་ཡོད་ན་གཞུང་དྲང་ཡིན།། འ་རེ་འུ་རེས་རང་དོན་འཆེལ་རྣམས་པད་ཤག་ཡོད་ན་སྤྱི་དོན་ཡིན།། ཡ་ཡོ་འཁྱོཊ་པའི་ཐག་གཅོད་གོམས་ཀྱང་པད་ཤག་ཡོད་ན་ཁྲིམས་དཔོན་ཡིན།།

ར་བཟིའི་ཆང་རག་ནག་མོར་འཐམས་ཀྱང་པད་ཤག་ཡོད་ན་ཡ་རབས་ཡིན།། ལ་ལུང་རྐང་པ་གཉིས་བཙུགས་བྱས་རྣམས་པད་ཤག་ཡོད་ན་ཕུག་བསམ་ཡིན།། ཤ་རུས་གཅིག་པའི་སྤུན་ཟླ་སྡང་ཡང་པད་ཤག་ཡོད་ན་ལ་རྒྱ་ཡིན།། ས་མཐའི་མི་ཡུལ་ལུང་པར་སྡོད་ཀྱང་པད་ཤག་ཡོད་ན་མདུན་ལམ་ཡིན།།

ཧ་གོ་མེད་པའི་བླུན་པོ་མགོ་འཐོམས་པད་ཤག་ཡོད་ན་སྲིད་སྟེགས་ཡིན།། ཧ་དྲོ་ཧུང་འཁྱགས་བྱ་སྤུའི་མི་ཡང་པད་ཤག་ཡོད་ན་བརྟན་པོ་ཡིན།། ཨ་དོན་སྡེ་བཞི་ལུགས་གཉིས་མ་སྦྱངས་པད་ཤག་ཡོད་ན་སློབ་སྟོན་ཡིན།། ཨ་མའི་ཨོ་ལོ་གཅེས་ཕྲུག་ལོང་ཤོར་པད་ཤག་ཡོད་ན་ཚོགས་གཙོ་ཡིན།།

དེང་སང་ཀུན་ཀྱང་པད་ཤག་ལ་དགའ་པད་ཤག་ཡོད་ན་དོན་ཀུན་འགྲུབ།། དེང་སང་པད་ཤག་མེད་པའི་སྤྲང་པོ་ཆོས་སྲིད་ཤེས་ཀྱང་དོན་མི་འགྲུབ།། དེང་སང་པད་ཤག་ཡོད་པའི་འབྱོར་ལྡན་ཤེས་ཡོན་མེད་ཀྱང་དོན་ཀུན་འགྲུབ།། དེང་སང་ལུགས་གཉིས་རྒྱལ་མཚན་སྒྲེང་ན་པད་ཤག་གསེར་གྱི་ཡུ་བ་དགོས།།

ཀུན་དགའ་དོན་འགྲུབ་ལག་ཏུ་ཐོབ་ན་བསྟན་སྲིད་ཚོང་རྫས་བསྒྱུར་བ་དང༌།། རྒྱལ་འབངས་གཉེན་ཉེ་རིང་དུ་གྱུར་ཀྱང་འགྱོད་པའི་མེ་ལྕེ་མི་ཕྱུར་བ།། འདོད་རྔམས་རྒྱ་མཚོ་འཁྲུཊ་པ་དེ་དག་བསམ་གྱིན་བསམ་གྱིན་སྙིང་ནས་སྐྱོ།། འོན་ཀྱང་འབྱོར་མེད་ཉམ་ཆུང་བདེན་གཏམ་ཤི་བོའི་གཏམ་བཞིན་སུ་ཡིས་ཉན།།

ཨ་ཅང་ཡངས་པའི་རྒྱལ་ཁམས་ཁྱོན་འདིར་ཐམས་ཅད་དེ་འདྲ་ག་ལ་ཡིན།། ཨ་རེ་པད་ཤག་ཡོད་པའི་འབྱོར་ལྡན་འགའ་ཞིག་དེ་འདྲ་མིན་ཡང་སྲིད།། ཧ་ཧ་འབྱོར་མེད་བྱབ་ཆུང་ཁ་ཅིག་པད་ཤག་ཡོད་ན་སྨྲས་ཅི་དགོས།། ཧ་ཅང་དབུལ་པའི་གྲས་ལ་སྡོད་ཀྱང་མཐོ་བསྙེགས་རེ་བས་སྨྱོ་བའང་སྲིད།།

ལྷག་བསམ་རྒྱ་མཚོ་ཕྱུར་བའི་རྦ་རླབས་འགོག་མེད་གྱེན་དུ་འདེགས་པ་དང༌།། ལྷན་ཅིག་སྤྲིན་གྱི་མཛེས་མའི་འགྲང་ཆང་གཟུར་གནས་རྣ་བའི་འདབ་མ་ལ།། ལྷུང་ཚེ་མཆུ་སྒྲོས་འཛུམ་པའི་གསེབ་ནས་སོ་ཕྲེང་གེ་སར་ཅིས་མི་དགོད།། ལྷོ་མཐའི་ཕྱོགས་ནས་དེ་སྐད་འཕྲིན་འདི་ཤེས་ལྡན་བུང་བའི་དཔྱིད་དུ་སྤེལ།།


ཕལ་སྐད་ཀ་རྩོམ་རྡོ་རྗེའི་རུ་མཚོན།

ཀ་བ་བུམ་པའི་མུ་གསུམ་མུ་བཞི་དང༌།། ཁ་དོག་དཀར་དམར་དགག་བཞག་སྤང་གསུམ་ཙམ།། ག་འགྲོ་མི་ཤེས་རིག་པ་སྨྲ་བའི་གྲས།། ང་རྒྱལ་མངོན་རློམ་བྱེད་དུས་ངོ་རེ་ནོངས།།

ཅ་ཅོ་རྟགས་དང་ཐལ་འགྱུར་ལྟར་སྣང་གིས།། ཆ་མེད་རྒྱུས་བཤད་རྩོད་རྙོགས་བྲག་ཆ་བརྡོལ།། ཇ་ཐུག་སྐུ་འགྱེད་དྲི་ཙམ་བྲོ་བ་ན།། ཉ་རྗེས་རྒྱ་བཞིན་རྒྱུག་དུས་ཞེ་རེ་ཁྲེལ།།

ཏ་ཐ་ག་ཏའི་སྡོམ་རྒྱུན་གཙང་མའི་སྲོལ།། ཐ་མག་ཆང་རག་མི་གཙང་རུམ་དུ་བསྲེས།། ད་དུང་ཆོས་གོས་གོན་པའི་ཟོལ་རྫུན་མཁན།། ན་གཞོན་གྲྭ་གཟུགས་གྱུར་དུས་ཡིད་རེ་སྐྱོ།།

པ་ར་མི་ཏའི་གཞུང་ལུགས་མ་བསླབས་ཤིང༌།། ཕ་མེས་རིག་པའི་གཞུང་ལ་མ་བརྩོན་པར།། བ་རྒན་ཡ་སོ་ཅན་གྱི་དཀོར་གཟན་པ།། མ་རབས་ཐ་ཆད་གྱུར་དུས་ཞེ་རེ་ཕམ།།

ཙ་ཀུ་ར་ལས་རྙེད་དཀའི་དལ་རྟེན་འདིར།། ཚ་གྲང་ཁྱད་བསད་སློབ་གཉེར་མི་བྱེད་པར།། ཛ་ལང་རྣམ་པས་མྱོས་པའི་དྲེགས་པ་ཡི།། ཝ་མོའི་གྲ་ལོ་ངོམ་དུས་ཐང་རེ་ཆད།།

ཞྭ་སེར་བསྟན་པའི་ཞབས་འདྲེན་ཞུ་བའི་སླད།། ཟ་འདྲེ་འགོང་པོས་ཆེད་དུ་སྤྲུལ་པ་ལྟར།། འ་འུར་འདུ་འཛི་ཁྱི་བཞིན་བྲེལ་བ་ཡི།། ཡ་མེད་ཐ་ཆད་གྱུར་དུས་ཤ་རེ་ཚ།།

ར་བ་གངས་རིས་སྐོར་བའི་ཡུལ་ལྗོངས་ནས།། ལ་ལུང་དུ་མ་བརྒལ་བའི་ལྷོ་མཐའ་འདིར།། ཤ་ཐང་འབད་པས་ཆོས་ལ་མ་བསླབས་པར།། ས་མཐའི་ཁྱི་ལྡོམ་གྱུར་དུས་ཡིད་རེ་ཆད།།

ཧ་ས་བཛྲའི་མདོ་སྔགས་དཀའ་འགྲེལ་གཞུང༌།། ཧ་གོ་མེད་པར་གྲྭ་ས་ཆོད་སོང་ཞེས།། ཨ་ལག་མཁས་པའི་དགེ་ཕྲུག་ཡིན་ཁུལ་གྱིས།། ཨ་རེ་ཕ་ཡུལ་འགྲོ་ན་ངོ་རེ་ཚ།།

ཨ་ཅང་དེ་འདྲ་སྨྲས་ན་ཕལ་ཆེར་གྱིས།། ཨ་རོ་སྐྱབས་འགྲོའི་བསླབ་བྱ་འགལ་སོང་ཞེས།། ཧ་ལས་ཚིག་མཚོན་རྣོན་པོ་འཕེན་ངེས་ཀྱང༌།། ཧ་ལམ་ཕལ་ཆེར་དེ་འདྲ་ཡིན་པ་མང༌།།

བརྡ་སྤྲོད་རིག་པའི་སྲོལ་དང་མི་འགལ་ཞིག། ཁ་སྐད་གོ་བདེའི་ཚིག་གི་སྦྱོར་བ་ཡི།། ཀ་ཕྲེང་ལམ་ནས་དྲངས་པའི་རྩོམ་ཡིག་འདི།། ལྷོ་མཐའི་ཡུལ་ནས་འཇིགས་མེད་མིང་པས་སྤེལ།།


གབ་ཚིག་རྡེའུའི་རོལ་རྩེད།

དབང་སྔོན་མདངས་ཀྱིས་འཁྱུད་པའི་བཞིན་རས་ལ།། དུས་ཀྱི་གཉེར་མའི་ཕོན་པོ་ཆལ་ཆིལ་གཡོ།། བགྲང་ཡས་ཡན་ལག་དབྱིག་འཛིན་ཁྱོན་ཀུན་ཏུ།། རྐྱོང་མཁས་སྲིད་པའི་རྒན་མོ་དེ་སུ་ཞིག།

ཆུ་གོས་ཕུད་པའི་བཻཌཱུརའི་བཞིན་བཟང་ངོས།། ཟུང་ལྡན་འདྲེན་བྱེད་རེས་མོས་འབྱེད་འཛུམ་གྱིས།། སྲིད་པའི་ཁྱོན་ཀུན་ལྟ་བའི་བྲེལ་བ་ཅན།། སྐབས་འགར་མུ་ཏིག་རྒྱན་གྱིས་བརྒྱན་དེ་སུ།།

བཙན་འཛུལ་དཔུང་ལ་ཁྲོས་པའི་གདོང་རིས་དམར།། རེ་བའི་མིག་སྟོང་ཕྱོགས་མཚམས་ཀུན་ཏུ་བགྲད།། མཐོ་སྒང་གངས་རིའི་ལྟེ་བར་རབ་བརྗིད་པའི།། བི་ཤྭ་ཀརྨས་བཀོད་པ་དེ་གང་ཞིག།

ལི་ཁྲིའི་རྡུལ་མང་བརྩེགས་པའི་སྤྲིན་གསེབ་ནས།། འཇམ་པའི་དབྱངས་ལྡན་སྤྲིན་གྱི་རྔ་སྒྲ་ཡིས།། མཁས་རྒུའི་ཡིད་ལ་དགའ་བའི་དཔྱིད་སྦྱིན་པ།། ས་གསུམ་ཞི་བདེར་སྒྲུབ་པའི་བྱེད་པོ་གང༌།།

དལ་འབབ་ཆབ་དང་མཛའ་བོར་འཐམས་པ་ལས།། ཚན་རིག་འཕྲུལ་གྱིས་མ་བསྐོར་འུར་འུར་འཁོར།། སོ་མེད་ཁ་གདངས་སྣ་ཚོགས་འབྲུ་ཡི་ཁམས།། རྟག་ཏུ་ཟ་མཁས་ཆོས་མིན་འཁོར་ལོ་གང༌།།

རབ་འབར་ཞལ་གྱི་དཀྱིལ་འཁོར་དམར་པོའི་མདུན།། གུས་མིན་ཐལ་ཕྱག་ཕུལ་བའི་ངལ་བ་བརྒྱས།། སྲོག་མེད་དབུགས་རིང་ལྷེབ་ལྷེབ་བརྩེགས་པ་ཡི།། ར་སྐྱེས་ལྕགས་མཆུ་ཅན་དེའི་མིང་ལ་ཅི།།

ཙུ་ཏའི་རིས་སུ་འཆང་བའི་སྐྱེས་བུ་གསུམ།། སུ་མགྱོགས་འགྲན་པའི་གོམ་སྒྲ་ཐྲིག་ཐྲིག་གིས།། བཅུ་གཉིས་ས་ཚུགས་བཀྲ་བའི་འཇུག་ངོགས་ལ།། སྐད་ཅིག་མི་སྡོད་དལ་མེད་སྐྱོད་དེ་གང༌།།

བསིལ་ལྡན་རྒན་མོ་ཁྲོས་ནས་བསྐྲད་བྱས་པས།། དགུན་གསུམ་ཆུ་ཡི་ཕང་པར་ཡིབས་ཏེ་སླར།། དབྱར་གྱི་རྒྱལ་མོས་ཁྱོ་བོར་བསུས་པ་ན།། སྤྲིན་གོས་གསེབ་ནས་ལྷག་ལྷག་དགོད་པ་སུ།།

སླུ་བྱེད་འདོད་ཡོན་ནོར་བུས་གཙུག་ན་རྒྱན།། མི་གཙང་ཁ་རླངས་དུག་གི་ན་བུན་འཐིབས།། དབང་ཕྱོགས་གདུག་ཅན་མུལ་ནག་དཔུང་ཚོགས་ཤིག། གངས་ལྡན་བསིལ་རིའི་ཕང་པར་ལྷགས་དེ་ཅི།།

ཡུན་རིང་དུག་ཆེན་ཟས་པས་རབ་མྱོས་ཏེ།། ཆེར་རློམ་དམར་མདངས་གྱེན་དུ་བརྩེགས་བྱས་ནས།། དབྱིབས་ཟླུམ་གུར་ཁྱིམ་བཀྲ་བའི་སྒྲོ་ཕུང་གིས།། ལྷུན་སྟུག་གསེར་གྱི་རི་ལ་འགྲན་པ་ནོངས།།

དཀར་མཛེས་ལང་ཚོའི་ཤམ་བུ་གྲོལ་བའི་མོད།། བརྩེ་མེད་རླུང་གིས་རྐང་རྡུལ་དང་བསྲེས་ཀྱང༌།། ལུས་ཕྲའི་ཡལ་འདབ་ལྔ་བས་བྲེལ་བ་ཡིས།། གནག་སྣུམ་གཙུག་གི་རྒྱན་དུ་བྱེད་དེ་ཅི།།

འགྲོ་བྱེད་མེད་པར་ཀུན་གསལ་དབྱིངས་སུ་རྒྱུ།། འདུ་ཤེས་མེད་ཀྱང་གླང་པོའི་མིང་གིས་བསྙད།། ཕན་སེམས་མེད་པར་བསིལ་བའི་གྲིབ་འོག་ཏུ།། ལུས་ཅན་ཚ་གདུང་སྐྱོབ་པའི་མགོན་དེ་སུ།།

ཞོགས་རླུང་བསིལ་བས་བཏབ་ཀྱང་མ་སད་པར།། རྟ་བདུན་རྨིག་སྒྲ་ལྡིར་བས་དཀྲོགས་པ་ན།། ལྷག་ལྷག་དགོད་པའི་དམར་སེར་བཞིན་རས་འཛུམ།། ཉི་གཞོན་ཕྱོགས་སུ་འདེགས་པར་བྱེད་དེ་སུ།།

གནམ་མཐོངས་སྤྲིན་གླང་ངུས་པའི་ཆུ་རྒྱུན་ནི།། རྐང་པས་འཐུང་བས་ལུས་སྟོབས་རབ་རྒྱས་ཤིང༌།། གཡུ་མདོག་གོས་བཟང་ཕང་ཕུང་གཡོ་བའི་གསེབ།། དམར་སེར་ནུ་འབུར་རྒྱས་པའི་མཛེས་མ་གང༌།།

རབ་དཀར་དུང་གི་ཐོར་ལྕོག་དགུང་ལ་རེག། ལང་ལོང་འཁྲིགས་པའི་སྤྲིན་གྱི་སྐ་རགས་བཅིངས།། འཕགས་བོད་འགྲིམ་འགྲུལ་བཞུད་པའི་ལམ་མཁན་གྱི།། ལྷུན་ཆགས་སྲིད་པའི་རྒན་པོ་དེ་སུ་ཞིག།

པདྨ་དགའ་བའི་སོ་ཕྲེང་དགུང་ལ་བཏེགས།། ཀུན་མུད་གདུང་བས་ཐུན་གསུམ་མལ་དུ་མནལ།། ཀྱེ་མ་གནམ་མཐོངས་དབྱིངས་ཀྱི་མགྲོན་པོ་ཞིག། ཤར་རིའི་ཕྲག་ནས་འཛུམ་པ་དེ་ཅི་ལགས།།

བསིལ་ལྡན་ར་བའི་གདུང་སེལ་བདུད་རྩིའི་མཛོད།། གངས་རིའི་ཅོད་པན་སྣང་བྱེད་ཟླ་བ་ཞིག། ཤར་ཕྱོགས་སྒྲ་གཅན་ཁ་ཡི་མུན་པ་ལ།། མིད་ཀྱང་ལེགས་བྱས་བསུབ་ཏུ་མེད་པར་གང༌།།

གཤོག་པ་ཡོད་ཀྱང་གནམ་འཕང་མི་ཆོད་ཅིང༌།། རྐང་པ་མེད་པར་མཇུག་མའི་འཁྱུག་འགྲོའི་མཁས།། རྒྱང་ལྟ་མི་ནུས་གསེར་གྱི་འདྲེན་བྱེད་སྒོར།། རྟག་ཏུ་ཆུ་གོས་གྱོན་པའི་བུ་དེ་སུ།།

ཕུན་ཚོགས་འདོད་འཇོ་བ་མོའི་རྐང་པ་ལ།། ཀེམ་ཀེམ་བྱེད་པའི་ཚེ་ཚེ་ར་རྒན་བཏགས།། མགོ་བོར་ཐང་དཀར་རྒོད་པོའི་གཤོག་སྒྲོ་ཅན།། ས་གཞན་འཕུར་བའི་བྲེལ་བ་བྱེད་དེ་ཅི།།

ཕ་ཡིས་སྒྲེང་པའི་ལྕག་དབྱུག་ཀེམ་ཀེམ་དུ།། གནམ་མཐོངས་དབྱིངས་སུ་ཤར་བའི་སྟངས་སྟབས་ཀྱིས།། འོ་མའི་རྒྱུན་འཇོ་དྲུས་མའི་བ་མོ་ཞིག། ས་ལ་དད་པའི་བྲེལ་འཚུབས་བྱེད་དེ་གང༌།། ༡༽རྒྱ་མཚོ། ༢༽ནམ་མཁའ། ༣༽རྩེ་པོ་ཏཱ་ལ། ༤༽གོང་ས་བཅུ་བཞི་པ། ༥༽འཆིག ༦༽འབུད་པ། ༧༽ཆུ་ཚོད། ༨༽འབྲུག ༩༽རྒྱ་ནག་པ། ༡༠༽བླ་ཆེན་ཞིག ༡༡༽མེ་ཏོག་མ་ལི་ཀ། ༡༢༽སྤྲིན། ༡༣༽ཉི་མ་མེ་ཏོག ༡༤༽འབྲས་ལྡན་ལྗོན་ཤིང༌།། ༡༥༽ ཤར་གངས་ལ། ༡༦༽ཉི་མ། ༡༧༽པཎ་ཆེན་རིན་པོ་ཆེ། ༡༨༽ཉ། ༡༩༽བྲོས་པ། ༢༠༽ཕེབས་པ།

དབྱངས་གསལ་སོ་བཞི་ཚང་བའི་བྱ་དཀའི་སྙན་ཚིག ཚན་པ་བཞི། རྒྱལ་ཀུན་མཁྱེན་རབ་གཅིག་ཏུ་བསྡུས་པའི་རྩལ།། འཕགས་མཆོག་ཟོ་བཟང་མཚན་དཔེས་རབ་མཛེས་ཤིང༌།། དྷཱི་ཡིག་ཐིག་ལེ་འོད་སྣང་འབར་བ་ཅན།། ཨེ་མ་འཇམ་མགོན་བདག་སྙིང་ཝལ་ཝལ་བཞུགས།།

ཡིད་འཕྲོག་དཀར་མཛེས་ཟླ་བའི་བཞིན་རས་ལ།། ཆགས་བྲལ་འདྲེན་བྱེད་རི་དྭགས་མིག་ལྟར་གཡོ།། ཁ་བའི་གོས་ཅན་བརྩེ་བའི་ཐབས་ལྡན་མ།། ཨ་ཧོ་མཚོ་བྱུང་པི་ཝང་འཇེབས་ཤིང་སྙན།།

ལྟ་བ་ཚད་མར་ཀླུ་སྒྲུབ་ཇི་བཞིན་མཁས།། སྤྱོད་པ་ཉན་ཐོས་ཤཱ་རིའི་བུ་ལྟར་བཙུན།། སྒོམ་པ་ཨེ་ཝྃ་ཞི་ལྷག་ཟུང་གིས་བཟང༌།། འཕགས་མཆོག་འཇམ་མགོན་ལུགས་བཟང་ཅི་ཡང་མཛེས།།

མཁས་པས་དཀའ་གནད་ལེགས་བཤད་སྙན་ཞིང་འཇེབས།། བཙུན་པའི་སྤྱོད་པ་ཐོས་སྒྲོག་ལྟར་མཛེས་ཤིང༌།། བཟང་པོའི་ཡོན་ཏན་འབུམ་ཕྲག་བརྙེས་པ་ཅན།། ཨ་ཧོ་མཚུངས་མེད་མཆོག་དེ་ཝ་ལེར་དྲན།།

ཕ་ཡུལ་དྲན་པའི་སྐྱོ་གླུ་མཆི་མའི་ཆར་རྒྱུན།

བྱམས་པས་ཡུན་རིང་བསྐྱངས་པའི་ཕ་མ་དང་བྲལ་ཞིང༌།། བརྩེ་སེམས་འཛུམ་གྱིས་བསུ་བའི་སྤུན་མཆེད་ནི་རིང་སོང༌།། སྐྱིད་པའི་ཕ་ཡུལ་ལུང་པ་རྒྱབ་ལོགས་སུ་བཞག་ནས།། རྒྱུས་མེད་མི་ཡུལ་ལུང་པར་སྔོན་ལས་གྱིས་སླེབས་སོང༌།།

དྲིན་ཅན་བླ་མ་དགྱེས་པའི་ཞལ་རས་དང་བྲལ་ཞིང༌།། སྙིང་ཐུབ་ཕུག་ཐག་བསྲིངས་པའི་ཆོས་གྲོགས་ནི་རིང་སོང༌།། སྐྱིད་པའི་དགོན་པ་གྲྭ་ཚང་རྒྱབ་ལོགས་སུ་བཞག་ནས།། རྒྱུས་མེད་མི་ཡུལ་ལུང་པར་སྔོན་ལས་ཀྱིས་སླེབས་སོང༌།།

རང་དང་སྐལ་མཉམ་སློབ་བུའི་ཁྱུ་ཚོགས་དང་བྲལ་ཞིང༌།། འབྱོར་ལྡན་སྦྱིན་བདག་རྣམ་པའི་མཐུན་རྐྱེན་ནི་རིང་སོང༌།། སྐྱིད་པའི་བང་ཁྱིམ་རང་ཤག་རྒྱབ་ལོགས་སུ་བཞག་ནས།། རྒྱུས་མེད་མི་ཡུལ་ལུང་པར་སྔོན་ལས་ཀྱིས་སླེབས་སོང༌།།

ཁམས་པའི་ཡུལ་དུ་སྐྱེས་པའི་འདོ་མེད་ཀྱི་བུ་ང༌།། མདོ་ཁམས་སྒང་དྲུག་རི་ནས་རི་དྭགས་བཞིན་འཁྱམས་ཏེ།། ངེས་མེད་ཕྱི་རྒྱལ་རྣམས་སུ་ཁྱི་རྒན་ལྟར་ཉུལ་ནས།།

རྒྱུས་མེད་མི་རིགས་འཚང་ག་བྱེད་ས་ཞིག་སླེབས་སོང༌།།

རྟེན་བཟང་རྙེད་ཅིང་ལོ་བདུན་ལོན་པ་ནས་བཟུང་སྟེ།། རྒྱ་བོད་ཤེས་བྱ་རིག་པའི་གཙུག་ལག་ལ་བསླབས་ཤིང༌།། ཉི་ཤུ་རྩ་བཞིའི་མི་ལོ་དལ་དལ་གྱིས་ཟད་སོང༌།། ཟད་མཐར་རྒྱུས་མེད་མི་ཡུལ་སྔོན་ལས་ཀྱིས་སླེབས་སོང༌།།

བགྲང་བྱ་བདུན་ཙམ་རིང་ལ་མཚན་ཉིད་ཀྱི་རིག་པ།། ཉིན་མཚན་ན་ནར་སློབ་པར་བྱས་ཁུལ་གྱི་འབྲས་བུ།། ཆེན་རློམ་རྒན་པོས་གཡོན་ལྷུང་ཐ་ཚིག་གི་སྦྱོར་བས།། རྩིས་མེད་རང་སར་བསྐྱུར་པའི་ཉེས་ངོ་དེ་སྐྱོ་བྱུང༌།།

སཱ་ལའི་ནགས་སུ་འགྱིངས་པའི་འཛུམ་དྲུག་གི་སྟག་ང༌།། རྒྱུས་མེད་ས་མཐའ་མྱ་ངམ་ཐང་སྟོང་དུ་ལྷགས་ཏེ།། རྡ་ལི་ཁྱི་རྒན་རྒྱུ་བའི་དམན་བྲལ་དུ་ལྷུང་བ།། མཐོང་ཚེ་ངུ་ལ་དགོད་པའི་སྣང་བ་ཞིག་ཤར་བྱུང༌།།

དབྱིབས་ལེགས་མདངས་མཛེས་འགྲོས་ལྡན་གྱི་ལིང་གི་རྟ་ཕོ།། ཐལ་བའི་མདོག་འཁྱུད་རྣ་བའི་མགྲིན་བཟང་གི་ཁྱུ་དང༌།། ཕྱོགས་ལྷུང་མིག་ཡ་བགྲད་པའི་གཡོན་ལྷུང་གི་གནག་རྫིས།། ལྷས་ར་གཅིག་ཏུ་མཉམ་སྡེབ་བྱས་པ་འདི་སྐྱོ་བྱུང༌།།

ཡུན་རིང་གཙུག་ལག་བསླབས་པའི་བག་ཡངས་དེའི་སྐྱོན་གྱིས།། བློ་གླིང་ཞིང་ཁར་འཇོར་གྱི་ངལ་དུབ་ཀྱི་ལས་ཀ།། མི་འདོད་གཞན་དབང་བཙན་པོས་ཕྲག་གོང་ནས་མནན་པས།། རིམ་གྱིས་འཛད་པའི་ལུས་སྟོབས་རིམ་པར་བཞིན་ཟད་སོང༌།།

སྔོན་བསགས་ལས་ངན་ལྗོན་པ་ཕྲ་རྒྱས་ཀྱི་ཆུ་ཡིས།། གསོས་པའི་དུག་རོ་ཚ་བ་ལྕེ་ཐོག་ཏུ་ལྷུང་བས།། གཞིས་ཀྱི་ཕ་ཡུལ་ལུང་པའི་སྐྱིད་སྣང་དེ་དྲན་ནས།། མཆི་མའི་ཆར་རྒྱུན་གདོང་པའི་རི་གཟར་ནས་འབབས་སོང༌།།

ཅེས་ཕྱི་ནང་གི་ཕྲལ་རྐྱེན་འགའ་ཞིག་ལ་བརྟེན་ནས་གཞིས་ཀྱི་ཕ་ཡུལ་དྲན་པའི་སྐྱོ་སྣང་འཇགས་ཐབས་མེད་པ་ཞིག་གིས་མཚམས་སྦྱར་ཏེ་རི་བོ་གངས་ཅན་པའི་སྙན་ངག་སྨྲ་བ་བེ་རི་འཇིགས་མེད་དབང་རྒྱལ་བས་སུག་བྲིས་སུ་སྤེལ་བའོ།། སྤྱི་ལོ་༡༩༩༠།༦།༢༠ཉིན་



རྟགས་བརྒྱད་ལ་སྦྱར་བའི་བསྟོད་ཚིག་དྲི་ཟའི་གླིང་བུ།

གཉན་ཆེན་ཐང་ལྷའི་གསར་ཤོག་ལ་ཉམས་ཞིབ་བྱས་པའི་ཚོར་སྣང་གི་དྲན་ཐོ།

མཚན་དཔེའི་ཟླ་ཞལ་ལྷམ་མེར་འཛུམ་པ་ལས།། རིག་བྱེད་རྒྱ་མཚོའི་དཔྱིད་གྱུར་སྒེག་མོའི་རླབས།། རྩེན་མཁས་དབྱངས་ཀྱི་རྒྱལ་མོའི་མགྲིན་མཛོད་ལས།། བསྟོད་ཚིག་དྲི་ཟའི་གླིང་བུ་འདི་ན་འཁྲོལ།།

བརྗོད་དོན་བསམ་འཕེལ་ནོར་བུའི་འོད་རྣོན་འབར།། ཚིག་སྦྱོར་ཟ་འོག་དར་གྱི་ཤམ་བུ་བཀྲ།། མ་འཁྱོག་རྩ་དོན་གསེར་གྱི་ཡུ་བ་བརྟན།། གསར་ཤོག་འདི་ནི་རིན་ཆེན་གདུགས་འདྲ་དྲན།།

རབ་ཡངས་ཤེས་བྱའི་རིན་ཆེན་འབྱུང་གནས་གཏེར།། སྣ་ཚོགས་རྙོག་འཛིངས་རླབས་ཀྱི་བང་རིམ་ཁྲོད།། རྣམ་དཔྱོད་གཤོག་དྲུག་གཡོ་བའི་འཁྱུག་འགྲོས་མཁན།། གསར་ཤོག་འདི་ནི་གསེར་གྱི་ཉ་འདྲ་དྲན།།

ལོག་རྟོག་དུག་གི་དྲི་མ་འཇོམས་པའི་སྨན།། སྐལ་ལྡན་སྐམ་པའི་གདུང་བ་སེལ་བའི་བཅུད།། ལེགས་བཤད་བདུད་རྩིའི་དགའ་སྟོན་འཁྱིལ་པའི་གཏེར།། གསར་ཤོག་འདི་ནི་གཏེར་ཆེན་བུམ་པ་བཞིན།།

དུས་རས་གསར་པའི་ཤེས་བྱའི་དགའ་ཚལ་ན།། ཤོལ་དྲིལ་འདབ་མའི་འཛུམ་བརྒྱ་གྲོལ་བའི་ཁྲོད།། གནས་ལུགས་མངར་པོའི་དྲི་བསུང་འགྱེད་པ་ལ།། གསར་ཤོག་འདི་ནི་པད་མ་ལྟ་བུར་བསྔགས།།

རང་གི་སྐད་ཡིག་རིག་པའི་འོ་མཚོ་ཆེ།། སྐྲ་སེར་སྤྲེའུའི་ཁྲག་དང་མ་བསྲེས་པར།། རླབས་དཀར་ གྱེན་དུ་ཕྱུར་བའི་དབྱངས་སྙན་གཏེར།། གསར་ཤོག་འདི་ནི་གཡས་འཁྱིལ་དུང་འདྲ་དྲན།།

ཁྲག་རླབས་དགུང་ལ་ཕྱུར་བའི་ལོ་རྒྱུས་ཕྲེང༌།། བརྗེད་མེད་སེམས་ཀྱི་སོར་མོས་བགྲང་པ་ལ།། ནམ་ཡང་གཡོ་མེད་དམ་བཅའ་རི་མོའི་འཛུམ།། གསར་ཤོག་འདི་ནི་དཔལ་གྱི་བེའུ་བཞིན་བཀྲ།།

ཞུམ་པ་མེད་པའི་སྙིང་སྟོབས་གོ་ཆ་བརྟན།། བདེན་པའི་ཚིག་གི་རྣོན་པོའི་མཚོན་ཆ་ཐོགས།། ཕ་རོལ་སྙིང་གི་སྤོབས་པ་བསྟུང་པ་ལ།། གསར་ཤོག་འདི་ནི་རྣམ་པར་རྒྱལ་མཚན་ཉིད།།

འབྱུང་འགྱུར་དུས་རབས་རྒྱབ་ལྗོངས་དོག་པོ་རུ།། མི་མཐུན་ཚང་ཚིང་ནགས་མ་གཅོད་པའི་འཕྲུལ།། ལུགས་ཟུང་གསེར་གྱི་རྩིབས་སྟོང་འབར་བ་ཡི།། གསར་ཤོག་འདི་ནི་འཁོར་ལོ་དངོས་འདྲ་དྲན།།

རྟགས་བརྒྱད་བཀྲ་ཤིས་དབྱངས་སུ་གྱེས་པའི་གླུ། གཅིག་ཏུ་འཁྱིལ་བ་དྲི་ཟའི་གླིང་བུ་འདི།། སྤྲེལ་ལེབ་གཅམ་བུས་ངོ་བསྟོད་མ་ལགས་ཏེ།། འདི་ནི་དྲང་སྲོང་དགྱེས་པའི་བདེན་གཏམ་ཉིད།།

ལྷུན་པོས་ཆུ་གཏེར་སྨད་གཡོག་མ་དོར་བར།། དེ་སྲིད་ལུགས་ཟུང་འདྲེན་པའི་གསར་ཤོག་འདི།། དབྱར་གྱི་མཚོ་དང་སྟོན་ཀའི་ཟླ་བ་བཞིན།། ནམ་ཡང་མི་ནུབ་བླ་ན་འབར་གྱུར་ཅིག།

༩༦༤༢ ཉིན་གདན་ས་འབྲས་སྤངས་སུ་བྲིས།


ནོངས་འགྱོད་ཀྱི་ཟུར་ཐོ།

སྨན་ཁང་ནང་གི་མཐོང་ཐོས་འགའ་ཞིག་བྱུང་རྗེས། ཞོཊ་པའི་མཁའ་མཐར་ཉིན་བྱེད་ཐིག་ལེ་དམར་པོའི་ཟོལ་གྱིས་འཛུམ་པའི་མོད།། ལུཊ་ཟུང་ཆོས་རིག་སློབ་གྲྭའི་ནང་དུ་སློབ་འཁྲིད་བྱེད་པའི་ཆེད་དུ་སོང༌།། འཕཊ་བོད་རྒྱལ་གླུ་གཏོང་བའི་རྗེས་སུ་འཛིན་གྲྭའྀ་ཆད་དེབ་ཀློག་པའི་སྐབས།། གྲལ་རིམ་ཉི་ཤུའི་རྐུབ་ཀྱག་སྟེང་དུ་སྡོད་པའི་སློབ་མ་མཐོང་ཡུལ་དབེན།།

ཅི་ཞིག་དྲིས་པས་གསལ་བཤདལན་དུ་བྲིས་པའི་དགོངས་ཤོག་མདུན་དུ་བསྟར།། ཀྱེ་མ་བརྩེ་མེད་སྐྲི་སྦིའི་ནད་ཀྱིས་ཁོང་གི་གཟུགས་གཞི་དམ་བཅིངས་པས།། གཞིས་གྲོང་གསུམ་པའི་སྨན་ཁང་ནང་དུ་ཉལ་ནས་སྡོད་པའི་ཚུལ་གོ་ཞིང༌།། དེ་མ་ཐག་ཏུ་དུང་སེམས་རླུང་གིས་ལུས་ཀྱི་འཁྲི་ཤིང་ཀུན་ནས་གཡོས།།

རྟེན་འབྱུང་རྒྱལ་མོས་ཕོ་ཉར་མངགས་པ་ལོ་ཟླ་ཞག་གི་ཕྲེང་བ་ལ།། རང་དབང་བགྲང་པའི་ཕྲེང་རྟགས་མེད་ཕྱིར་ཉིན་ཞག་འགའ་ཞིག་ལུས་པའི་མཐར།། ཁོག་ན་འབར་བའི་སེམས་འཁྲེང་མེ་ལྕེ་འཚུབས་མའི་རླུང་དང་འཐབ་པའི་གསེབ།། འཚམས་འདྲི་ནད་བལྟ་བྱེད་པའི་ཆེད་དུ་མོ་ཊ་འཁོར་ལོའི་ནང་དུ་བསྐྱོད།།

དུག་གི་ཤིང་དང་ལྕགས་ཀྱི་དྲ་བས་ཁོར་ར་ཁོར་ཡུག་སྐོར་བའི་དབུས།། གནག་ཅིང་དུབ་པའི་སྐྲི་སྦི་ནད་པའི་ཉལ་ཁང་རིང་པོ་དེ་ཡི་ཁྲོད།། རླུང་ནག་འཚུབ་མས་རྒྱ་མཚོའི་གྲུ་བཞིན་རྐང་པའི་འདེགས་འཇོག་གློག་ལྟར་བྲེལ།། ཁོ་བ་གང་དུ་ཡོད་པའི་དྲི་ཚིག་མ་ཎི་ཕྲེང་བའི་ཟོལ་དུ་བགྲངས།།

མཐོང་མྱོང་མེད་པའི་ཕོ་གསར་ཞིག་གིས་ནད་པའི་ཉལ་ཁང་འདི་ཞེས་བསྟན།། གསལ་ལ་མ་གསལ་ཉལ་ཁང་དེ་ཡི་སྒོ་གླེགས་ཕྱེས་ཏེ་ནང་ལ་འཛུལ།། བསམ་ཡུལ་མེད་པའི་བུ་མོ་ཞིག་དང་མཉམ་དུ་ཐུག་པ་འཐུང་ནས་འདུག། འགོག་ཐབས་མེད་པའི་རྣམ་རྟོག་གཅིག་གིས་གདུང་སེམས་བྲག་རི་འཇའ་ལྟར་ཡལ།།

ཁོང་ཁྲོའི་མེ་ལྕེ་ཁོག་ན་འབར་ཡང་ཚིག་མཚོན་དུ་བ་མ་དཀྲིགས་ཤིང༌།། བློ་འགྱོད་རྒྱ་མཚོ་གཏིང་ནས་འཁྲུགས་ཀྱང་རྦ་རླབས་མཁའ་ལ་མ་རྩེན་པར།། དམ་ཞིང་དོག་པའི་ཁ་ཡི་ཟུར་ནས་ཚ་གྲང་ན་ཚ་ལས་རྩོམ་པའི།། བཅོས་མའི་འཛུམ་གྱི་མདངས་དང་འདྲེས་པའི་དབ་དིབ་ཚིག་ཕྲེང་འགའ་ཞིག་བགྲངས།།

ཁོ་མོའི་འཁྲིས་ནས་ཁོ་ཡི་གདོང་ངོས་ངོ་ཚའི་རི་མོ་འགའ་བཀོད་དེ།། ཉལ་ཁྲིའི་སྒང་ནས་དལ་བུར་ལངས་ཏེ་རྒན་ལཊ་ཕྱག་ཕེབས་བཞུཊ་ཞེས་ཟེར།། ཁྲོ་དང་སྙིང་རྗེ་ཟུང་དུ་བསྡེབས་པའི་དབུགས་རྒོད་གྱེན་ལ་བརྩེགས་ན་ཡང༌།། ནན་གྱིས་གནོན་ཏེ་ཉལ་ཁྲིའི་སྒང་ལ་རྐུབ་ཀྱག་བཅས་ནས་ཅུང་ཟད་བསྡད།།

ན་ཚའི་གདུང་སེམས་ལྕགས་ཀྱི་རི་བོ་ནམ་མཁའི་འཇའ་ལ་ཐིམ་ནའང༌།། སྔར་མེད་འགྱོད་གདུང་ལྕཊ་རི་གསར་པ་དམར་ཆུང་སྙིང་གི་ཁམས་ན་བརྩེཊ།། བཙུན་མ་དེ་ལ་ཁོ་དང་སྤུན་ཉེ་འབྲེལ་བའི་ལམ་བུ་ཇི་ཡོད་ཅེས།། དྲི་ཚིག་གཏམ་གྱི་ཀྱོ་བ་གཡུག་ཀྱང་དེ་ལན་དགུན་གྱི་ཁུ་བྱུག་ཟླ།།

ཕན་ཚུན་གཏམ་གྱི་འཚམས་འདྲི་ཆད་པའི་དབེན་འཇཊ་གནས་པའི་ཁང་ཆུང་དེར།། ཁྲ་ཆུང་མིག་གིས་ཞིབ་ཏུ་ལྟོས་པས་སྒྲ་འཛིན་འཁོར་ལོའི་ཡོ་ཆས་སོགས།། དེབ་ཆུང་འགའ་དང་གཞོན་ནུའི་སྤྱད་ཆས་འདྲ་མིན་སྣ་ཚོཊ་བཅའ་དུ་བཀྲམ།། ཡིད་ཆད་གདུང་པས་སྐུལ་མ་ཐེབས་པས་བརྙན་དེབ་གཅིག་ལ་བལྟ་ཁུལ་བྱས།།

ཉིན་བྱེད་གཞོན་ནུའི་དམར་པོ་འཛུམ་མདངས་ནུབ་རིའི་མཁའ་མཐར་དལ་གྱིས་ལྷུང༌།། དགུང་དུས་མུན་པའི་རུ་ཚོན་ནག་པོ་ཕྱོགས་ཀྱི་འཁོར་ལོའི་ཁྱོན་ལ་འཛུཊ།། དབེན་འཇགས་གནས་པའི་སྤྱིལ་བུ་དེ་ནས་བཅོས་མའི་གྱེས་མཇལ་ཚིག་དང་མཊ། གོམ་པའི་འདེཊ་འཇོག་འཁྱར་མ་འཁྱོར་གྱིས་རང་ཤག་རྫ་མའི་ཁྱིམ་དུ་ལོག།

མཚན་མོའི་ནགས་ཁྲོད་འུག་པའི་ཧ་རྒོད་ཁྱི་སྤྱང་རྒནཔོའི་རྣ་བར་སྙན།། རོ་གཟན་རྒོད་པོས་ལྡིང་སྐོར་བྱེད་ན་སྔགས་ནག་གཅོད་པས་དགའ་བ་སྒོམ།། རབ་བྱུང་བཙུན་པའི་སེམས་ཀྱི་མེ་ལོང་སྡོམ་དགྲ་བུ་མོའི་མཛེས་སྡུག་འཆར།། ཟླུམ་གཟུགས་གོ་ལ་འདི་ཡི་ངོས་ལ་གོ་ལྡོག་རི་མོ་འབུལ་ཕྲག་བརྒྱ།།


བདེན་གཏམ་སྙིང་ལ་གཟན་པའི་ཚེར་མ།

ལྷ་ཡི་བྱིན་རླབས་སྙིང་ལ་ཞུགས་པ་འམ།། བདུད་ཀྱི་ཆོ་འཕྲུལ་ཁོག་ལ་འཛུལ་ཡང་སྲིད།། ང་ཡི་སེམས་ཀྱི་ཁྲག་མཚོ་འཁོལ་བ་ལས།། ཁྲག་རླབས་དམར་པོའི་བཟི་གཏམ་མཁའ་ལ་འཕྱོ།།

གྲོགས་ཁྱོད་འདོད་པའི་བློ་དང་མི་མཐུན་ཡང༌།། སྨྱོན་པའི་བཟི་གཏམ་འགོག་ཐབས་མི་འདུག་པས།། སྨྱོ་གཏམ་སྙིང་ལ་གཟན་པའི་ཚེར་མ་འདི།། ཐོལ་བྱུང་ལྕེ་རྩེ་འདབ་མའི་འཕྲུལ་ནས་འཕེན།།

བྱམས་བརྩེ་ཁོག་ན་མེད་པའི་བླ་སྤྲུལ་དང༌།། ཉམས་ལེན་སེམས་ནས་བོར་བའི་དགེ་བཤེས་ལ།། ཁྱོད་ཉིད་འདོད་པ་ཡོད་ན་སྐྱབས་གནས་སྟེན།། བེ་རི་སྨྱོན་པས་སྐྱབས་གནས་སྟེན་དོན་མེད།།

ངན་སྔགས་རྫུན་ཕྲེང་བགྲང་པའི་སྔགས་འཆང་དང༌།། བླུན་པོ་ཀླད་ཡུག་སྐོར་པའི་གཅོད་པ་ལ།། ཁྱོད་ཉིད་འདོད་པ་ཡོད་ན་རྣམ་ཤེས་ཆོལ།། བེ་རི་སྨྱོན་པས་རྣམ་ཤེས་བཅོལ་དོན་མེད།།

མཐོན་པོའི་ཁྲི་ལ་འགྱིངས་པའི་སྤྲུལ་སྐུ་དང༌།། འདས་ལོག་ཐེངས་མང་ཕེབས་པའི་མཁའ་འགྲོ་མར།། ཁྱོད་ཉིད་དད་པ་ཡོད་ན་སྟེན་པར་གྱིས།། བེ་རི་སྨྱོན་པས་དད་པ་བཞག་དོན་མེད།།

མགོ་བོ་རྨོངས་པས་བསྟིམས་པའི་མཁས་པ་དང༌།། ཐོས་དོན་ཉམས་ལེན་མེད་པའི་བཙུན་པ་ལ།། ཁྱོད་ཉིད་འདོད་པ་ཡོད་ན་འདྲེས་གཤིབ་གྱིས།། བེ་རི་སྨྱོན་པས་འདྲེས་གཤིབ་བྱེད་དོན་མེད།།

ཕ་མགོ་ཐོ་བས་རྡུང་པའི་དཔའ་བོ་དང༌།། མ་ལ་འཁྲིག་པ་སྤྱོད་པའི་གྲུབ་ཐོབ་གཉིས།། ཁྱོད་ཉིད་འདོད་པ་ཡོད་ན་ཡིད་འཆེས་གྱིས།། བེ་རི་སྨྱོན་པས་ཡིད་འཆེས་བྱེད་དོན་མེད།།

ཉིན་མཚན་གྲོང་ཆོག་རྒྱུག་པའི་དཀོར་རྒན་དང༌།། ལག་པ་གློག་ལྟར་མྱུར་བའི་ཨ་མཆོད་ལ།། ཁྱོད་ཉིད་འདོད་པ་ཡོད་ན་མཆོད་གནས་གྱིས།། བེ་རི་སྨྱོན་པས་མཆོད་གནས་བྱེད་དོན་མེད།།

ཚིག་སྤྱི་ལོ་མར་རྩོད་པའི་མཁས་པ་དང༌།། ལོ་ཀའི་ཆོས་ལ་གོམས་པའི་ཉམས་ལེན་པར།། ཁྱོད་ཉིད་འདོད་པ་ཡོད་ན་དགེ་རྒན་སྟེན།། བེ་རི་སྨྱོན་པས་དགེ་རྒན་སྟེན་དོན་མེད།།

རིགས་རྒྱུད་མཐོ་དམན་རྩོད་པའི་སྐུ་དྲག་དང༌།། དཀོར་ནག་བཅུ་སྐལ་ཟ་བའི་ཞལ་ངོ་ལ།། ཁྱོད་ཉིད་འདོད་པ་ཡོད་ན་གུས་འདུད་གྱིས།། བེ་རི་སྨྱོན་པས་གུས་འདུད་བྱེད་དོན་མེད།།

རྐུབ་ཀྱག་མཐོ་དམན་རྩོད་པའི་ཚོགས་གཙོ་དང༌།། སྤྱི་རྒྱུ་ལྐོག་གཟོན་ཤེས་པའི་དྲུང་ཆེན་ལ།། ཁྱོད་ཉིད་འདོད་པ་ཡོད་ན་གདོམས་བསྐོས་གྱིས།། བེ་རི་སྨྱོན་པས་འདེམས་བསྐོ་བྱེད་དོན་མེད།།

རང་དོན་ཁོག་ན་ཉར་བའི་སྤྱི་མི་དང༌།། སྤྱི་དོན་རིས་སུ་བོར་པའི་སློབ་སྟོན་པར།། ཁྱོད་ཉིད་འདོད་པ་ཡོད་ན་བློ་འདྲི་གྱིས།། བེ་རི་སྨྱོན་པས་བློ་འདྲི་བྱེད་དོན་མེད།།

སྤྱི་རྒྱུ་ཧོམ་ཟོས་བྱེད་པའི་ཕྱུག་པོ་དང༌།། ཉམ་ཆུང་རྡོག་རྫིས་གཏོང་པའི་དཔོན་པོ་ལ།། ཁྱོད་ཉིད་འདོད་པ་ཡོད་ན་རེ་བཅོལ་གྱིས།། བེ་རི་སྨྱོན་པས་རེ་བཅོལ་ཞུ་དོན་མེད།།

རང་གི་རྒྱལ་ཁབ་བཙོངས་པའི་འཚོང་དཔོན་དང༌།། གཞན་གྱི་འཕོང་འཚེས་ལྡག་པའི་རྒྱུག་ཁྱི་ལ།། ཁྱོད་ཉིད་འདོད་པ་ཡོད་ན་གྲོགས་པོ་གྱིས།། བེ་རི་སྨྱོན་པས་གྲོགས་པོ་བྱེད་དོན་མེད།།

གདོང་གི་ཤུབ་སྐོགས་མཛེས་པའི་མེ་ཏོག་དང༌།། ལུས་ཀྱི་འཁྲི་ཤིང་འཇམ་པའི་རེག་བྱ་ལ།། ཁྱོད་ཉིད་འདོད་པ་ཡོད་ན་སྤྱོད་པར་གྱིས།། བེ་རི་སྨྱོན་པས་གང་བྱུང་སྤྱོད་དོན་མེད།།

བཅོས་མའི་འཛུམ་གྱིས་བསླུ་བའི་མཛེས་མ་དང༌།། བརྩེ་བ་གཞན་ལ་བཙོངས་པའི་འཕྱོ་མོ་ལ།། ཁྱོད་ཉིད་འདོད་པ་ཡོད་ན་འགྲོགས་པར་གྱིས།། བེ་རི་སྨྱོན་པས་འགྲོགས་འདྲེས་བྱེད་དོན་མེད།།

སྐྲ་སེར་སྤྲེའུའི་སྐད་ཀྱི་གླིང་བུ་དང༌།། ཕལ་སྐད་ཁྭ་ཏ་ནག་པོའི་རྒྱང་གླུ་ལ།། ཁྱོད་ཉིད་སྙན་པོ་ཡོད་ན་མཉན་པར་གྱིས།། བེ་རི་སྨྱོན་པས་རྣ་བས་ཉན་དོན་མེད།།

སེར་པོ་གསེར་གྱིས་བཞེངས་པའི་སྐུ་འདྲ་དང༌།། རིན་ཆེན་དངུལ་གྱིས་བརྩིགས་པའི་མཆོད་རྟེན་ལ།། ཁྱོད་ཉིད་གུས་པ་ཡོད་ན་ཕྱག་འབུལ་ཞུས།། བེ་རི་སྨྱོན་པས་ཕྱག་འབུལ་ཞུ་དོན་མེད།།

མི་ཤེས་ཤེས་ཁུལ་བྱེད་པའི་སྤྱང་པོ་དང༌།། མི་འཇོན་འཇོན་མདོག་བྱེད་པའི་གྲུང་པོ་ལ།། ཁྱོད་ཉིད་བློ་ལ་འཐད་ན་འབྲེལ་བ་གྱིས།། བེ་རི་སྨྱོན་པས་འབྲེལ་བ་བྱེད་དོན་མེད།།

འཁྱོག་པའི་ཚིག་གི་གནམ་རུ་ལས་རྒྱུད་པའི།། བདེན་པའི་གཏམ་གྱི་མདའ་མོ་འདི་འཕངས་པས།། གྲོགས་པོའི་དམར་ཆུང་སྙིང་ལ་གཟན་ན་ཡང༌།། བེ་རི་སྨྱོན་པའི་ཁ་ནས་དབང་མེད་ཤོར།།

མ་འཁྱོག་བདེན་པའི་ཚིག་གི་ཐབ་རྡོ་འདི།། མ་འཛེམ་རི་གཟབ་རྦབ་བཞིན་སྒྲིལ་བ་ལས།། མ་དུལ་ཁེངས་རློམ་ཀླད་ཁྲག་བསྲེས་ན་ཡང༌།། མ་རབས་འགྱུར་སྙམ་འགྱོད་པ་བདག་ལ་མེད།།

རྣོ་ངར་ཚིག་མཚོན་བཏབ་པའི་འཁོན་ལན་དུ།། མི་ཚོགས་སྟོང་གི་མཚང་འབྲུ་རྡུང་བརྡེགས་ཀྱིས།། མགོ་བོ་དམར་པོ་ཁྲག་ལ་མེས་ན་ཡང༌།། འགྱོད་པའི་མེ་ལྕེ་ཁོག་ནས་ཕྱུར་དོན་མེད།།

འཇིག་རྟེན་མི་ཡི་གྲས་ནས་བུད་པའི་ཁྱི།། ཀུན་གྱི་རྐང་པའི་འོག་གི་ཐལ་བའི་རྡུལ།། སྤྲང་འཁྱམས་བེ་རི་སྨྱོན་པའི་བཟི་གཏམ་འདི།། གཟུར་གནས་མཁས་པས་གསན་ན་བདེན་གཏམ་ཡིན།།

༡༩༩༦།༣།༢༩ ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་ནས།



དྲིན་ཅན་ཨ་མ་དྲན་པའི་གདུང་དབྱངས་སྤྲིན་པའི་ མགུལ་ལ་བཏགས་ ནས་གཏོང༌།།

བྱམས་བརྩེ་ཆར་པ་སྟོང་དུ་འཇོ་བས་དབྱིག་འཛིན་བུ་མོའི་བཞིན་རས་རློན།། ཚ་ཟེར་འབུམ་གྱི་འོད་རྣོན་སྒྲིབ་སྟེ་ཞི་བསིལ་བདེ་བ་སྦྱིན་པའི་གཏེར།། ལྷ་ཡི་དབང་པོའི་ཁྱུ་མཆོག་འགྲོས་ལྡན་གནམ་མཐོངས་དབྱིངས་ཀྱི་སྤྲིན་པ་ལཊ།། གལ་ཏེ་ཁྱོད་ཉིད་བྱང་ཕྱོགས་བསྐྱོད་ན་ཉམ་ཆུང་བུ་ངའི་འཕྲིན་འདི་ཁྱེར།།

གངས་རིའི་ཅོད་པན་རླུང་གིས་སྐྱོད་ཅིང་གངས་འདབ་གཙང་ཆུ་ལྷུང་ལྷུང་འབབས།། མ་རྒད་སྤུངས་པའི་སྤང་རིའི་ངོས་ལ་ཤ་དང་ཡུ་མོས་རྩེད་འཇོ་རོལ།། འབྲོང་རྒོད་དར་མའི་རྨིག་རྗེས་རེ་རེས་རྫ་ལམ་ཕྲ་མོའི་དྲན་རྟེན་འཇོག། ཁོ་བོའི་སྙིང་གི་འཕར་སྒྲ་འདི་ཀོ་སྤྲིན་པའི་རུམ་དུ་སྣམ་མཛད་ནས།།

བྱང་ཕྱོགས་ཁ་བའི་ཕྲ་མཚམས་སྒྲིག་པའི་ཧི་མ་ལ་ཡའི་ཕ་རོལ་ན།། ཡིད་འོངས་འཛུམ་མདངས་མངོན་པར་གསལ་པའི་གངས་ཅན་ལྷ་ཡི་ཞིང་ཁམས་དང༌།། ལྷན་སྐྱེས་བྱམས་བརྩེ་ཁོག་ན་རྒོད་པའི་སྤྲེལ་སྲིན་འདུས་པའི་མི་རྒྱུད་ཡོད།། ཁྱོད་ཉིད་བྲེལ་བས་རེངས་པར་མ་མཛོད་དེ་ན་དལ་བུར་ལྡིང་མཛད་དེ།།

བྱིན་རླབས་དྲི་བསུང་ཕྱོཊ་བརྒྱ་འཐིབས་པའི་ངོ་མཚར་ཇོ་ཁང་རྣམ་གཉིས་དང༌།། ལུང་རིཊ་རླབས་ཀྱི་རྩེད་འཇོ་རྒོད་པའི་གདན་གསུམ་ངང་མོའི་རྒྱ་མཚོ་འཁྱིལ།། གྲུབ་པའི་གཤོག་རྩེ་མཁའ་མཐར་སྐྱོད་པའི་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་སོཊ།། གདུང་སེལ་ཟླ་བའི་མཛོད་ལ་འགྲན་པའི་དད་རྟེན་དེ་ཀོ་མཇལ་བར་མཛོད།།

གཉའ་ཁྲི་བཙན་པོའི་ཞབས་རྗེས་བཀོད་པའི་ཕོ་བྲང་ཡུ་བུ་བླ་སྒང་དང༌།། ལོ་རྒྱུས་མིག་སྟོང་ཕྱོགས་བརྒྱར་བགྲད་པའི་པོ་ཏཱ་ལ་ཡི་གཟི་རྔམས་འབར།། ཕྱག་ན་པད་མོའི་འཛུམ་མདངས་བཞད་པ་ནོར་བུ་གླིང་གའི་མཛེས་ལྗོངས་སོཊ།། བར་སྣང་དབྱིངས་ནས་དལ་བུར་གཟིགས་དང་ངོ་མཚར་ལྟད་མོ་དེ་ཀོ་མཐོང༌།།

རྒྱ་བོད་རང་ས་སོ་སོར་སྐྱིད་པའི་མི་འགྱུར་ཚིག་གི་རི་མོའི་འཛུམ།། ཁྲི་རལ་བཙན་པོའི་ལག་རྗེས་གསལ་བ་པུར་རྒྱལ་བོད་ཀྱི་དཔང་རྟགས་ཆེ།། ནམ་མཁའི་ངོས་ལ་ཀྲོང་ངེར་འགྱིང་པའི་ལོ་རྒྱུས་མེས་པོའི་རྡོ་རིང་ཡོད།། ཁྱོད་ཉིད་དྲི་མེད་ལྷ་རེག་ཟོལ་གྱིས་དལ་བུར་མགུལ་ནས་འཁྱུད་པར་མཛོད།།

འོན་ཀྱང་བར་སྐོར་ཁྲོམ་གཟིགས་ཁ་སོགས་གྲོང་ཁྱེར་དཀྱིལ་གྱི་སྲང་ལམ་དུ།། ཞུམ་མེད་སྤུན་ཟླ་དཔའ་བོ་སྟོང་གིས་བདེན་པའི་ལོ་རྒྱུས་རྩོད་པ་ལ།། ཁྲག་རླབས་དམར་པོ་དགུང་ལ་ཕྱུར་བའི་གུང་ཁྲན་ཏང་གི་དྲག་གནོན་དེ།། གལ་ཏེ་ཁྱོད་ཀྱིས་མཐོང་བར་གྱུར་ན་ཆར་པའི་མིག་ཆུ་དབང་མེད་བྲེན།།

དགའ་སྡུག་འདྲེས་མའི་ཚོར་བའི་ཀློང་ནས་མཐོན་པོའི་རི་ཡི་རྐང་སྟེགས་ལ།། སྨུག་པོའི་ཟོལ་གྱིས་ངལ་བསོ་མཛད་ནས་སླར་ཡང་ཤར་ཕྱོཊ་ཕུར་མཛོད་དང༌།། གངས་ཅན་མདོ་ཁམས་དབྱིག་འཛིན་དགའ་མོའི་ལང་ཚོའི་རི་ཡི་ནུ་འབུར་མཐོང༌།། ཁྱོད་ཉིད་སྲེད་ནས་འཁྱུད་པར་མ་གནང་བར་སྣང་དབྱིངས་ནས་གཟིཊ་མོར་མཛོད།།

ཉི་ཟླའི་བགྲོད་པ་ཆེས་ཆེར་དམའ་བས་མཁའ་ལྡིང་ཕལ་རྣམས་མང་བུར་རྟོག། སྤྲིན་སྔོན་རལ་པའི་ཁུར་གྱིས་དུབ་བའི་སྒང་དྲུག་རི་བོའི་རྐེད་པ་ནས།། ཁྱུ་མཆོག་ཐལ་དཀར་གཞོན་ནུའི་ཟོལ་གྱིས་ཁྱོད་ཉིད་དལ་བུར་སྐྱོད་མཛོད་དང༌།། གངས་ཅན་གདོད་མའི་ལྷ་སྲུང་དག་གིས་ཁྱོད་ལ་སྨུག་པའི་ལེགས་སྐྱེས་སྟེར།།

མ་རྒད་ཞུན་མའི་སྟོད་གཡོག་ཀླུབས་པའི་ཡིད་འོང་སྤང་རི་མཐོ་པོའི་ངོགས།། གཡང་དཀར་ལུག་གིས་འབའ་སྒྲ་དང་ནི་ཕྱུཊ་རྫིའི་གླིང་བུའི་རམ་འདེཊ་ཀྱིས།། ཁྱོད་ཉིད་ཕེབས་པ་ཤིན་ཏུ་ལེགས་ཞེས་དགའ་བའི་ཟློས་གར་རྩེན་ངེས་པས།། ཁྱོད་ཀྱིས་ཆར་སྤྲིན་མདངས་ལས་འཕོས་པའི་དབང་གཞུ་གསར་པའི་ལེཊ་སྐྱེས་བྱིན།།

ཁ་འབབས་ཀླུང་བཞིས་མཚོན་ནུས་མ་ཡིན་དྭངས་གཙང་བདུད་རྩིའི་བཅུད་ལྡན་མ།། གངས་རྒྱུན་ཞུན་མའི་གཙང་ཆུ་རྣམ་བཞིས་ཁྱོད་ཉིད་མཁའ་ལ་མཐོང་བའི་མོད།། དགའ་བའི་རླབས་སྒྲ་ཤག་ཤག་ལྡིར་ཞིང་ལག་པའི་རླབས་ཕྲེང་རྩེན་པར་ངེས།། ཁྱོད་ཉིད་དོཊ་པའི་དཔྱང་ཐག་མ་འཛིན་ཟོལ་མེད་ཆར་གྱི་འཛུམ་མདངས་ཐོན།།

ཤར་ཕྱོཊ་མཚམས་སྤྲིན་དམར་པོའི་ཀློང་ནས་ཐན་པའི་ཚ་རླབས་རབ་འབར་བས།། སྐམ་པས་གདུང་བའི་མདོ་ཁམས་པ་རྣམས་ཁྱོད་ཉིད་ལྡིང་པ་མཐོང་བའི་མོད།། རེ་བའི་མིག་ཞཊ་གྱེན་དུ་བསྲིངས་ནས་གདུང་འབོད་དབྱངས་སུ་གྱེས་ངེས་པས།། ཁྱོད་ཉིད་རིངས་པའི་ཐུཊ་བྲེལ་མ་གནང་ཆར་པའི་སྐྱེས་བཟང་གནང་བར་གྱིས།།

མདོ་ཁམས་དབང་ཕྱོཊ་འཛིན་མའི་རྒྱན་གཅིག་དཀར་མཛེས་ས་ཡི་ཐིག་ལེ་ན།། ནམ་མཁའི་སྐར་ཚོཊ་ས་ལ་ལྷུང་འདྲའི་བཀོད་ལེཊ་མཛེས་པའི་གྲོང་ཁྱེར་ཡོད།། རྒྱ་བོད་ཧོར་གསུམ་མཉམ་དུ་འཛོམས་པའི་ཚོང་འདུས་མགྲོན་པའི་འཚང་ཀ་ལ།། ཁྱོད་ཉིད་ཐུགས་ཀྱི་བྲེལ་བ་མ་གནང་སྐྱིད་སྡུག་སྒྱུ་མའི་ལྟད་མོ་གཟིགས།།

དེ་ཡི་ཉེ་འགྲམ་ཐུབ་བསྟན་ཡང་སྙིང་ཞྭ་སེར་ཅོད་པན་འཆང་བའི་སྡེ།། དཀར་མཛེས་བཤད་སྒྲུབ་རླབས་སྟོང་རྒོད་པའི་ནོར་བུའི་གླིང་གི་རོལ་མཚོ་ཡོད།། དེ་ན་རིགས་གྲོལ་འདུས་པ་རྒྱ་མཚོས་རྩོམ་འཆད་རྩོད་པའི་རྦ་རླབས་གཡོ།། ཁྱོད་ཉིད་ནམ་མཁའི་བླ་རེ་ཟོལ་གྱིས་བསིལ་བྱེད་གྲིབ་མའི་མཆོད་སྦྱིན་མཛོད།།

དགོན་དེའི་བརྗིད་ཆཊ་ཀུན་དགའ་ར་བའི་རྒྱལ་མཚན་མཐོན་པོའི་གཟིམས་ཁང་ན།། བདག་གི་གསུམ་ལྡན་རྗེ་བཙུན་བླ་མ་བློ་བཟང་འཇམ་པའི་དབྱངས་སྙན་གྱིས།། སྐལ་བཟང་སློབ་ཚོཊ་ཀླུང་བཞིའི་རྡུལ་ལ་ཆོས་ཚུལ་མང་རྩི་འགྱེད་བཞིན་ཡོད།། ཁྱོད་ཀྱིས་ང་ཡི་དད་པའི་མིག་ཆུ་ཆར་པའི་ཟོལ་གྱིས་དབབ་པར་མཛོད།།

དེ་ནས་ཆུ་ལྷའི་ཞགས་པ་རྒྱུད་དེ་ལེ་དབར་བཅུ་ཙམ་ལྡིང་མཛོད་དང༌།། བྱིན་རླབས་མཚོན་ཁ་གཞན་ལས་རྣོ་བའི་འགྲོ་ཕན་གླིང་གི་དགོན་པ་ཡོད།། ཉམ་ཆུང་ངེས་མེད་སྤྲང་འཁྱམས་བདག་གི་སྐྱིད་སྡུག་བཅོལ་སའི་ཆོས་སྡེ་དེར།། སྤྲིན་གྱི་མེ་ཏོག་སིལ་བུ་གཏོར་ཞིང་སྙན་པའི་རྔ་སྒྲ་ལྡིང་བར་མཛོད།།

རྦ་རླབས་རལ་པ་མཁའ་ལ་བསྙེགས་པའི་རྫ་ཆུ་གཙང་པོའི་འགྲམ་ཉིད་ཀྱི།། གདོད་མའི་ལྷ་ཡི་གྲོང་ནས་ཆད་པའི་གཙང་འགྲམ་ཞེས་བྱའི་གྲོང་དེ་ན།། དགའ་སྡུག་འདྲེས་མའི་ཚོར་བ་སྟེར་པའི་དུད་ཁྱིམ་གསུམ་ལྷག་སུམ་ཅུ་ཡོད།། ཁྱོད་ཉིད་དལ་བུ་ཉེ་བར་གཅར་ཏེ་གློག་འོད་མིག་གིས་གཟིགས་མོར་མཛོད།།

སྐྱིད་ལ་སྡུག་པའི་གྲོང་གསེབ་དེ་ན་ས་མཐར་འཁྱམས་པའི་བུ་རུལ་ངའི།། ཤ་ཁྲག་ཕུང་པོའི་ལུས་འདི་སྦྱིན་མཁན་དྲིན་ཅན་ཨ་མ་རྒན་མོ་ཡོད།། བུ་ངའི་ལག་གི་འདྲ་པར་འདི་ཉིད་དྲན་པའི་གློག་གིས་བཅིངས་མཛོད་དེ།། ཡིད་འོངས་སྤྲིན་དཀར་འདབ་མའི་ཕུང་པོ་དལ་བུར་གྲོང་དེའི་ཀླད་དུ་ལྡིངས།།

དལ་བུར་ལྡིར་བའི་སྤྲིན་གྱི་སྒྲ་དང་ཆར་རྒྱུན་ཟིལ་མའི་ལེགས་སྐྱེས་བཅས།། འཇའ་ཚོན་སྣ་ལྔའི་གུར་ཁྱིམ་དབུས་ན་རྨ་བྱ་དགའ་བའི་གར་ལ་རྩེན།། མིག་དང་རྣ་བའི་བདུད་རྩིའི་དཔྱིད་གྱུར་སྒྱུ་མའི་དགའ་སྟོན་ལ་བརྟེན་ནས།། དྲིན་ཅན་ཨ་མའི་སེམས་པ་གསོ་གིན་བུ་ངའི་འཕྲིན་འདི་ཀླག་པར་མཛོད།།

འདི་ནས་དཔག་ཚོད་དུ་མས་ཆོད་པའི་བྱང་ཕྱོཊ་ཁ་བའི་མཛེས་ལྗོངས་ཀྱི།། རང་གི་ལྟེ་ཁྲག་ས་ལ་འཕོས་པའི་གཙང་པོའི་འགྲམ་གྱི་གྲོང་ཚོ་དེར།། མིག་ཆུ་ཕྲེང་བ་རིང་མོའི་ནང་དུ་ཐུགས་ཁྲལ་སྨྲེ་ངག་བགྲང་མཛད་པའི།། ཡུན་རིང་བྱམས་པའི་དྲིན་གྱིས་སྐྱོང་བའི་དྲིན་ཅན་ཨ་མ་རྒན་མོ་ལགས།།

སྐྱིད་སྡུག་སྣ་ཚོགས་ལུས་ལ་མྱོང་བའི་དྲིན་ཅན་ཨ་མའི་ཞལ་རས་དེ།། རྒྱང་རིང་ལྷོ་མཐའི་ཚ་བའི་ཡུལ་ནས་མཇལ་བའི་སྐལ་བ་མི་ཐོབ་པས།། དེ་སླད་བུ་ངའི་སྙིང་གི་ཁོང་གསུབ་ཡུན་རིང་ཉར་བའི་གསང་འཕྲིན་འདི།། ནམ་མཁའི་དབྱིངས་ནས་དལ་བུར་རྒྱུ་བའི་སྤྲིན་དཀར་འདབ་མ་ཞིག་ལ་སྐུར།།

མངལ་གྱི་ཁང་བཟང་ཟླ་དགུ་ངོ་བཅུར་ཁུར་བའི་ལེན་དུ་ན་ཟུག་སྦྱིན།། ལུས་ཀྱི་སྙིང་བཅུད་འོ་མས་གསོས་པར་སོར་བཅུར་བཙོག་པའི་སྐྱེས་ལེན་སྟེར།། བྱམས་བརྩེ་འབུམ་གྱི་འོ་ཡི་ལན་དུ་མི་གཙང་སྣ་ལུད་གདོང་ལ་བསྐུ།། འོས་མེད་ལས་ལ་འཁོན་འཛིན་མེད་པའི་དྲིན་ཅན་ཨ་མའི་ཞལ་རས་དྲན།།

སྙན་པོའི་མིང་གིས་ཡང་ཡང་བོས་ཤིང་སོར་བཅུ་འདབ་མའི་རྩེ་ལ་སྐྱོན།། འགྲོ་ཚེ་རྒྱབ་ཀྱི་ཁུར་དུ་ཁྱེར་ཅིང་སྡོད་དུས་པང་གི་རྒྱན་དུ་འཆང༌།། ཞིམ་མངར་ཟས་ཀྱིས་ནང་ནས་གསོས་ཤིང་དྲོ་འཇམ་གིས་ཀྱིས་ཕྱི་ནས་བསྐྱངས།། ལྷོད་མེད་བརྩེ་བའི་འདུད་བརྒྱ་འཆིང་པའི་དྲིན་ཅན་ཨ་མའི་བཀའ་དྲིན་དྲན།།

དཔྱིད་གསུམ་ལྟོགས་སྐམ་མེ་ཡི་ཀློང་དུ་སོ་ནམ་གློག་གི་གར་ལྟར་འཁྱུགས།། དབྱར་གསུམ་ཆུ་དང་ཆར་པའི་ཁྲོད་དུ་གསེར་མིག་ཉ་བཞིན་རློན་པས་མནར།། སྟོན་གསུམ་ས་ཞིང་སྨིན་པའི་གསེབ་ན་སོར་བཅུའི་འདབ་མ་སེར་གས་རྒྱན།། དགུན་གསུམ་རླུང་དང་ལྷགས་པའི་ཁྲོད་དུ་གོན་ཆས་སྲབ་པའི་ཨ་མ་དྲན།།

ལང་ཚོའི་མེ་ཏོག་བཞད་པའི་མོད་ལ་ཁྱིམ་གྱི་དཀའ་ཁག་མགོ་ལ་ལྷུང༌།། དུས་བཞིའི་གློག་གི་འགྱུར་འགྲོས་ཁྲོད་དུ་ལང་ཚོའི་འཕེན་པ་འཇའ་ལ་ཐིམ།། སྐྱིད་སྡུག་ངེས་མེད་ཆུ་ཡི་གཉེར་མ་མི་སྡུག་བཞིན་རས་ངོས་སུ་བབས།། བུ་ཡི་དོན་དུ་རྙོག་འཛོང་འདམ་ཁྲོད་མི་ཚེ་རྫོགས་པའི་ཨ་མ་དྲན།།

དབང་ཆེན་དཔོན་པོས་བསྡུ་རུག་བྱེད་པའི་འབྲུ་དང་དངུལ་གྱི་དཔྱ་ཁྲལ་དང༌།། ཉིན་མཚན་ངེས་མེད་འུ་ལག་རྒྱུག་པའི་ཁྲག་དང་རྔུལ་ཆུའི་ནམ་ཟླའི་ཁྲོད།། གཞན་དབང་ལྕགས་ཀྱི་དྲ་རྒྱའི་བསྲུབ་ནས་བུ་ལ་བརྩེ་བའི་འཛུམ་དཀར་གྲོལ།། སྐྱིད་སྡུག་ཁུར་པོ་ལུས་ལ་ལྕི་བའི་བུ་ངའི་དྲིན་ཅན་ཨ་མ་དྲན།།

ང་རང་དར་མདོའི་མཐོ་སློབ་འགྲོ་དུས་དངུལ་སྐྱེད་བུ་ལེན་འཕྲང་ནས་བརྫངས།། བཤད་སྒྲུབ་ནོར་བུའི་གླིང་དུ་རྩེན་སྐབས་ཤ་མར་འཐུད་ཀྱི་གནང་སྦྱིན་བཏེགས།། བསླན་པའི་གོས་དང་སྐྱ་བོའི་ཟས་ཀྱིས་ཁྱག་ཁྱོག་ལོ་ཟླ་རིང་མོའི་ནང༌།། འཚོ་ཐབས་མཛད་པའི་དྲིན་ཅན་མ་ལོ་བུ་ངའི་སེམས་ཀྱི་གཏིང་ནས་དྲན།།

མདང་གི་ནུབ་མོ་གཉིད་ལ་ཡུར་བས་ཐུན་གསུམ་རྨི་ལམ་ཞིང་དུ་སླེབས། ། ཞིང་ཁམས་དེ་ནས་བྱམས་བརྩེའི་ཐེག་ལེ་དྲིན་ཅན་ཨ་མའི་ཞལ་རས་མཇལ།། དགའ་སྡུག་འདྲེས་མའི་མཇལ་འཕྲད་གཏམ་གྱིས་མིག་ཆུ་ཕྲེང་བ་ཡང་ཡང་བགྲངས།། ཞོཊ་པའི་སྐྱ་རེངས་མཁའ་མཐར་འཛུམ་དུས་སྒྱུ་མའི་མུལ་མདུད་འཇའ་བཞིན་ཞིག།

ད་ནང་འདས་དོན་ཕྱིར་དྲན་བྱས་པས་སེམས་ཀྱི་བུ་ཆུང་དྲག་ཏུ་ལྡིང༌།། འཚོང་འདུས་མགྲོན་པོའི་ཁྲོམ་གྱི་གསེབ་ཏུ་འཁྱར་མ་འཁྱོར་གྱི་གོམ་སྟབས་བསྒྱུར།། གངས་རིའི་ལང་ཚོ་དབུ་ལ་སྨིན་པའི་སྐྲ་དཀར་རྒན་མོའི་སྣང་བརྙན་མཐོང༌།། ལོ་རྒན་དྲུག་ཅུས་གཉའ་ནས་གནོན་པའི་དྲིན་ཅན་ཨ་མ་སླར་ཡང་དྲན།།

ང་རང་མ་དང་གྱེས་མཇལ་ཞུ་དུས་ཨ་མའི་སྐྲ་ལོ་དཀར་མ་ནག། ཁ་སང་བསྐུར་བའི་འདྲ་པར་མཐོང་དུས་དབུ་ལོ་དུང་གི་ཁ་དོག་འཛིན།། མི་རྟག་སྒྱུ་མའི་ཡོལ་བའི་ཕག་ནས་ལང་ཚོའི་ཟློས་གར་རྩེན་པའི་གོས།། དབྱར་དགུན་དུས་གཅིག་བརྗེས་པ་མཐོང་རྗེས་བུ་ངའི་ཡ་ཆུང་སྡུག་གིས་གང༌།།

ལྷོ་མཐའི་གྲོང་ཁྱེར་གྷོ་ཝའི་ཉེ་འགྲམ་སྔོ་མེར་འཁྱིལ་བའི་རྒྱ་མཚོ་ཆེ།། རླབས་དཀར་གྱེན་དུ་ཕྱུར་བའི་འཇིངས་ལ་ཡིད་འོང་ངང་མོའི་ཕྲེང་བ་དག། སྙན་སྒྲོག་མགྲིན་པའི་གླིང་བུ་འཁྲོལ་བཞིན་ལྷན་ཅིག་མ་བུ་རྩེན་མཐོང་བས།། དུང་སེམས་རྒྱ་མཚོ་ཁོག་ནས་འཁྲུག་པའི་རྦ་རླབས་མིག་ཆུའི་ཟོལ་དུ་འཐོར།།

བཻཌཱུར་ཞུན་མ་ལན་བརྒྱར་བྱུཊ་པའི་སྔོ་བསངས་ཀུན་གསལ་སྒེག་མོའི་དབྱིངས།། རྒྱུ་སྐར་ནོར་བུའི་ཕྲེང་བ་འཕྱང་བ་ཉ་གང་ཟླ་བའི་དཀྱིལ་འཁོར་གསལ།། ཞི་བསིལ་བདུད་རྩིའི་ག་བུར་ཟེགས་མ་དབྱིག་འཛིན་ཁྱོན་ཀུན་བརྡལ་བ་ན།། བྱམས་བརྩེ་འཛད་མེད་གཏེར་གྱིས་ཕྱུག་པའི་དྲིན་ཅན་ཨ་མའི་སྣང་བརྙན་དྲན།།

མ་རྒད་ལོ་མའི་གོས་བཟང་གྱོན་པའི་སཱ་ལ་ལྗོན་པའི་ནགས་ཀླུང་ན།། དབྱངས་སྙན་རྣ་བའི་བདུད་རྩི་སྦྱིན་མཁས་ཁུ་བྱུག་བུ་མོའི་མགྲིན་པ་ནས།། དྲི་ཟའི་འཇིག་རྟེན་རྫོགས་པའི་རྒྱང་གླུ་ཐོས་འཛིན་བུ་གར་སོན་པའི་མོད།། ལྷག་བསམ་མེ་ཏོག་ཁོག་ན་རྒོད་པའི་དྲིན་ཅན་ཨ་མའི་བསླབ་བྱ་དྲན།།

ཨིནྡྲ་ཞུན་མའི་རྒྱུན་བཟང་འཁྱིལ་བའི་ཡིད་འོང་དྭངས་གཙང་བརྒྱད་ལྡན་གཏེར།། གཤོག་དྲུག་འཁྱུག་འགྲོས་གར་དུ་རྩེན་པའི་མངོན་པར་དགའ་བའི་རྫིང་བུ་ན།། མང་རྩིའི་སོ་ཕྲེང་མངོན་པར་རྒོད་པའི་འདམ་སྐྱེས་སྣ་ཚོགས་མཐོང་བ་ན།། ཟོ་བཟང་བརྩེ་དུང་ཁོག་ན་རྒོད་པའི་དྲིན་ཅན་མ་ལོའི་བྱམས་བརྩེ་དྲན།།

དྲིན་ཅན་ཨ་མ་རྒྱབ་ཏུ་བཞག་སྟེ་ངེས་མེད་ས་མཐར་འཁྱམས་པའི་བུ།། ང་རང་ད་ལྟར་དབུས་འགྱུར་ལྷོ་མཐའ་ཆོས་སྡེ་ཆེན་པོ་འབྲས་སྤུངས་ན།། ཟབ་རྒྱས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་བྱེད་ཁུལ་མོད།། འོན་ཀྱང་ཐོས་དོན་སྒྲུབ་པས་དབེན་པར་མ་ཡིས་བཀའ་ཀྱོན་མ་གནང་རོགས།།

ཡུན་རིང་བྱམས་དང་བརྩེ་བས་བསྐྱངས་མཐར་བུ་ཡིས་དྲིན་ལན་བསབ་པའི་ཚབ།། རྒྱང་རིང་གྱེས་པའི་སེམས་གྱི་རྨ་ཁ་ཁྲག་དང་མིག་ཆུ་གཞུར་སོང་ཞེས།། དྲིན་ཅན་མ་ལོས་འཁངས་ར་མ་གནང་ལས་ཀྱིས་བྱིན་པའི་བགོ་སྐལ་དེ།། དབང་ཆེན་ཚངས་པས་བཟློག་ཐབས་མེད་ན་ཉམ་ཆུང་མ་བུས་ཇི་ལྟར་ཟློག།

ཤར་ལྷོ་ངེས་མེད་འཕུར་སྐྱོད་བྱེད་པའི་འདབ་ལྡན་མཇུག་ནག་མགྲིན་རིང་ཁྱུ།། དབྱར་དགུན་ནམ་ཟླའི་འགྱུར་འགྲོས་དང་འགྲོཊ་མཁའ་མཐར་ཉུལ་བའི་ཁུ་བྱུག་བྱ།། སྐྱིད་སྡུག་འཕྲང་ལམ་དོག་པོའི་རྒྱུད་ནས་ས་མཐར་འཁྱམས་པའི་སྤྲང་ཕྲུག་གསུམ།། ཟློག་མེད་ལས་སྐལ་མགོ་ལ་ལྷུང་ཕྱིར་ཨ་མས་ཐུགས་ཁྲལ་གནང་དོན་མེད།།

ཕྱི་ན་མཛེས་པའི་ལང་ཚོ་མི་ལྡན་སྒོ་ཁྱི་བརྒྱ་ཡིས་སྡང་ཟུག་བྱེད།། ནང་ན་ཤེས་བྱའི་ཡོན་ཏན་མེད་པས་སྐྱེ་བོ་སྟོང་གིས་མཐོང་ཆུང་བྱེད།། ལག་ཏུ་ཀུན་དགའ་དོན་འགྲུབ་མེད་ཕྱིར་འབྱོར་ལྡན་འབུམ་གྱིས་རྐང་འོག་རྫིས།། མགོ་ན་འདྲེན་པའི་སྐྲ་ལོ་མེད་ཕྱིར་རིམ་པ་དགུ་ཡི་དུང་དུ་ལྷུང༌།།

མཐོ་རིམ་མི་སྣའི་གནར་གཅོད་རེ་རེས་སྙིང་གི་རྐང་མ་འབྱིན་ལ་ཁད།། བླ་སྤྲུལ་བཙན་པོའི་བཀའ་ལུང་རེ་རེས་ཕྱི་མའི་མདུན་ལམ་འཕྲོག་ལ་ཁད།། སྐད་རིགས་མི་གཅིག་ཕྱི་མི་རེ་རེས་ལུང་པ་འདི་ནས་བསྐྲད་ལ་ཁད།། དེ་སླད་ཡུལ་ཁམས་འདི་ན་སྡོད་པའི་རེ་བའི་འདུན་པ་རིང་དུ་གྱུར།།

དེ་ལྟ་ན་ཡང་གངས་ཅན་མགོན་པོའི་ཞལ་གྱི་པད་མོའི་འཛུམ་མདངས་ལས།། འཚེ་མེད་ཞི་བསིལ་བདེན་པའི་མང་རྩིས་འཛམ་གླིང་ཆེ་རྒུའི་བྷ་མ་ར།། ཀུན་ཀྱང་ཡིད་ག་དབང་མེད་འཕྲོག་སྟེ་རྒྱབ་རྟེན་ཚ་ཟེར་སྤྲོས་པས་ན།། བདག་ཀྱང་དེ་ཉིད་ཅི་དགར་སྤྱོད་ཕྱིར་ཕྱོགས་འདིར་རེ་ཞིག་སྡོད་པ་ལགས།།

ནམ་ཞིག་རང་དབང་ཉིན་བྱེད་ཐིག་ལེ་རྫོགས་ལྡན་གསར་པའི་འོད་སྣང་འཛུམ།། གངས་ཅན་སཱ་ལའི་དབྱིག་འཛིན་ཕང་བར་གསལ་ལེར་འཆད་བའི་ཉིན་མོ་དེར།། འཚེ་མེད་རང་དབང་བདེན་པའི་ལམ་ནས་ལུཊ་ཟུང་རྐང་པའི་འདེཊ་འཇོག་གིས།། དབྱིག་འཛིན་ལྟོ་བ་དྲག་ཏུ་བསྣུན་ཏེ་ཕ་སའི་ཕྱོགས་སུ་གོམ་སྟབས་བསྒྱུར།།

བུ་ཡུག་འཚུབ་མའི་འོ་དོད་ཁྲོད་དུ་སྔོ་ལྗང་ལོ་འདབ་རླུང་གིས་ཁྱེར།། བརྩེ་མེད་དུས་ཀྱི་ཀྱོ་བས་བཀུག་པའི་དགུན་ཤིང་འཁྱོག་པའི་མང་ཚོ་ཅན།། དྲིན་ལྡན་སྐྱེད་མའི་ཞལ་རས་འཛུམ་མདངས་འདྲེན་བྱེད་དཔྱིད་དུ་སྨིན་པ་དང༌།། སྐྱིད་སྡུག་འདྲེས་མའི་མཇལ་འཕྲོད་གཏམ་གྱི་སྐལ་བཟང་དགའ་སྟོན་ཐོབ་པར་ངེས།།

འདུས་ནས་བྲལ་བ་ཀུན་ལ་ཡོད་དེ་སྟོན་མཇུག་ལོ་མའི་ཟློས་གར་བཞིན།། བྲལ་ནས་འདུས་པ་ཀུན་ལ་ཡོད་པ་ཚོང་འདུས་མགྲོན་པོའི་ཚུལ་ལ་གཟིགས།། དེ་སླད་མ་ལོ་ཐུགས་ཁྲལ་མ་གནང་སྐུ་ཚེ་ཞབས་པད་བརྟན་པར་བཞུགས།། རྟེན་འབྲེལ་སྒྱུ་མའི་གཤིས་སུ་གྲུབ་ཀྱང་ཚེ་ཡི་ལྷ་ལ་སླུ་བ་མེད།།

སྐྱིད་སྡུག་སྒྱུ་མའི་ཟློས་གར་འཁྲབ་སའི་མི་ཚེ་ཁུག་ཀྱོག་དོག་པོའི་ནང༌།། ཁྲག་དང་མིག་ཆུའི་དྲག་ཆར་བརྡོལ་བའི་ཡུན་རིང་བྲལ་གདུང་རི་མོའི་འཕྲིན།། དྲིན་ཅན་སྐྱེད་མ་ཁྱོད་ཀྱི་ཞལ་ནས་སྤྲིན་པ་འདི་ལ་སྐུར་བར་མཛོད།། ནམ་ཞིག་རྟེན་འབྲེལ་དུས་ཀྱི་འཁོར་ལོས་འབྲུག་སྒྲའི་ཟོལ་གྱིས་འདི་ན་ལྡིང༌།།

མིད་པའི་འཕྲང་ལམ་འཆིལ་མས་གནང་བཞིན་བྲལ་གདུང་མིག་ཆུ་དང་འགྲོཊ་པའི།། དྲིན་ཅན་མ་ལོས་གནང་བའི་ཆ་འཕྲིན་སྤྲིན་པའི་རུམ་དུ་སྡུད་མཛད་ནས།། དབང་ཕྱོཊ་དབྱིངས་སུ་དལ་བུར་ལྡིང་དང་རྒྱལ་ནག་དམར་པོའི་གྲོང་ཁྱེར་མཐོང༌།། དེ་ན་གཤིན་རྗེའི་ལས་མཁན་ལ་འགྲན་བཙན་འཛུལ་དམར་པོའི་རུ་ཚོན་ཡོད།།

སྤྲེལ་སྲིན་འདུས་པའི་གདོང་དམར་བོད་ཡུལ་དམྱལ་ཁམས་དངོས་ལ་སྒྱུར་བྱེད་པའི།། བརྩེ་མེད་སྲིན་པོའི་མེ་ལྕེ་དམར་པོས་གངས་རིའི་མཛེས་སྡུག་རྨང་ནས་བཤིགས།། སྤྲིན་གྱི་མཆེད་ཟླ་གངས་རིའི་ལྷ་མོའི་མཚར་སྡུག་ལང་ཚོ་འཇའ་ལ་ཐིམ།། ནམ་ཡང་སང་མེད་ལོ་རྒྱུས་རྨ་ཁ་ལྷན་སྐྱེས་སྙིང་གི་ངོས་ལ་གཏད།།

དེ་སླད་གངས་ལྷའི་སུབ་མེད་ལ་རྒྱ་སྤྲིན་གྱི་སྙིང་ལ་ཉར་བྱས་ཏེ།། ངམ་ནག་སྤྲིན་གྱི་གཞིན་རས་བསྡུས་ནས་སྡང་མིག་གློག་གི་ཞགས་པ་དང༌།། ལྷན་ཅིག་སྒྲ་བརྒྱས་གནམ་ས་སྒུལ་ཞིང་ལྕེ་འབབ་གནམ་ལྕགས་ཐོག་སེར་གྱིས།། མཐའ་དག་ཙི་ནའི་ཤོག་བུའི་གྲོང་ཁྱེར་མེ་ལྷའི་ཞལ་དུ་བསྟབ་པར་མཛོད།།

ནམ་ཞིག་འགོག་མེད་མཁའ་མཐའི་དབྱིངས་ནས་མཁའ་འགྲོའི་དབང་ཕྱུག་ལྡིང་བ་བཞིན།། རང་དབང་གཤོག་པའི་འདེཊ་འཇོག་ཟོལ་གྱིས་ལྷོ་མཐའི་ཕྱོཊ་འདིར་སླེབས་པ་ན།། དྲིན་ཅན་མ་ལོའི་སྐྱིད་སྡུག་ཕྲེང་བ་ངུ་ངག་ལམ་ནས་བགྲང་བའི་འཕྲིན།། ཆད་མེད་གདོང་བཞིའི་གཎྜིའི་སྒྲ་བཞིན་བདག་གི་རྣ་བར་ལྡིར་བར་མཛོད།།

གལ་ཏེ་བདག་ཀྱང་མཁའ་མཐར་སྐྱོད་པའི་སྤྲིན་དཀར་འདབ་མ་ཞིག་ཡིན་ན།། རང་དབང་ཡན་པོའི་རླུང་ལ་ཞོན་ནས་བསིལ་ལྡན་ལྷ་ཡི་ཞིང་ཁམས་ན།། དལ་བབས་ལེགས་སྐྱེས་སྤྲིན་གྱི་མེ་ཏོག་དལ་བུར་དལ་བུར་འཇོ་དང་ལྷན།། སྒྲ་ལྡན་དབྱར་གྱི་རྔ་ཆེན་ལྡིར་བཞིན་གངས་དཀར་ལྷ་མོའི་མགུལ་ནས་འཁྱུད།།

དྲིན་ཅན་ཨ་མའི་ཞལ་རས་མཇལ་ནས་སྐྱིད་སྡུག་གཏམ་གྱི་སྒོ་འཕར་འབྱེད།། ལྟ་ན་སྡུག་པའི་རང་གི་ཡུལ་ལྗོངས་ཚངས་པའི་འཇིག་རྟེན་ལ་བསྒྱུར་ཏེ།། དབང་ཕྱོཊ་དགྲ་སྡེ་དམར་པོའི་མེ་རླབས་དམིཊ་མེད་ཆིལ་ཆིལ་བསད་དང་ལྷན།། རྫོགས་ལྡན་གསར་པའི་ཞི་བའི་བླ་རེ་ཀུན་གསལ་དབྱིངས་སུ་ཅེས་མི་བྲེན།།

དྲིན་ཅན་ཨ་མ་དྲན་པའི་གདུང་དབྱངས་སྤྲིན་པའི་འགུལ་ལ་བཏགས་པ་འདི།། རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་ཉེ་འགྲམ་གྲོང་ཁྱེར་ཆེན་པོ་གྷོ་ཝ་ནས།། ངེས་མེད་རྒྱལ་ཁམས་ཁྱི་བཞིན་ཉུལ་པའི་ཉམས་ཆུང་གྲྭ་རྐྱང་སྨྱུག་ཐོཊ་པ།། འཇིགས་མེད་མིང་པས་དལ་བུར་བྲིས་ཏེ་རང་གི་ཕ་སའི་ཕྱོགས་སུ་བཏང༌།།

ཞེས་པ་འདི་ནི་རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་ཉེ་འགྲམ་གྲོང་ཁྱེར་གྷོ་ཝ་ལ་སྤྲོ་འཁྱམས་འགྲོ་སྐབས། དགའ་སྡུག་འདྲེས་མའི་ཚོར་སྣང་མང་པོ་ཞིག་གིས་གནོན་ཐབས་མེད་པའི་ཨ་མ་དྲན་གདུང་གི་འཕྲིན་འདི། ངེས་མེད་ས་མཐར་ཁྱི་བཞིན་ཉུལ་པའི་ཉམ་ཆུང་སྤྲང་འཁྱམས་སྨྱུག་ཐོགས་པ་འཇིགས་མེད་ཀྱིས།སྤྱི་ལོ་༡༩༩༦།༤།༥

རིན་ཆེན་གསེར་དངུལ་ཟེར་བ།། ག་ས་ག་ལ་འདུག་ཀྱང༌།། དྲིན་ཅན་ཕ་མ་ཟེར་བ།། རང་ཡུལ་མ་གཏོགས་མི་འདུག།




གཞིས་ཕ་ཡུལ་དྲན་པའི་སྐྱོ་གླུ། སྡུག་ཨ་ཐང་ཆད་པའི་ངུ་ངག

སྐྱིད་མི་རྟག་ལ་ཁའི་རྩྭ་རྩེ་ཡི་ཟིལ་པ།། སྡུག་སྣ་དགུ་རི་གསུམ་འདུས་མདོ་ཡི་མཚོ་མོ།། འདི་འཇིག་རྟེན་འཁོར་བའི་ཆོས་ཉིད་ཅིག་ལོས་ཡིན།། མི་བདག་གི་འབྲལ་མེད་ཁུར་ཆེ་ཞིག་རེད་འདུག།

སྐྱིད་མདོ་ཁམས་ས་ཡི་ཐིག་ལེ་དེ་དོར་ཞིང༌།། དྲིན་ཕ་མ་སྤུན་མཆེད་རྒྱབ་ལོག་ཏུ་བཞག་ནས།། རི་སྒང་དྲུག་ཤོག་ལྷེ་བསྒྱུར་འདྲ་ཞིག་བྱས་ཏེ།། དབུས་ཉི་མ་ལྷ་སའི་ཁྲོམ་གཞུང་ལ་སླེབས་སོང༌།།

ལྷ་ཇོ་ཤཀ་རྣམ་གཉིས་མཆོད་མཇལ་ཞིག་བྱས་ཏེ།། ཕྱོགས་རིས་མེད་དགོན་སྡེར་མཆོད་འབུལ་རེ་བྱས་ནས།། དགྲ་ཤ་བའི་བཙན་འོག་སྡོད་འདོད་དེ་མ་བྱུང༌།། འགྲམ་འགག་འཕྲང་དོག་པའི་འགག་སྒོ་ནས་མཆོང་ཡོང༌།།

ཡུལ་ནཻ་པ་ལ་ཕྱོགས་གདོས་བཅས་ཀྱི་ལུས་འདི།། སྲོག་དམར་པོའི་ཨ་ཐང་མ་ཆད་ཙམ་སླེབས་སོང༌།། ཞིང་མཆོད་རྟེན་བྱ་རུང་ཁ་ཤོར་སོགས་མཇལ་ནས།། ས་རྒྱ་གར་འཕགས་པའི་རྒྱལ་ཁབ་ལ་ཐོན་འོང༌།།

མཐོང་མ་མྱོང་གྲགས་ཅན་རྒྱ་གར་གྱི་ལུང་པ།། ཞིང་དག་པ་ལྷ་ཡུལ་ཡིན་སྣང་ཞིག་ཤར་ཏེ།། ནམ་ཉིན་མཚན་ལྟོས་མོད་མགྱོགས་པ་རུ་སླེབས་ཀྱང༌།། དོན་དངོས་ལ་རྐང་གཉིས་མི་ཡུལ་ཞིག་རེད་འདུག།

དགུང་ཨ་སྔོན་གནམ་ལ་རྒྱང་བལྟ་ཞིག་བྱས་པས།། ཚེས་བཅོ་ལྔའི་དུང་ཟླ་སྐར་ཚོགས་ཀྱིས་བསྐོར་འདུག། དྲིན་ཕ་མ་ཕྲུ་གུས་བསྐོར་བ་དེ་དྲན་ནས།། སྙིང་གསོན་པོ་འདབ་ཆགས་བུ་མོ་ལྟར་ལྡིང་སོང༌།།

ནགས་རྒྱ་རྫོང་འཐུག་པའི་གཡུ་གོས་ཀྱི་གསེབ་ནས།། བྱ་ཁུ་བྱུག་སྔོན་མོའི་རྒྱང་གླུ་ཞིག་གོ་བྱང༌།། དྲིན་ཕ་མས་གནང་བའི་བསླབ་བྱ་དེ་དྲན་ནས།། སེམས་སྐྱ་མོ་རྒྱ་མཚོའི་རྦ་རླབས་ལྟར་འཁྲུག་སོང༌།།

གཡུ་མ་རྒད་ཞུན་མའི་སྤང་གཤོང་གི་སྟེང་ན།། དགུང་སྐར་ཚོགས་འདྲ་བའི་མེ་ཏོག་ཅིག་ཁྲ་འདུག། སྐྱིད་ཕ་ཡུལ་ལུང་པའི་ཡུལ་ལྗོངས་དེ་དྲན་ནས།། སེམས་གསོན་པོ་སྡུག་དང་མྱ་ངན་གྱིས་གང་སོང༌།།

གནས་རྡོ་རྗེ་གདན་པའི་མཆོད་རྟེན་གྱི་བང་རིམ།། དབྱིབས་བཀོད་པ་ལེགས་པའི་མཛེས་རྩལ་དེ་མཐོང་བྱུང༌།། གཞིས་འགྲོ་ཕན་གླིང་གི་དགོན་སྡེ་དེ་དྲན་ནས།། སེམས་གསོན་པོར་སྡུག་གི་རྒྱ་མཚོ་ཞིག་ཕྱུང་སོང༌།།

གནས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ།། ཆོས་བདེན་བཞིའི་འཁོར་ལོ་བསྐོར་ས་དེ་མཇལ་བྱུང༌།། ཕ་དྲིན་ཅན་བླ་མའི་བཀའ་ལུང་དེ་དྲན་ནས།། ཡིད་སྐྱོ་བའི་མིག་ཆུ་ཁོག་པ་རུ་གཞུར་སོང༌།།

ཡུལ་ས་ར་ཎཱ་ཐའི་དབྱིག་འཛིན་གྱི་ཕང་པར།། ཆེས་མཐོན་པོའི་གཙུག་ལག་སློབ་གྲྭ་དེ་མཐོང་བྱུང༌།། གཞིས་དར་མདོ་མི་རིགས་སློབ་གྲྭ་དེ་དྲན་ནས།། སྙིང་དམར་པོའི་དཀྱིལ་ནས་ཕྱི་ལྟོས་ཤིག་ཤོར་སོང༌།།

དུས་འཕོ་འགྱུར་སྐབས་སུ་ཆག་གྲུམ་དུ་ཤོར་བའི།། དཔོན་ཨ་ཤོ་ཀ་ཡི་རྡོ་རིང་དེ་མཐོང་བྱུང༌།། དབུས་རྒྱལ་ས་ལྷ་སའི་རྡོ་རིང་དེ་དྲན་ནས།། སེམས་བསམ་པ་གློག་གི་བུ་མོ་ལྟར་འཁྱུག་སོང༌།།

ལམ་ཁྱག་ཁྱོག་རྒྱུད་པའི་རྒྱ་གར་གྱི་ནུབ་ཕྱོགས།། ཡུལ་དྷ་རམ་ས་ལའི་ཆོས་སྒར་ལ་སླེབས་སོང༌།། གཞིས་གངས་ཅན་བོད་པའི་གནས་སྟངས་དེ་དྲན་ནས།། སེམས་གསོན་པོའི་སྟེང་དུ་རྨ་ཁ་ཞིག་ཤོར་སོང༌།།

དབྱིབས་བཀོད་ལེགས་མཛེས་པའི་གཟིམས་ཆུང་གི་ནང་ན།། སྐྱབས་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་དེ་མཇལ་བྱུང༌།། སྐུ་འཁྲུངས་རབས་མང་པོའི་རྣམ་ཐར་དེ་དྲན་ནས།། སེམས་དད་པའི་རྦ་རླབས་ནམ་མཁའ་རུ་འཕུར་སོང༌།།

གཤམ་དྷ་ཤོད་གངས་ཅན་སྐྱིད་གཤོང་གི་གནས་ན།། བོད་བཙན་བྱོལ་བཀའ་སྤྱི་ལས་ཁུངས་དེ་མཐོང་བྱུང༌།། གཞུང་དགའ་ལྡན་ཕོ་བྲང་འཕོ་འགྱུར་དེ་དྲན་ནས།། སྙིང་གསོན་པོའི་སྟེང་ལ་དྲན་རྟེན་ཞིག་བཞག་བྱུང༌།།

ཡུལ་རྒྱ་གར་འཕགས་པའི་རྒྱལ་ས་ཡི་ལྟེ་བ།། བརྗིད་ཆགས་པའི་ལྡི་ལི་གྲོང་ཁྱེར་དེ་མཐོང་བྱུང༌།། དབུས་ཉི་མ་ལྷ་སའི་གྲོང་ཁྱེར་དེ་དྲན་ནས།། སྙིང་དམར་པོའི་ཁོངས་ནས་སུན་སྣང་ཞིག་སྐྱེས་བྱུང༌།།

ལུས་ཤ་ཁྲག་རྒྱས་པའི་ཕོ་གཞོན་དང་མོ་གཞོན།། ངག་གླུ་ཆུང་ལེན་བཞིན་འགྲོ་བ་དེ་མཐོང་བྱུང༌།། སྐྱིད་ཕ་ཡུལ་ལུང་པའི་ན་གཞོན་ཚོ་དྲན་ནས།། སྙིང་རུས་པའི་གཏིང་ནས་ཚ་ཤ་ཞིག་ཤོར་སོང༌།།

མེ་དམར་པོའི་སྲོག་ལྡན་རི་ལི་ཡི་ནང་དུ།། ལྷོ་ཀར་ན་ཀྲ་ཀའི་མངའ་སྡེ་ལ་སླེབས་སོང༌།། ཡུལ་མཐའ་འཁོབ་ལྷུང་བའི་སྣང་བ་ཞིག་ཤར་ནས།། སྙིང་དམར་པོའི་ངོས་ལ་ཆག་གྲུམ་ཞིག་ཤོར་སོང༌།།

བྱེས་བོད་པའི་མོན་གྷོ་གཞིས་ཆགས་ཀྱི་ཁྲོད་ནས།། དཔལ་ཆོས་སྡེ་ཆེན་པོ་འབྲས་སྤུངས་དེ་མཇལ་བྱུང༌།། དབུས་གངས་ཅན་བོད་ཀྱི་འབྲས་སྤུངས་དེ་དྲན་ནས།། སེམས་གསོན་པོར་དྲན་པའི་སྐོར་ལོག་ཅིག་ཐེབས་སོང༌།།

ངོ་མི་ཤེས་གྲྭ་ཚོགས་བརྒྱ་ཕྲག་དང་སྟོང་ཕྲག། ཚོགས་ཆོས་རའི་འདུ་ལོང་གཡོ་བ་དེ་མཐོང་བྱུང༌།། གཞིས་དཀར་མཛེས་བཤད་སྒྲུབ་ནོར་གླིང་དེ་དྲན་ནས།། ཡིད་སྐྱ་མོ་རྒྱ་མཚོའི་རྦ་རླབས་ལྟར་ཕྱུར་བྱུང༌།།

རྒྱུད་འགྲེལ་པ་བཞི་མགས་གསུང་ཆོས་ལ་ཆས་པས།། དཔལ་སྨད་རྒྱུད་གྲྭ་ཚང་ཚོགས་འདོན་དེ་ཐོས་བྱུང༌།། གཞིས་ཕ་ཡུལ་དགོན་པའི་སྒྲུབ་མཆོད་དེ་དྲན་ནས།། སེམས་སྐྱ་མོ་ལ་ཁའི་བྱ་སྤུ་ལྟར་སྤུར་སོང༌།།

རླབས་ནམ་མཁའ་འཕྱུར་བའི་ལྷོ་མཐའ་ཡི་རྒྱ་མཚོར།། བྱ་ངང་པས་ངང་ཕྲུག་སྐྱོང་བ་དེ་མཐོང་བྱུང༌།། དྲིན་ཕ་མའི་བྱམས་དང་བརྩེ་བ་དེ་དྲན་ནས།། ངའི་ཁྲ་ཆུང་མིག་ནས་ཆུ་མ་ཞིག་ཤོར་སོང༌།།

ཡུལ་རྒྱ་གར་འཕགས་པའི་ལྷོ་ཕྱོགས་ཀྱི་མཐའ་ན།། མེ་དམར་པོ་འབར་འདྲའི་ཚ་བ་ཞིག་སླེབས་བྱུང༌།། གངས་དཀར་པོའི་གཞུར་རྒྱུན་གཙང་ཆབ་དེ་དྲན་ནས།། སྙིང་རིལ་རིལ་དྲན་པའི་སྐོར་ལོག་ཅིག་རྒྱབ་བྱུང༌།།

དུས་དེང་སང་ལྷོ་མཐའི་རྒྱ་མཚོ་ཡི་འགྲམ་ན།། ཚེ་འདི་ཕྱི་གཉིས་མེད་སེངྒེ་ཡི་བུ་ང༌།། ནམ་ཉིན་མཚན་མེད་པར་ཕ་ཡུལ་དེ་དྲན་ནས།། སྡུག་ཨ་ཐང་ཆད་པའི་སྨྱོན་པ་རང་གྱུར་ཡོད།།

གཞིས་ཕ་ཡུལ་བཞུགས་པའི་དྲིན་ཅན་གྱི་བླ་མ།། དྲིན་བྱམས་བརྩེས་སྐྱོང་བའི་ཕ་མ་དང་སྤུན་མཆེད།། སྐུ་མི་འགྱུར་རྡོ་རྗེའི་ལྷུན་པོ་ལྟར་བཞུགས་རོགས།། དུས་ནམ་ཞིག་བུ་ང་མཇལ་འཕྲོད་ལ་ཡོང་ཆོག།

ཚེ་མི་རྟག་འཆི་བདག་གཤིན་རྗེ་ཡི་མཆེ་བས།། བྱམས་སྙིང་རྗེ་མེད་པའི་རྣོ་དབར་དེ་ཕྱུངས་ནས།། བུ་ཉམ་ཆུང་ང་ཡི་ཚེ་སྲོག་ལ་སྡིགས་ཀྱང༌།། ཚེ་ཕྱི་མར་མཇལ་བའི་སྨོན་ལམ་ཞིག་ཞུ་ཆོག།

སྡུག་ཨ་ཐང་ཆད་པའི་ངུ་ངག་གི་གླུ་འདི།། ལྷོ་འཛམ་གླིང་དབུས་འགྱུར་འཕགས་ཡུལ་གྱི་ལྷོ་མཐར།། ཡུལ་ཀར་ན་ཀྲ་ཀའི་མངའ་སྡེ་ཡི་ཁུལ་གྱི།། དཔལ་ཆོས་སྡེ་ཆེན་པོའབྲས་སྤུངས་ནས་བླངས་སོ།།

སྤྱི་ལོ་༡༩༩༦༤༥ ཉིན་ལ་བྲིས།



སྐྱེས་པའི་ཕ་ཡུལ་ལུང་པ།། ལ་མོའི་རྒྱབ་ལ་བཞག་ནས།། རྒྱུས་མེད་མི་ཡུལ་ལུང་པར།། རང་དབང་མེད་པ་སླེབས་སོང༌།།



སྟོན་པ་ཐུབ་པའི་དབང་པོ་ལ་ཟབ་མོ་རྟེན་འབྲེལ་གྱི་སྒོ་ ནས་བསྟོད་པ་སྙན་སྒྲོག་ངང་མོའི་ གླུ་དབྱངས།

གང་གིས་སྟོང་དང་རྟེན་འབྱུང་སྨྲ་བའི་འཇིགས་མེད་དབྱངས་ཀྱི་ང་རོ་ཡིས།། སྲིད་པའི་རྨོངས་འཁྲུལ་འཛུམ་གྱིས་བསླུས་པའི་ངན་རྟོག་རི་དྭཊ་མ་ལུས་ཀུན།། ཕམ་མཛད་ཞི་བསིལ་གངས་རིའི་སྤོ་ལ་གནས་བཅས་རྨད་བྱུང་ཤ་ར་བྷ།། ཐམས་ཅད་མཁྱེན་པ་ལྷ་ཡི་ལྷར་གྱུར་མི་ཡི་སེངྒེ་དེ་ལ་འདུད།།

གང་གི་རླབས་ཆེན་ཚོགས་གཉིས་སྤྲིན་རུམ་ལས།། སྟོང་ཉིད་འབྲུག་སྒྲ་དགོད་པའི་དབྱངས་སྙན་གྱིས།། སྐལ་བཟང་མདོངས་མཐའ་མྱོས་པ་ལས་རྩོམ་པའི།། ཕུལ་བྱུང་བསྔགས་པའི་གླུ་དབྱངས་འདི་ན་སྒྲོག།

རྨད་བྱུང་མཛད་པ་ཀུན་ལས་རབ་དང་ཕུལ།། རླབས་ཆེན་གསུང་གི་མཛད་པ་ལས་རྩོམ་པའི།། བསྟོན་ཅིང་བསྔགས་པའི་སྙན་སྒྲོགས་ངང་མོའི་གླུ།། སྤེལ་བར་བྱེད་ལ་ཤེས་ལྡན་སུ་ཡིས་བཤུང༌།།

སྲིད་ལམ་འཁྱམས་པའི་མཐའ་དག་ལུས་ཅན་ཀུན།། རྒུད་པའི་རྩ་བ་གཏི་མུག་མུན་པའི་གོས།། གསལ་མཛད་རྟེན་འབྱུང་རིགས་པའི་གློག་གི་སྒྲོན།། སྦར་བར་མཛད་ལ་ཁྱོད་མིན་གཞན་སུ་ཞིག།

དེ་སླད་མཐའ་དག་བློ་ལྡན་དྲན་དབང་འབུམ།། རྨད་བྱུང་རྟེན་ཅིང་འབྲེལ་བ་འབྱུང་བའི་ལམ།། ཁྱོད་ཀྱིས་བསྟན་པའི་ལེགས་བཤད་གནད་འདི་ལས།། གཞན་དུ་གཡོ་སྙམ་བགྱིད་པར་མ་ལགས་སོ།།

གཞན་སྡེ་དངོས་སྨྲའི་ལུགས་སུ་འགལ་བ་དང༌།། རྟེན་འབྲེལ་རྒྱུ་རྐྱེན་འདོད་ལ་མ་གྲུབ་པའི།། ཟབ་བརླིང་ཆོས་ཀྱི་དེ་ཉིད་འབྱེད་པའི་འཕྲུལ།། ཇི་བཞིན་མཁྱེན་ཏེ་འདོམས་པ་ཁྱོད་ཉིད་ཙམ།།

འཁོར་འདས་རང་བཞིན་སྟོང་པའི་ནམ་མཁའ་ལ།། བྱ་བྱེད་སྤྲིན་གྱི་འཇུག་ལྡོག་འཐད་པའི་ཚུལ།། འགལ་མེད་གཅིག་གྲོགས་གཅིག་ཏུ་ཤར་བའི་སྲོལ།། ཁྱོད་ཉིད་ལས་གཞན་སྟོན་པ་གཞན་གྱིས་མིན།།

དེ་སླད་ཁྱོད་རྗེས་ཕྱོགས་པའི་སྲོལ་བཟང་ལ།། རྟེན་འབྲེལ་སྟོང་པའི་དོན་དུ་འཆར་བ་དང༌།། སྟོང་གཞི་གདོད་ནས་དབེན་པའི་མོ་གཤམ་བུ།། མ་ཡིན་རང་བཞིན་གྱིས་ཀྱང་གྲུབ་པས་དབེན།།

ཕན་ཚུན་ཆ་དང་ཆ་ཅན་ལ་ལྟོས་པའི།། ཆོས་ཀུན་ངོ་བོས་གྲུབ་པ་གདོད་མ་ནས།། མེད་ཕྱིར་རྟེན་ནས་འབྱུང་བའི་དངོས་པོ་ལས།། ཆོས་གཞན་ནམ་མཁའི་པདྨའི་དགའ་ཚལ་བཞིན།།

དེ་ལྟར་རྟག་ཆད་ལྟ་བའི་ངམ་གྲོག་ལས།། སྲུང་བྱེད་སྟོང་དང་རྟེན་འབྲེལ་འགལ་མེད་ཀྱི།། འཕྲུལ་ལམ་རྒྱུ་དང་འབྲས་བུའི་བྱ་བྱེད་ཚུལ།། འཐད་པར་སྨྲ་བ་ཁྱོད་ཉིད་གཅིག་པུའི་སྲོལ།།

འདི་དོན་སྨྲ་བའི་རྒྱུ་ཚོགས་སྒྲུབ་པའི་སླད།། བསྐལ་མང་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།། མཐའ་བྲལ་ཡུམ་དོན་རྒྱ་མཚོའི་འཇུག་ངོགས་ལ།། དཀའ་བ་ཕྲག་བརྒྱས་འབད་པ་ལྷུར་དུ་ལེན།།

དེ་ཡི་མཐུ་ལས་བདེན་ཞེན་རྒོལ་བའི་ཁྱུ།། འབུམ་ཕྲག་ཅིག་ཅར་ཀླད་བུམ་འགེམས་པའི་འཕྲུལ།། ཟླ་མེད་སྨྲ་བའི་སེངྒེའི་ང་རོ་ཡིས།། ས་གསུམ་ཁྱོན་ཀུན་འདར་བའི་གཟི་བྱིན་འབར།།

ཡུམ་དོན་རྒྱ་མཚོའི་བཻཌཱུརའི་མེ་ལོང་ངོས།། ཕྱི་རབས་གཞུང་འདི་བྱང་ཕྱོགས་དར་བའི་གཏམ།། རྨད་བྱུང་ལུང་གི་རི་མོ་གསལ་བ་ལྟར།། གངས་རིའི་མུ་ཁྱུད་མཛེས་པའི་རྒྱན་དུ་ལྷགས།།

ཚུལ་འདི་གང་གི་མཚན་དཔེའི་ཟླ་ཞལ་ལས།། དྲུག་ཅུའི་དབྱངས་ཀྱི་ག་བུར་ཟེགས་མའི་རྡུལ།། འཛད་མེད་དལ་གྱིས་འཐོར་བའི་ཚུལ་དྲན་ཞེས།། འཇམ་མགོན་བླ་མས་ཡི་རང་མེ་ཏོག་འཐོར།།

གང་གི་རླབས་ཆེན་ལྟ་བའི་གངྒཱའི་རྒྱུན།། མཐའ་བྲལ་དབུ་མའི་ལམ་གྱི་འཇུག་ངོགས་དངོས།། ལོག་རྟོག་དྲི་མའི་ཆུ་ཡིས་སྦགས་པ་ན།། བློ་བཟང་ཀེ་ཏ་ཀ་ཡིས་དྲུངས་པར་བྱས།།

ཇི་ལྟ་ཇི་ལྟར་ཁྱོད་ཀྱི་ལེགས་བཤད་ལ།། ཡང་དང་ཡང་དུ་བརྩོན་ཞིང་འགྲུས་པ་ན།། དེ་ལྟ་དེ་ལྟར་སྐྱོན་མེད་ཆོས་ཚུལ་ལ།། མི་ལྡོག་དད་པའི་གོ་སྐབས་སླར་ཡང་རྙེད།།

དེ་ལྟར་བདེ་བར་གཤེགས་པའི་གསུང་གི་མཛོད།། གཅིག་བསྡུས་སྙིང་པོ་རྟེན་འབྱུང་ལས་རྩོམ་པའི།། བསྟོད་ཚིག་སྙན་སྒྲོག་ངང་མོའི་གླུ་དབྱངས་འདི།། ཤཱཀྱའི་རྗེས་འབྲངས་དགེ་སློང་ཞིག་གིས་སྤེལ།།

ཚེ་རབས་ཀུན་ཏུ་འདི་ལྟའི་ལམ་བཟང་དང༌།། དེ་ཉིད་བསྟན་པའི་ཐེག་མཆོག་བཤེས་ཀྱི་ཕུལ།། མགོན་དུ་ཐོབ་སྟེ་བྱང་ཆུབ་སྒྲུབ་པ་ལ།། བརྩོན་པས་འགྲོ་ཀུན་སྒྲོལ་པའི་དཔལ་ཐོབ་ཤོག།

རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང༌།། རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང༌།། བཀའ་སྡོད་ལེགས་ལྡན་ནག་པོའི་མཐུ་སྟོབས་ཀྱིས།། ཇི་ལྟར་སྨོན་པའི་གནས་ཀུན་འགྲུབ་པར་ཤོག།

ཅེས་པ་འདི་ནི་དགེ་བའི་བཤེས་གཉེན་གྲགས་པ་ཤེས་རབ་མཆོག་གིས་ཚིག་ཉུང་ལ་དོན་བསྡུས་པའི་སྒོ་ནས་སྟོན་པ་ཐུབ་པའི་དབང་པོ་ལ་ཟབ་མོ་རྟེན་འབྲེལ་ལས་རྩོམ་པའི་བསྟོད་ཚིག་ཅིག་བྲིས་ཞེས་བསྐུལ་བ་ལྟར། གདན་ས་ཆེན་པོའི་རིགས་པ་སྨྲ་བའི་གྲལ་མཐའ་བ་སྒྲ་མིང་དབྱངས་ཅན་དགྱེས་པའི་བློ་ལྡན་གྱིས་བྲིས་པ་དགེའོ།།


འཕྲིན་ཡིག་གསེར་གྱི་ལྕགས་ཀྱུ།

s.r ལ་སྐུར་བ།

བསོད་ནམས་ཛམྦུ་ནཱ་དའི་མ་དྲོས་ཀློང༌།། བསླབ་གསུམ་གསེར་གྱི་བྱེ་མའི་རིན་ཆེན་དབྱིག། ཕྱུར་བུར་གཏམས་པ་གང་དེའི་ཞབས་དྲུང་དུ།། རིང་དུ་བསྐལ་བའི་མཉེས་གཤིན་ཞིག་གི་འཕྲིན།།

གང་གི་སྤྱན་དཀྱུས་ཨུཏྤལ་འདབ་ཡངས་པོས།། མཐའ་བྲལ་ཤེས་བྱའི་རྣམ་བཀྲ་གཟུགས་བརྙན་འབུམ།། འབྱུང་འགྱུར་མདུན་ལམ་ཡངས་པའི་ཆེད་གཟིགས་ཕྱིར།། གཙུག་ལག་སློབ་གྲྭའི་དགའ་ཚལ་ཞུགས་པར་སྤྲོ།།

བཅུ་ཕྲག་མཁྱེན་རྒྱ་ནམ་མཁའི་མཐོངས་ལྟར་ཡངས།། གཞན་ཕན་རྗེས་བརྩེ་སྟོན་ཟླའི་འཛུམ་དཀར་ཅན།། མཐའ་དག་ཤེས་བྱར་འཇུག་པའི་ལམ་མཁན་ལ།། ཚུལ་བཞིན་སྟེན་པ་སྲིད་ཞིའི་ལེགས་ཚོགས་སྒོ།།

ཐོས་མང་རྒྱུན་བསྲིངས་གངྒའི་མཛའ་ན་མོ།། ཞི་དུལ་སྤྱོད་བཟང་བག་ཡོད་ངང་རྒྱུ་ཞིང༌།། བརྩོན་པའི་དྭངས་གཙང་བརྒྱད་ལྡན་བཏུང་བའི་ཕུལ།། རྩེད་དགའི་གྲོགས་སུ་སྟེན་པ་མཁས་པའི་སྒོ།།

ཐོས་སྟོབས་ཕྱི་ཡི་སྤྱོད་པ་དུལ་བ་དང༌།། སྒོམ་སྟོབས་ཉམས་སུ་བསྟར་བའི་སྒྲུབ་པ་ཡིས།། ནང་གི་ཉོན་མོངས་མེ་དཔུང་བཅིལ་བའི་ཆུ།། ཁྲུལ་ཀྱི་རྫིང་བུར་སྟེན་པ་བཙུན་པའི་སྒོ།།

མཁས་པར་རློམ་པས་བཙུན་པ་མི་འཇོམས་ཤིང༌།། བཙུན་པས་ཁེངས་ཏེ་མཁས་པར་མི་འཚེ་བར།། མཁས་བཙུན་ཟུང་འཇུག་རིན་བྲལ་དབྱིག་གི་ཕུལ།། རྒྱན་གྱི་མཆོག་ཏུ་སྟེན་པ་བཟང་པོའི་སྒོ།།

འཆད་པ་རྨོངས་འཁྲུལ་གསལ་བའི་འོད་རྣོན་འབར།། རྩོད་ངག་རིགས་པས་ངན་རྟོག་སྲོག་ལ་རྒོལ།། རྩོམ་པའི་དོན་ཟབ་སྙན་ཚིག་དྲི་ཟའི་གླུ།། མཁས་པའི་བྱ་བ་རྣམ་གསུམ་སྐྱོང་ན་འཚེངས།།

ཕྱི་ཡི་ཐ་སྙད་རིག་པའི་གོ་རྒྱ་དང༌།། ནང་གི་མདོ་སྔགས་ཆོས་ཀྱི་ཉམས་ལེན་གཉིས།། ཚུལ་གཞིན་མ་རྟོགས་སྲིད་ཞིའི་བདེ་བའི་ཕུལ།། ཐོབ་པ་མེད་ཅེས་མི་ཕམ་རྒྱལ་བས་གསུངས།།

ཟབ་བརླིང་སྟོང་ཉིད་ལྟ་བའི་གོ་རྒྱ་ལ།། རེ་ཞིག་མ་བྲེལ་རྒྱ་ཆེར་ཤེས་བྱའི་གཞུང༌།། འབད་པ་བརྟན་པོས་ཉིན་མཚན་བསླབས་བྱས་ནས།། མདོ་སྔགས་ཐ་སྙད་སྤྱི་ལ་མཁས་པར་མཛོད།།

ཕྱི་ནང་རིག་པའི་གནས་ལ་བྱང་བ་ན།། གྱ་ཚོམ་མུ་ཅོ་ལམ་དུ་མི་འཇུག་པར།། འཇམ་མགོན་བླ་མའི་ཟབ་རྒྱས་ལེགས་བཤད་གཞུང༌།། སྙིང་ལ་བཅང་བར་མཛོད་ཅིག་སྤུན་གྱི་མཆེད།།

ཆོས་ལམ་དུད་བའི་ངལ་བ་མ་འཇིགས་པར།། ཆོས་ཕྱིར་སྙིང་སྟོབས་དཔའ་མཛངས་ལྡན་པའི་བློས།། ཆོས་དང་ཆོས་མིན་འབྱེད་པའིགོམ་སྟབས་ཀྱིས།། ཆོས་ལྡན་ཞིང་དུ་རྐང་པས་འདེགས་འཇོག་མཛོད།།

དགྲ་གྲོགས་མི་ཕྱེད་སེམས་ཆུང་འཛུམ་ཉམས་ཀྱིས།། རང་ཁང་སྤྱིལ་བུར་བག་ཕེབས་ཕང་བཟུང་མ།། དེ་ཀོ་གྲོགས་སུ་སྟེན་པའི་ཅོལ་ཆུང་ནི།། མི་ལུས་ཁྱི་ལས་ལོད་པའི་རྣམས་ཐར་ཡིན།།

ཟབ་རྒྱས་ཨམྲའི་འབྲས་བཟང་མི་སེམས་པར།། རྒྱུས་མེད་གང་བྱུང་ཙིར་སྒྲས་འབྲུག་ལ་རྒོལ།། སེར་སྐྱའི་བླ་གོས་གཡོག་པའི་གར་སྒྱུར་མཁན།། དེ་དག་ཡལ་གའི་རི་སྐྱེས་མིན་ན་ཅི།།

མཐའ་དག་ཤེས་བྱའི་གནས་ལ་མཁས་པ་དང༌།། རྩེ་གཅིག་ཉམས་སུ་བསྟར་བའི་སྒྲུབ་པ་ཡི།། རང་དབང་འདོད་འཇོ་ནོར་བུའི་གླིང་འདི་ན།། ཕེབས་པར་འདོད་རྣམས་ལྷག་བསམ་གཡབ་མོས་བསུ།།

ལེགས་ཉེས་རྣམས་པར་འབྱེད་པའི་འཆི་མེད་ལམ།། འབྱུང་འགྱུར་མདུན་ལམ་བལྟ་བའི་མིག་བགྲད་ཅིང༌།། སྙིང་སྟོབས་རྐང་འགྲོས་ཡིད་ཀྱི་ཁ་ལོ་བས།། གོམ་སྟབས་འདི་ན་སྒྱུར་ཅིག་སྤུན་མཆེད་ཀྱེ།།

དབང་སྔོན་མདངས་ཀྱི་མཛེས་པ་མ་བཟུང་ཞིང༌།། གསེར་ལྡན་སྒེག་མོའི་ལྟོ་བར་མ་འཁྱིལ་བར།། བསླབ་འཕྲིན་མར་གད་ཞུན་མའི་རོལ་མཚོ་འདི།། སྙིང་སྟོབས་མེ་ལྕེ་ཕྱུར་བའི་རམ་འདེགས་ལགས།།

རྒྱང་རིང་འཕགས་པའི་ཡུལ་ནས་འཕུར་བ་ཡི།། བསླབ་འཕྲིན་དུང་གི་ངང་མོའི་གཤོག་རླབས་འདིར།། བརྟེན་ནས་བརྒྱད་ལྡན་རྫིང་བུའི་འཇུག་ངོགས་ལ།། པད་མའི་ཚལ་ལ་བུང་བ་ཇི་བཞིན་མཛོད།།

སླད་ཆར་དགྱེས་ཞལ་དངུལ་གྱི་ཟླ་རིས་འཛུམ།། ཕྱོགས་འདིའི་དབྱིག་འཛིན་ཕང་བར་ཤར་བ་ནས།། ལྷན་ཅིག་མཇལ་འཕྲོད་གཏམ་གྱི་ག་བུར་ཕྲེང༌།། སྤེལ་པའི་དགའ་སྟོན་མྱུར་བར་འཆར་བར་སྨོན།



དཔལ་ལྡན་མཐུན་ལམ་གསེར་གྱི་སྐུད་པ་ལ།། རྣམ་དག་སྤུན་ཟླུའི་ཁྲིམས་གྱིས་བརྒྱུས་པ་ཡིས།། ཡ་རབས་བརྩི་འཇོག་ཨུ་དུམ་ཝཱ་རའི་ཕྲེང༌།། གླིང་བཞི་ཤིས་པའི་རྒྱན་དུ་མཛེས་གྱུར་ཅིག།




ཉམ་ཆུང་བུང་བའི་རང་སྒྲ།

D.T ལ་སྐུར་བའི་གསང་འཕྲིན།

རིང་ནས་བརྩེ་སེམས་མི་ཤིགས་རྡོ་རྗེ་ཡི་བསྟན་འཛིན།། གཤིས་བཟང་བག་ཕེབས་འཛུམས་པའི་རྣ་ལུང་གི་དྲུང་དུ།། འཇིགས་མེད་སྙན་ཚིག་སྨྲ་བའི་འབབས་སྟེགས་ཀྱི་དགེ་ལ།། དབང་གིས་ཕྱུག་པ་རྒྱལ་བའི་རྗེས་ཞུགས་དེས་ཞུ་གསོལ།།

ཉེ་ཆར་གནང་བའི་སྙན་འཕྲིན་དཔྱིད་དུས་ཀྱི་ཕོ་ཉ།། གཡོ་མེད་རྒྱ་མཚོའི་རླབས་བཞིན་དུས་ཐོག་ཏུ་བསྙེགས་ཏེ།། བརྗོད་དོན་འཁྲུལ་བྲལ་ཡིད་ངོར་འཇའ་ཚོན་བཞིན་བཀྲ་བས།། ཡིད་སྤྲོ་རྨ་བྱ་དགའ་བའི་ཟློས་གར་ལ་ཆས་སོང༌།།

གནས་མཆོག་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ན།། ལྷན་ཅིག་དགྱེས་འཛོམས་བྱུང་བའི་འདྲ་པར་གྱི་ཚོན་རིས།། ཞུ་ཕྲིན་དྲི་ཟའི་གླིང་བུའི་འགྱུར་ཁུག་ནས་དྲངས་ཏེ།། ཕྱོགས་དེར་བཏང་པ་ཉམས་མེད་ལག་སོན་ཏུ་ཡོད་ཤག།

སཱ་ལའི་ནགས་སུ་འགྱིངས་པའི་འཛུམ་དྲུག་གི་སྟག་ང༌།། རྒྱུས་མེད་ས་མཐའ་མྱ་ངན་ཐང་ཆེན་དུ་ལྷགས་ཏེ།། རྡ་ལུ་ཁྱི་རྒན་རྒྱུ་བའི་དམན་བྲལ་དུ་ལྷུང་བ།། མཐོང་ཚེ་ངུ་ལ་དགོད་པའི་སྣང་བ་ཞིག་ཤར་བྱུང༌།།

དབྱིབས་ལེགས་འགྲོས་ལྡན་མདངས་མཛེས་གྱི་ལིང་གི་རྟ་ཕོ།། ཐལ་བའི་མདངས་འཁྱུད་རྣ་རིང་མགྲིན་བཟང་གི་ཁྱུ་དང༌།། ཕྱོགས་ལྷུང་མིག་ཡ་བགྲད་པའི་གདོན་འདྲེ་ཡི་གནག་རྫིས།། ར་བ་གཅིག་ཏུ་མཉམ་བསྡེབས་བྱས་པ་འདི་སྐྱོ་བ།།

ཤེས་ཚད་རིག་པའི་སྲང་མདའ་དབང་ཚད་ཀྱིས་བཅག་སྟེ།། དངུལ་དང་མགོ་འདྲེན་མེད་པའི་གྲྭ་རྐྱང་གི་མདུན་ལམ།། ཐར་མེད་རིམ་པ་དགུ་ཡི་དུང་ནང་དུ་འཐེན་ནས།། མི་ཚེ་འགྱོད་པས་བསྐྱེལ་བའི་རྣམ་ཐར་ཞིག་སྤྲོད་བྱུང༌།།

གངས་སེང་འདམ་དུ་བྱིངས་པའི་གཉིས་མེད་ཀྱི་ཁྱི་རྒན།། སུས་ཀྱང་མཐོང་ཐབས་བྲལ་བའི་རྐང་འོག་གི་རྡེའུ།། ངུ་འབོད་དབྱངས་སུ་གྱེས་ཀྱང་ཉན་མཁན་ཞིག་མི་འདུག། གཅེས་སྲོག་མཚོན་ལ་སྐྱོན་ཡང་བལྟ་མཁན་ཞིག་མ་རྙེད།།

རྐང་དྲུག་འཕུར་ལྡིང་རྩེན་པའི་དགའ་ཚལ་གྱི་དཀྱིལ་ན།། བདུད་རྩིའི་ཟས་ལ་རོལ་བའི་གྲྭ་ཕྱུག་ཚོའི་གམ་དུ།། ཆོས་ནོར་གཉིས་ཀ་མེད་པའི་ལག་སྟོང་གི་སྤྲང་འཁྱམས།། དཔྲལ་རིས་ས་ལ་དྲུད་ནས་འགྲོ་དགོས་དེ་སྐྱོ་བ།།

མཐོ་རིམ་མི་སྣ་ཁྲོས་པའི་སྡང་མིག་གི་གློག་འོད།། ཉམ་ཆུང་གྲྭ་རྐྱང་མིག་གིས་བཟོད་ཐབས་ཤིག་མི་འདུག། བླ་སྤྲུལ་བཙན་པོའི་བརྙས་བཅོས་མཐོང་ཆུང་གི་ཁུར་ཆེ།། དམར་ཆུང་སེམས་ཀྱི་ངོས་ནས་ལྕོག་ཐབས་ཤིག་མི་འདུག།

ནགས་ཀྱི་ཤ་ན་བཙན་པོའི་དངུལ་དཀར་ཀྱི་སྡེར་ཁྱིམ།། གཡོ་ཅན་མཆུ་ནག་ཝ་མོའི་བསླུ་བྲིད་ཀྱི་ཟློས་གར།། ཤ་གཟན་རི་སྤྱང་སྔོན་པོའི་གསང་ཉུལ་གྱི་ངུ་གླུས།། སྡུག་གི་ཁུར་པོ་འགེལ་ས་རི་བོང་ལས་མི་འདུག།

བྱིན་རླབས་མཚོན་ཁ་འབར་བའི་རིན་ཆེན་གྱི་གསེར་སྐུ།། སྲ་མཁྲེགས་གོ་མོའི་རང་བཞིན་ཇ་རྡུང་གི་རྡོ་འཇང༌།། ཉམ་ཆུང་ཆོས་མེད་བུ་ཡི་མགོ་ཐོག་ཏུ་ལྷུང་དུས།། ཀླད་ཁྲག་ཞོ་ལྟར་དཀྲུག་ལ་ཁྱད་པ་ཞིག་མི་འདུག།

འོན་ཀྱང་ཀླུང་རྟའི་སྐྱ་རེངས་གསར་པ་ཞིག་ཚེས་པས།། མ་འཁྱོག་རྟེན་འབྱུང་རྒྱལ་མོའི་རྩ་ཁྲིམས་ཀྱི་ཐིག་རྩ།། མ་གཡོལ་རྒྱ་མཚོའི་རླབས་བཞིན་དུས་ཐོག་ཏུ་འཁེལ་ནས།། བདེན་པའི་ལྕེ་རྩེ་བདར་བའི་གོ་སྐབས་ཤིག་རྙེད་བྱུང༌།།

འདི་ན་རེ་ཞིག་རྩོད་གླེང་ཁ་ངན་གྱི་གྲུབ་ཆ།། འཛམ་གླིང་ལྷོ་ནུབ་འབོད་སྒྲོག་དུར་ཁྲོད་ཀྱི་གཡུལ་དུ།། མགྲིན་བཅུ་ཞུགས་པ་ར་མ་ན་ཡ་ཡི་ཉག་ཕྲན།། གནད་དུ་འབིགས་ནས་མཛའ་ལྡན་སི་ཏཱ་དེ་ཐོབ་བྱུང༌།།

དེ་ལྟ་ནའང་སྲིད་འདིར་རྐམ་ཆགས་ཀྱི་གཡེམ་མས།། རྩེད་དགས་བཏང་པའི་ཡང་དག་ཞིང་མཆོག་དེ་འདོད་ཀྱི།། སྐྱིད་སྡུག་ངེས་མེད་ཆུ་ཡི་གཉེར་མ་དང་འདྲ་བའི།། འཇིག་རྟེན་འདི་ལ་ཞེན་པ་གཏིང་སློག་ཅིག་ཤར་བྱུང༌།།

སྲིད་བདེ་ཁབ་རྩེར་སྡོད་པའི་ཚོར་བ་དང་འདྲ་ཞེས།། བདེ་གཤེགས་སྟོན་པས་ཚངས་པའི་དབྱང་སྙན་གྱིས་སྒྲོགས་པ།། ཐོས་བཞིན་གྱར་ཚོམ་སྲིད་པའི་གཡང་ས་ལ་རྒྱུག་པ།། དེ་དག་སྨྱོན་པ་ལས་ཀྱང་ཀྱེ་མ་ཧུད་སྨྱོན་པ།།

སྲིད་གསུམ་མི་རྟག་སྟོན་ཀའི་ཆུ་འཛིན་གྱི་དོ་རར།། སྐྱེ་འཆི་མི་རྟག་གློག་གི་ཟློས་གར་ལ་རྩེན་པའི།། བདེ་སྡུག་མི་རྟག་རྣོ་ཕྲ་རྒྱ་ཁབ་ཀྱི་རྩེ་མོ།། འཇིག་རྟེན་མི་རྟག་སྒྱུ་མའི་ཆོ་འཕྲུལ་འདི་སྐྱོ་བ།།

མི་རྟག་སྒྲ་ལ་སྒྲུབ་པའི་རྣམ་དཔྱོད་ཀྱི་རིགས་པ།། འཇམ་དཔལ་རྡོ་རྗེ་རྣོན་པོའི་རལ་གྲི་ལས་རྣོ་བ།། རང་ཉིད་རྟག་པ་འཛིན་པའི་རྟག་འཛིན་གྱི་རི་བོ།། གངས་ཅན་ཧི་མ་ལ་ཡའི་རི་བོ་ལས་ལྕི་བ།།

གཞན་སྐྱོན་འཚོལ་བའི་མིག་སྟོང་བརྒྱ་བྱིན་ལས་གསལ་བ།། རང་མཚང་བལྟ་བྱེད་སྲོག་ཆགས་གྲོག་མ་ཡི་འདྲེན་བྱེད།། ཁ་བཤད་དོན་ཐོག་མེད་པ་ནེ་ཙོ་ཡི་མི་སྐད།། ལྷན་སྐྱེས་འཇིག་རྟེན་མི་ཡི་གཤིས་ཀ་དེ་མཐོང་བྱུང༌།།

ཀ་ཡེ་ཟོ་བཟང་རྡོ་རྗེའི་མཆེད་ཟླ་ཡི་སྤུན་གྲོགས།། ཀླུ་སྦྱིན་གསུམ་ལྡན་རྗེ་བཙུན་བླ་མ་ཡི་དྲུང་དུ།། ཕར་ཚད་ལམ་གྱི་རིམ་པའི་འཆད་མཉན་ལ་སྦྱོང་དུས།། དབེན་གསུམ་རི་ལ་འགྲིམ་རྒྱུའི་དམ་བཅའ་དེ་ཨེ་དྲན།།

དབུ་ཕར་རིག་པའི་གཞུང་ལ་གསན་བསམ་དེ་ཚར་ནས།། སྙོག་འཛིང་གློག་འོད་འཁྱུག་པའིའཇིག་རྟེན་འདི་དོར་ནས།། རྨས་མའི་རི་དྭགས་ཇི་བཞིན་དབེན་པ་ལ་བསྐྱོད་དེ།། ངེས་དོན་རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་ཞིག་འཛུགས་ན།

ངེས་འབྱུང་རླུང་གིས་བསྐྱོད་པའི་ཆུ་འཛིན་གྱི་འཕོན་པོ།། རིན་ཆེན་སེམས་ཁམས་སྦྱངས་པའི་གནམ་མཐོངས་སུ་འཁྲིཊ་ཏེ།། མཐའ་བྲལ་ལྟ་བའི་སྦྲང་ཆར་སིལ་མ་ཞིག་འཇོ་ནས།། མ་དུལ་སེམས་ཀྱི་ཞིང་ས་རློན་པ་ཞིག་བྱེད་ན།།

དངོས་གྲུབ་རྩ་བ་ཚུགས་པའི་དམ་ཚིག་གི་ཁང་བཟང༌།། སྣང་སྟོང་སྐུ་ཡི་རྡོ་རྗེའི་ཟློས་གར་ཞིག་རྩེན་ན།། གྲགས་སྟོང་གསུང་གི་རྡོ་རྗེའི་གླུ་དབྱངས་ཤིག་ལེན་ན།། རིག་སྟོང་ཐུགས་ཀྱི་རྡོ་རྗེའི་དཀྱིལ་འཁོར་ཞིག་རྩིག་ན།།

སྒྱུ་ལུས་འཇའ་ཚོན་ཤར་བ་ལུས་དབེན་གྱི་རྡོ་རྗེ།། རླུང་ངག་བུམ་གཟུགས་ཤར་བ་ངག་དབེན་གྱི་རྡོ་རྗེ།། འོད་གསལ་ཉི་མ་ཤར་བ་སེམས་དབེན་གྱི་རྡོ་རྗེ།། སློབ་མཐའ་ཟུང་མཇུག་གདོད་མའི་རྒྱལ་ས་ལ་འཛེག་ན།།

མཚུངས་མེད་རྗེ་བཙུན་བླ་མའི་ཞབས་རྗེས་དེ་བསྙེགས་ནས།། མདོ་སྔགས་གཞུང་ནས་བཤད་པའི་མཚན་ལྡན་གྱི་དབེན་གནས། ཉམས་དགའི་ཡིད་དབང་འགུག་པའི་རྫོང་རབ་ཀྱི་སྒྲུབ་ཁང༌།། མི་ཚེ་འཕེན་པ་བསྐྱེལ་རྒྱུའི་དམ་བཅའ་དེ་མ་རྗེད།།

དེ་སྐད་དམར་ཆུང་སྙིང་གི་ཁང་བཟང་ནས་ཐོན་པའི།། སྲོང་པོ་རྗོད་པ་ཉམ་ཆུང་བུང་བ་ཡི་གླུ་འདི།། ལྷོ་མཐའི་ཡུལ་ནས་བེ་རི་འཇིགས་མེད་ཀྱིས་བླངས་ཏེ།། རབ་རྒྱལ་སྐྱེས་བདག་མཆུ་ཟླའི་ཚེས་བཟང་ལ་ཕུལ་ལོ།།

གུས་འདུདའ་བཅས་འབྲས་སྤུངས་ནས།


ཁྲག་རླབས་དགུང་ལ་འཕྱུར་བའི་ལོ་རྒྱུས་དང༌།། གངས་རྒྱུན་ཞུན་མའི་ཁམས་ཀྱི་རིག་གཞུང་འཕྲུལ།། མཚོན་པའི་ངོ་མཚར་སྒྱུ་མའི་གཏམ་བརྗོད་དང༌།། དབྱངས་སྙན་རྣ་བའི་བདུད་རྩི་འདི་ན་འགྱེད།། རིས་མེད་འཕགས་བོད་སྤུན་ཟླ་བུང་བའི་ཁྱུ།། སྐྱིད་སྡུག་སྒྱུ་མའི་སྐྱེད་ཚལ་ལས་སྨིན་པའི།། ངོ་མཚར་རྩེད་འཇོ་མང་རྩིའི་དགའ་སྟོན་ལ།། དགྱེས་དགུར་རོལ་པའི་སླད་ཏུ་ཕེབས་པ་འཚལ།།


བློ་གླིང་སློབ་གྲྭའི་ཁྲབ་སྟོན་སྐབས་ ༩༦།༢།༡༥


ཡིད་འཆེས་མེད།

ཀ་ར་བུ་རམ་མངར་ཡང་ལྟོ་མི་འགྲངས།། ཁ་བཏགས་དར་གོས་འཇམ་ཡང་དྲོད་ཀྱིས་དབེན།། ག་ས་ག་ནས་ལག་རྟགས་ཁུར་ན་ཡང༌།། ང་རང་ཁྱོད་ལ་ཡིད་འཆེས་སྤུ་ཙམ་མེད།།

ཅ་ལག་ཁབ་རྩེ་ཙམ་ཞིག་ཐོབ་པའི་ཆེད།། ཆ་སྤྱོད་ཙི་ཙི་འགྲོ་སྟངས་ངས་མི་ཤེས།། ཇ་དང་རྩམ་པའི་མདུན་ལམ་རྫོགས་ན་ཡང༌།། ཉ་མེད་དུག་གི་མཚོ་ལ་ཡིད་འཆེས་མེད།།

ཏ་མ་ལ་ལྟར་མི་བརྟན་རྒྱུ་འབྲས་ཚུལ།། ཐ་ཤལ་སྤྲང་ཕྲུག་བདག་གིས་མི་རྟོགས་ཀྱང༌།། ད་ལྟའི་ཁྱོད་སྤྱོད་དངོས་ཡོད་འདི་མཐོང་ཚེ།། ན་གཞོན་བདག་ལ་ཡིད་འཆེས་སྤུ་ཙམ་མེད།།

པ་ཏྲའི་རིས་ལྟར་འཁྱོག་པའི་ཇུས་ངན་གྱིས།། ཕ་རོལ་དགྲ་ལ་མིག་བཙུམས་ཐལ་མོ་སྦྱར།། བ་ལང་ལས་ཀྱང་རྨོངས་པའི་བྱ་སྤྱོད་ཅན། མ་རབས་ཁྱོད་ལ་ཡིད་འཆེས་སྤུ་ཙམ་མེད།།

ཙ་རིའི་དྲ་རྒྱ་ཕྱི་ནས་མ་གཅོད་པར།། ཚ་གྲང་དཀྲུག་ཤིང་ནང་ལ་འཕེན་པའི་འཕྲུལ།། ཛ་ལང་སྨྱོན་པའི་ཟློས་གར་འདི་མཐོང་ནས།། ཝ་སྐྱེས་མི་གཟུགས་ཁྱོད་ལ་ཡིད་འཆེས་མེད།།

ཞ་ལྟར་འཁྱོག་པའི་སེམས་རྒྱུད་དགྲ་ལ་དཀར།། ཟ་འདྲེ་བཞིན་དུ་ནང་ལ་འཇིགས་སྣང་སྐུལ།། འ་འུར་དགྲ་སྡེ་ནག་པོའི་དུག་གཟན་པ།། ཡ་མེད་ཁྱོད་ལ་ཡིད་འཆེས་སྤུ་ཙམ་མེད།།

ར་བ་གངས་རིའི་བསྐོར་བའི་མཐོ་སྒང་ཡུལ།། ལ་མོའི་རྒྱབ་ཀྱི་དགྲ་ལ་མཇལ་དང་ཕུལ།། ཤ་རུས་གཅིག་པའི་སྤུན་ཟླའི་བརླ་འཚོང་མཁན།། ས་མཐའི་ཞབས་འདྲེན་ཁྱེད་ལ་ཡིད་འཆེས་མེད།།

ཧ་གཉིད་རྦད་དེ་སད་མ་ཐག་པ་ནས།། ཧ་ལས་དགོས་པའི་དོན་སྐྱོན་འདི་མཐོང་བས།། ཨ་ཕྲུག་ང་ཡི་དམར་ཆུང་སེམས་ངོས་ནས།། ཨ་མེས་བླ་འཚོང་ཁྱོད་ལ་ཡིད་འཆེས་མེད།། 1994ལོར་འབྲས་སྤུངས་ནས་བྲིས།

གྲུ་ག་ཞིག་ནས་མཐོང་བའི་འཇིག་རྟེན།

མཁས་པ་མཁས་པའི་ས་ནས་སེམས་སྡུག་མྱོང༌།། བླུན་པོ་བླུན་པོའི་ཁྲོད་ན་ལུས་སྡུག་མྱོང༌།། མཁས་བླུན་ཁྱད་མེད་སྡུག་གིས་གནང་བ་ཡི།། ལྷན་སྐྱེས་འཇིག་རྟེན་མི་ཡི་གཤིས་ཀ་མཐོང༌།།

མི་ཆེ་དཔོན་པོ་གཏམ་དང་གྲགས་པས་མྱོས།། ཉམ་ཆུང་མི་ལ་ལྟོ་དང་གོས་ཀྱིས་འཕངས།། ཀུན་ཀྱང་འདོད་པ་ཚིམ་པའི་དུས་མེད་པ།། ལྷན་སྐྱེས་འཇིག་རྟེན་མི་ཡི་གཤིས་ཀ་མཐོང༌།།

མཐོན་པོའི་གོ་ས་ཐོབ་ན་ཀུན་གྱིས་བཀུར།། རྒུད་པའི་མཚན་མ་མཐོང་ཚེ་སྡང་ཟུག་བྱེད།། མཉམ་པར་གྱུར་ན་ཕྲག་དོག་གདོན་གྱིས་སྨྱོ།། ངེས་མེད་འཇིག་རྟེན་འདི་ཡི་གཤིས་ཀ་ཡིན།།

ཚེ་སྲོག་གྲི་རྩེར་སྐྱེལ་བའི་དཔའ་བོ་དང༌།། གཅེས་སྲོག་མཛོད་དུ་སྦས་པའི་སྡར་མ་གཉིས།། བཟང་ངན་གྲགས་པས་དབྱེ་བ་འབྱེད་ན་ཡང༌།། དོན་ལ་རྒྱལ་ཁའི་འཛུམ་མདངས་སུ་ཡིས་སྟོན།།

ཁྱོ་དགུ་ཁྱིམ་དུ་གསུ་བའི་མཛེས་མ་དང༌།། བརྩེ་བ་དགྲ་ལ་བཙོང་པའི་ཕྱོན་མ་གཉིས།། སྐྱོན་མེད་ལྷ་ཡི་ཞལ་རས་མཐོང་བ་ཡི།། སྲེད་ལྡན་འཇིག་རྟེན་མི་ཡི་གཤིས་ཀ་མཐོང༌།།

བདེན་པ་སྨྲས་ན་ཕ་ཡང་དགྲ་རུ་འགྱུར།། འཁྱོག་པོ་བརྗོད་ན་དགྲ་ཡང་གྲོགས་ལ་འགྱུར།། དགྲ་གྲོགས་ངེས་མེད་གཏོད་སོ་བྲལ་བ་ཡི།། ལྷན་སྐྱེས་འཇིག་རྟེན་མི་ཡི་གཤིས་ཀ་མཐོང༌།།

རྒྱུས་མེད་མི་ཚོགས་མཉམ་དུ་འདུས་པ་དང༌།། འདུས་པའི་ཐ་མར་ངེས་མེད་ཕྱོགས་ཀུན་བྲལ།། འདུ་བྲལ་ངེས་མེད་དབྱར་གྱི་ཆུ་སྤྲིན་ལྟར།། ལྷན་སྐྱེས་འཇིག་རྟེན་མི་ཡི་གཤིས་ཀ་མཐོང༌།།

ཕྱུག་པོས་རང་ནོར་གཡོག་ནས་མི་ཚེ་རྫོགས།། འབུལ་པོས་འབྱོར་ལྡན་གཡོག་ནས་མི་ཚེ་སྐྱེལ།། གཡོག་གི་འདུ་ལོང་ཁྱད་པར་མི་འདུག་པའི།། ལྷན་སྐྱེས་འཇིག་རྟེན་མི་ཡི་གཤིས་ཀ་མཐོང༌།།

རང་སྐྱོན་རི་བོ་མིག་གི་ཟོལ་དུ་གཏོང༌།། གཞན་སྐྱོན་འབད་པས་ཉིན་མཚན་ཀུན་ཏུ་ཉུལ།། བྱི་ལོང་བྱི་བ་གཉིས་ཀྱི་སོ་བ་འདི།། ལྷན་སྐྱེས་འཇིག་རྟེན་མི་ཡི་གཤིས་ཀ་མཐོང༌།།

རབ་བྱུང་བཙུན་པ་དཀོར་གྱི་འདུ་འགོད་མཁས།། མི་ནག་སྐྱེ་བོ་ལྟོ་གོས་དོན་ལ་བྲེལ།། ཀུན་ཀྱང་མི་ཚེ་སྐྱེལ་བའི་ཐབས་ལམ་ཙམ།། ལྷན་སྐྱེས་མི་ཡི་གཤིས་ཀ་གཅིག་ཏུ་གྲུབ།།

འབྲོག་པས་སྤྲིན་ནག་ལང་ན་སེམས་ཁྲལ་བྱེད།། ཞིང་པས་ཆར་ཆུའི་དོན་དུ་ཀླུ་གཏོར་གཏོང༌།། ཁྲ་དང་འུག་པའི་བསམ་ཚུལ་མི་གཅིག་པ།། ལྷན་སྐྱེས་འཇིག་རྟེན་མི་ཡི་གཤིས་ཀ་མཐོང༌།།

འདོད་པའི་བདེ་ལ་སྤྱོད་པའི་ཁྱིམ་པ་དང༌།། འཁོར་བའི་དུག་ཚང་སྤོང་པའི་རབ་བྱུང་གཉིས།། ནུ་རྒྱས་མཛེས་མའི་བཞིན་རས་མཐོང་བ་ན།། ལྷན་སྐྱེས་མི་ཡི་གཤིས་ཀ་གཅིག་ཏུ་མཐོང༌།།

ཨ་མཆོད་ཆོས་འདོན་གནས་མོའི་བུ་མོ་དྲན།། སྦྱིན་བདག་རྒན་མོས་ཨ་མཆོད་འགུག་ཐབས་བྱེད།། ཕན་ཚུན་ཆགས་པའི་ལྕགས་སྒྲོག་མེལ་བའི་འཕྲུལ།། ལྷན་སྐྱེས་འཇིག་རྟེན་མི་ཡི་གཤིས་ཀ་མཐོང༌།།

མཐོན་པོའི་གསེར་ཁྲི་སྟེང་གི་བསྔོ་རྟེན་དང༌།། ཉམ་ཐག་སྤྲང་དབྱུག་ཐོགས་པའི་སློང་ཟས་གཉིས།། མི་གཙང་སྐྱག་པའི་རྫས་སུ་འགྱུར་བ་ལ།། ལྷན་སྐྱེས་འཇིག་རྟེན་འདི་ན་མཉམ་པ་ཉིད།།

རང་གི་གོམས་པའི་སྲོལ་དང་མ་མཐུན་པར།། ས་འཇང་ས་གཟོན་བྱི་བ་རྩྭ་གཟོན་གཉིས།། ལྡོག་མེད་རྩོད་པའི་འཁོར་ལོ་སྐོར་བ་ཡི།། ལྷན་སྐྱེས་འཇིག་རྟེན་མི་ཡི་གཤིས་ཀ་མཐོང༌།།

ཨ་མདོའི་ཇག་པས་འོག་ཏུ་རྟ་ཕོ་ཞོན།། ཁམས་པ་འཆལ་པོས་འོག་ཏུ་གྲི་རིང་ཐོགས།། དབུས་པ་ཆོས་པས་པོ་ཏི་རྒྱབ་ལ་ཁུར།། ལྷན་སྐྱེས་སེམས་ཁམས་བརྟག་ན་ལྕི་ཡང་མཉམ།།

སྐྱིད་སྐྱིད་ཕྱི་ཡི་རྣམ་འགྱུར་དཀར་བ་དང༌།། སྡུག་སྡུག་ནང་གི་ཚོར་སྣང་ནག་པ་གཉིས།། ལུས་དང་དྲི་མ་བཞིན་དུ་འགྲོག་པ་འདི།། ལྷན་སྐྱེས་འཇིག་རྟེན་མི་ཡི་གཤིས་སུ་མཐོང༌།།

སྐྱིད་སྐྱིད་ཕྱི་ཡི་རྣམ་འགྱུར་ཙམ་མ་གཏོགས།། སྐྱིད་རྒྱབ་སྡུག་གི་ཁུར་ཆེན་ཀུན་ལ་སྣང༌།། སྐྱིད་སྡུག་འདམ་པ་འཇལ་བའི་འཇིག་རྟེན་འདི།། སྐྱིད་སྣང་འཆར་བ་རང་སེམས་འཁྲུལ་བའི་གཤིས།།

གཡུལ་སར་འཆི་ཁའི་དཔའ་བོའི་འཛུམ་མདངས་དང༌།། ཆང་སའི་བག་སྟོན་མཛེས་མའི་མིག་ཆུ་གཉིས།། ཡངས་པའི་ཁྲོམ་གསེབ་སྨྱོན་པའི་ཟློས་གར་གསུམ།། བརྟག་ན་སྙིང་པོ་མེད་པའི་གཤིས་ཀ་ཞིག།

སྔར་རྒོལ་རི་ལས་མཐོ་བའི་ང་རྒྱ་ཅན།། ཕྱིར་རྒོལ་མེ་ལས་ཚ་བའི་ཁོང་ཁྲོ་ཅན།། དཔང་པོ་རྫ་ལས་གནག་པའི་གཡོ་ཅན་གསུམ།། དེང་སང་བསྟན་པའི་རུ་ཚོན་རྩེ་ན་རྒྱན།།

གཙུག་ལག་གཞུང་ལུགས་སློབ་པའི་མཁས་པ་དང༌།། མ་སྦྱངས་ཤིང་ཞྭ་གོན་པའི་གནག་རྫི་གཉིས།། མ་བརྟག་མཁས་པ་རྫིག་ཉམས་ཆེ་བ་ལ།། བརྟགས་ཤིང་དཔྱད་ན་སེམས་ཁམས་མཉམ་པ་ཉིད།།

མ་སྦྱངས་གནག་རྫི་བླུན་ཞེས་སྡང་སྡང་ནས།། གཙུག་ལག་གྲུབ་པའི་མཐའ་ལ་སློབ་པ་ན།། སྒྲོ་འདོགས་ཁ་སྤུ་ཇེ་མང་ཇེ་མང་དང༌།། སྐུར་འདེབས་མགོ་སྤུ་ཇེ་ཉུང་ཇེ་ཉུང་གྱུར།།

འབྱོར་མེད་ལྟོ་སྐྱ་གོས་ཧྲུལ་ལྷུར་བླངས་ཏེ།། མི་ཚེ་ཤེས་རབ་སྦྱངས་ནས་རྫོགས་བྱས་པའི།། གྲུབ་མཐའ་མཁན་པོས་རང་བཟོའི་རྫོང་བརྩིགས་ནས།། ཉམ་ཆུང་བླུན་པོ་གཡང་མའི་འགྲོན་ལ་སྐྱེལ།།

ཁ་སྟོང་འབྲུག་ལ་འགྲན་པའི་ལྡིར་སྒྲ་དང༌།། ལག་སྟོང་ཐལ་མོ་གདབ་པའི་སྟངས་སྟབས་ཀྱིས།། སྣང་སྟོང་ཨ་མ་རྒྱང་རིང་སྐྲོད་བྱས་ཏེ།། དོན་སྟོང་ཁེངས་པའི་རི་རྩེར་རྒྱུག་པར་མཐོང༌།།

ཐོས་པའི་མཐའ་རྒྱ་ནམ་མཁའི་མཐོངས་ལྟར་ཡངས།། བསམ་པའི་རིགས་ཚུལ་རྒྱ་མཚོའི་གཏིང་ལྟར་ཟབ།། སྒོམ་པའི་ཉམས་ལེན་རུས་སྦལ་སྤུ་ལྟར་ཕྲ།། དེང་གི་བསྟན་འཛིན་སྐྱེས་བུ་གཤིས་སུ་མཐོང༌།།

རང་སྐྱོན་ཁྱི་ལུད་སྦེད་པའི་སྔ་རྒོལ་དང༌།། རང་བསྟོད་རྔ་ཆེན་རྡུང་བའི་ཕྱི་རྒོལ་གཉིས།། རང་སྐྱོན་མ་བརྟགས་གཞན་སྐྱོན་འཚོལ་བའི་སླད།། རང་བསྟོད་ལྷུར་ལེན་ཁེངས་པའི་རི་རྩེར་རྒྱུག།

ཉལ་པར་འདོད་ན་ཉལ་ནས་གཉིད་པར་གྱིས།། རྒྱུག་པར་འདོད་ན་རྒྱུག་ནས་ཟུག་པར་གྱིས།། གཅིག་གིས་འདོད་པ་གཅིག་ལ་མ་བབས་ཀྱང༌།། ཁྱི་དང་ཕག་པའི་འཁྲུག་རྩོད་བྱེད་དོན་མེད།།

ཡིན་ལུགས་རིག་པས་ཁད་ཀྱིས་འཚོལ་བ་ཡི།། ལྷན་སྐྱེས་འགྲོ་བ་མི་ཡི་གཤིས་ཀ་དེ།། འཇིག་རྟེན་གྲུ་ག་ཞིག་ནས་མཐོང་བའི་ཚུལ།། མ་འཁྱོག་དྲང་པོའི་ངག་ནས་བརྗོད་པ་ལགས།།

༡༩༩༦།༤།༡༠ ཉིན་བྲིས།


ཞང་པོ་ལ་བསྐུར་བའི་འཕྲིན་ཡིག

ཀ་ན་ར་ནས་བྷོ་པལ་(bopal) སིར་འཚོང་ལ།། ཁ་སང་ཕེབས་པའི་ཨ་ཞང་ནང་མི་ཡིས།། ག་ཐོག་ཕྱག་བྲིས་གནང་བ་འཕྲོད་བྱུང་བས།། ང་རང་བརྗོད་ཐབས་མེད་པའི་ཡིད་སྤྲོ་འཕེལ།།

ཅ་ལག་ཐབ་ཆས་ཉེར་མཁོ་སྣེ་སུན་ལས།། ཆ་ཚང་མི་དགོས་ཀེམ་གྱི་ཁང་པས་འགྲིགས།། ཇ་ཐུག་ཟས་གོས་སྐབས་བབས་དགོས་མཁོ་རྣམས།། ཉ་ཚགས་བྱས་ནས་ག་ལེར་ཡོང་གྲབས་ཡོད།།

ཏ་ལའི་མཛེས་ལྗོངས་ཧུང་སུར་རབ་རྒྱས་གླིང༌།། ཐ་བྲལ་འགྲེལ་བ་བཞི་མགས་གསུང་ཆོས་ཞོར།། ད་ལོར་འོང་ཡང་ཨ་ཞང་ནང་མི་དང༌།། ན་ནིང་ནང་བཞིན་མཇལ་རྒྱུ་མེད་པ་སྐྱོ།།

པ་ལགས་གྲོངས་པའི་ད་ཕྲུག་མགོ་རིལ་ང༌།། ཕར་ཕྱིན་རྒྱུགས་སྤྲོད་རྩེ་ཕུད་ཐོབ་ན་ཡང༌།། བ་མེད་འོ་མའི་བུ་ལོན་གྱུར་བའི་དངུལ།། མ་བསབས་དེ་སྲིད་བློ་གཡེང་ཅི་ཡང་ཆེ།།

ཙཀྲ་གསུམ་གྱི་སྙིང་པོའི་གསུང་ཆོས་སྐབས།། ཚ་བོ་བདག་དང་ད་དུང་ཤག་རོག་འགའ།། ཛ་ཛོར་མང་པོ་མཉམ་དུ་ཡོང་འདོད་མོད།། ཝ་ཝེར་གཅིག་བའི་ངང་དུ་སླེབས་པའང་སྲིད།།

ཞ་གོས་གོན་ཆས་སིར་ཀྲ་འཚོང་པ་ཡིས།། ཟ་འཐུང་ཁོ་ནའི་དོན་དུ་མི་ཚེ་དེ།། འ་རེ་འུ་རེ་ངང་དུ་རྫོགས་གྱུར་ན།། ཡ་མེད་གཤིན་རྗེ་ཁྲིམས་ལ་འགྱོད་པའི་ངོ་།།

ར་ལུགས་ལས་ཀྱང་རྨོངས་པའི་ཚ་བོ་ངས།། ལ་སྟོད་བཀྲ་ཤིས་ངོ་ཐག་མི་ཆད་པས།། ཤ་ཚ་སྙིང་རྗེ་ཅན་གྱིས་ཨ་ཞང་གིས།། ས་རྟགས་ཡོད་པའི་ཕྱག་བྲིས་གཏོང་རོགས་གནང༌།།

ཧ་ཅང་ལྟོ་སྐྱ་གིས་ཧྲུལ་ཡིན་ན་ཡང༌།། ཧ་ཧ་དེ་རིང་སྣང་བ་ཤིན་ཏུ་སྤྲོ།། ཨ་ཞང་འཚོང་ལམ་ཇི་འདྲ་མ་ཤེས་པར།། ཨ་རེ་ཚ་བོ་སྣང་བ་སྤྲོ་འདི་མཚར།།

ཆུང་དུས་སྐྱིད་པའི་རྩེད་ར་ངས་མ་འགྲིམས།། གཞོན་དུས་དགའ་བའི་ཆུང་མ་ངས་མ་བསུས།། རྒས་དུས་དགོས་པའི་རྒྱུ་ནོར་ངས་མ་བསགས།། ཤི་དུས་ཕན་པའི་ཆོས་མེད་ཨ་ཕོ་ང༌།།

བརྩེ་སེམས་གཅིག་ཏུ་ཕན་ཚུན་དཀར་བ་ཡི།། ཨ་ཞང་གཉིས་དང་ཨ་ལྕག་མི་བཞུགས་པས།། འདུ་ཤེས་གསུམ་པ་ད་ཕྲུག་མགོ་རིལ་ང༌།། བདེན་བཞིའི་ཆོས་ཚུལ་ཤེས་ཀྱང་ཅི་ལ་སྐྱིད།།

སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདི།། སྐྱིད་གཏམ་ཁ་ནས་འཕྱོ་ར་འདོན་ན་ཡང༌།། སྐྱིད་མེད་སྡུག་རྟགས་ཁོག་ནས་ཤར་བ་ཡི།། སྐྱིད་སྡུག་སྒྱུ་མའི་གར་སྟེགས་འདི་རེ་སྐྱོ།།

སྡེབ་སྦྱོར་སྨྲ་ལ་འཇིགས་པ་མེད་པ་དང༌།། སྙན་ཚིག་མཁས་པའི་དབང་ལས་རྒྱལ་ན་ཡང༌།། མི་རྟག་འཁོར་བའི་ཚུལ་ལ་མི་འཇིགས་མེད།། འཆི་བདག་དབང་ལས་མི་རྒྱལ་ང་རེ་སྐྱོ།།

༡༩༩༣/༡/༡༥ ཆུ་ཚོད་ ༢༣ དང་ཕྱེད་ལ་འབྲས་སྤུངས་སུ་བྲིས།

རམ་འདེགས།

སློབ་མ་ L.J ལ་གདམས་པའི་ལན་ཚན་ཞིག

བློ་གསལ་གཙུག་ལག་གི་རྫིང་བུར།། སྙན་སྒྲོག་ངང་མོ་ཞིག་འཁོར་འདུག། དུས་རབས་གཞས་ཚིག་གི་གླུ་དབྱངས།། མཚོ་བྱུང་མགྲིན་པ་ལ་ཐིམ་སོང༌།།

ངང་མོའི་གཤོག་འགྱུར་གྱི་རླབས་སྒྲ།། པདྨོའི་རྫིང་བུ་ནས་ཐོས་པས།། ཕུགས་རྫིའི་གླིང་བུ་ཡི་ཤུར་གས།། རམ་འདེགས་བྱེད་པ་དང་འདྲ་བྱུང༌།།

དུས་རབས་ཉི་ཤུ་པའི་མཇུག་ལ།། སྐྲ་སེར་སྤྲེལ་སྐད་ཀྱི་གསེབ་ནས།། གངས་སེང་དཀར་མོ་ཡི་གད་རྒྱང༌།། གངས་རིའི་གསུབ་ཀ་ནས་ཐོས་བྱུང༌།།

སྙིང་གི་ཁང་བཟང་ནས་ཤོར་བའི།། སེམས་ཀྱི་རྟ་ཕོ་ཡི་མཆོང་ལྡིང༌།། རྒྱ་ཆེན་ཤེས་བྱ་ཡི་བྱང་ཐང༌།། གོམ་འགྲོས་སྙན་ངག་ལ་ཐིམ་སོང༌།།

སྙན་ཚིག་རྒྱ་མཚོ་ཡི་རྦ་རླབས།། དྭངས་གཙང་ནམ་མཁའ་ལ་ཕྱུར་སོང༌།། བློ་གསལ་དོན་གཉེར་གྱི་ཞིང་སར།། རློན་པའི་འཛུམ་མདངས་ཤིག་བསྟན་སོང༌།།

ཀ་ཡེ་ཟོ་བཟང་གི་སློབ་མ།། ལྷོ་མཐའི་ཚ་བ་ཡི་ནང་ནས།། མཐོ་སྒང་གངས་སེང་གི་གཡུ་རལ།། སྨྱུ་གུའི་རྩེ་མོ་ནས་སིགས་དང༌།།

དགེ་ཆོས་ཨ་རག་གིས་བཟི་གཏམ།། གངས་དཀར་ལྷ་མོ་ཡི་རུམ་ནས།། བེ་རི་སྨྱོན་པ་ཡིས་བླངས་ནས།། གངས་ཕྲུག་ཁྱོད་ཉིད་ལ་བསྟན་ཆོག

༡༩༩༦/༢/༣ ཉིན་བེ་རི་སྨྱོན་པས་བྲིས།


ཕལ་གཏམ་སྨྱོན་པའི་བླ་བརྡོལ།

དུས་ཀྱི་སྨག་རུམ་འཐུག་པོའི་ཀློང༌།། གློག་གི་བུ་མོས་ཟློས་གར་རྩེན།། སྨད་ཚིག་སྒྲ་བརྒྱ་དགོད་པ་ལས།། རྣ་བའི་བུ་མོ་འཐོར་ལ་ཁད།།

འོན་ཀྱང་སྒྲོ་བཀུར་མྱ་ངན་ཐང༌།། འཁྱོག་བརྗོད་ཤོག་བུའི་གྲོང་ཁྱེར་ན།། གསལ་འདེབས་སྲིན་བུའི་ཕང་མེ་འདི།། ཁྲོས་ནས་འཕངས་པ་མ་ལགས་སོ།།

ཉམ་ཆུང་མགོ་ཐོག་རྫིས་པ་ཡི།། ཁྱད་གསོད་རྐང་པའི་ཐལ་རྡུལ་ཚོགས།། མིག་ལ་གཟན་པས་མ་བཟོད་དེ།། སྡུག་སྐད་ཡི་གེའི་གཟུགས་སུ་སྤེལ།།

དམན་པའི་འདོད་ཆུང་ཆོག་ཤེས་དང༌།། གཞན་དོན་ཆོས་བཤད་སློབ་ཁྲིད་དང༌།། རང་དོན་ཚོགས་ཆོས་སློབ་གཉེར་ལ།། ཉིན་མཚན་ཀུན་ཏུ་བརྩོན་པའི་བུར།།

ཡི་རང་དགའ་བའི་མེ་ཏོག་དང༌།། བསྔགས་བརྗོད་རོལ་མོ་མི་འཁྲོལ་ཡང༌།། སྨད་ཚིག་ཤ་ཟའི་ལྐོག་མདའ་དང༌།། ཁྲེལ་རྒོད་ཆོ་འཕྲུལ་ངོམས་དོན་ཅི།།

གལ་ཏེ་བདག་ལ་མ་དགའ་ན།། ཞེ་སྡང་སྤྲིན་ནག་འཁྲིགས་པའི་ཀློང༌།། ཕྲག་དོག་གློག་དམར་འཚུབས་བྱས་ཏེ།། བྲང་ཁོག་དབྱར་རྔ་རྡུང་བར་གྱིས།།

སྡུག་སྐད་ཁྱི་རྒན་ངུ་བ་ལས།། མིག་ཆུའི་དྲག་ཆར་འབེབས་བྱས་ཏེ།། སེམས་ཁྲལ་ཆུ་ལོག་རྒྱུག་པར་གྱིས།། བེ་རི་སྨྱོན་པས་དགའ་བསུ་ཡོད།།

གཞན་ལ་མཚང་འབྲུ་བྱེད་འདོད་ན།། དང་པོར་རང་ལ་བརྟག་པར་གྱིས།། ཁྭ་ཏས་རྨ་བྱ་འཕྱ་བའི་གཏམ།། སྙན་པོ་ཡོད་ན་དེ་བཞིན་གྱིས།།

ས་འོག་གསེར་གྱི་གཏེར་ཁའི་འོད།། ནམ་མཁའ་ངོས་ལ་འཕོས་པ་ན།། ད་དུང་ར་གན་སྒྲོག་བྱེད་པ།། རང་ཉིད་བླུན་པའི་དོན་རྟགས་ཡིན།།

འཆད་རྩོད་རྩོམ་པ་ལྟ་ཅི་ཞིག། སྒྲོལ་མ་ཙམ་ཡང་མི་ཤེས་པས།། གཞན་ལ་སྨད་པའི་ཀྱོ་བ་དེས།། རང་གི་མགུལ་ནས་འཆིང་བར་གྱིས།།

གལ་ཏེ་ལགས་དང་ལེགས་སོ་ཞེས།། མགོ་སྒུར་གཟེར་མཇུག་ཁུར་བྱས་ན།། ཁྱོད་ཞལ་གསེར་གྱི་སྒོ་མོ་ལས།། བསྔགས་བརྗོད་རོལ་མོ་ཉོ་ནུས་མོད།།

སྤྲེལ་ལོད་ཞུམ་པའི་རྟུལ་ཞུགས་ལ།། སྐྱེས་སྦྱངས་གོམས་པ་མེད་པའི་ཕྱིར།། སྤུ་མེད་པ་ཡི་ལུག་རྒན་མདུན།། མིག་བཙུམ་ཐལ་སྦྱར་ངས་མི་ཤེས།།

ཐུག་སྐམ་རིག་པའི་ར་ལྤགས་དང༌།། གཙུག་ལག་ཤེས་བྱའི་ཚ་རུ་གཉིས།། བཟང་ངན་གོ་ལྡོག་བྱེད་འདོད་ན།། ཚངས་ཆེན་མཉེས་པའི་ཆོ་ག་སྒྲུབས།།

ཁ་དོག་དཀར་དམར་རིགས་ལམ་ཅི།། ཆོ་ག་ཕྱག་ལེན་ཙམ་མི་ཤེས།། མགོ་ཟླུམ་གྲྭ་བའི་གཟུགས་བརྙན་ལ།། སྨད་ན་འོས་ཤིང་འཚམས་པ་ཡིན།།

གཞན་སྐྱོན་ཁབ་གྱིས་འཚོལ་བ་དང༌།། རང་སྐྱོན་རི་བོ་འགེབས་པ་དེ།། སྐྱེ་བོ་དམ་པའི་ལུགས་སྲོལ་མིན།། དེ་སླད་ཁྱོད་ཀྱིས་འོས་ཤིང་འཚམས།།

འདམ་ཁྲོད་ལྷུང་བའི་སྦལ་བ་ཡིས།། ངང་པའི་རྐང་པ་འཕྱ་བའི་གཏམ།། ཤོག་ཐོག་ལེགས་པར་བྲིས་བྱས་ཏེ།། གདམས་ངག་དྲན་རྟེན་སྐེ་ལ་ཐོགས།།

ཚིག་རྒྱན་འཁྱོག་པོའི་གནས་རུ་ལས།། དམ་བཅའ་གསུམ་ལྡན་ཉག་ཕྲན་འདི།། དྲང་སྲོང་དགྱེས་པའི་ངག་ལམ་ནས།། མགྲིན་བཅུའི་སྲོག་གི་གཤེད་དུ་འཕངས།།

སྤྱི་ལོ་༡༩༩༦།༤།༡༡ ཉིན།



བརྩེ་བའི་རེ་སྒུག

གཅིག ཀྱག་ཀྱོག་གི་ལམ་འཕྲང་དོགས་པོ་ཞིག་ནས། དུས་འགྱུར་གྱི་རླུང་འཚུབས་ཤིག་ལངས་པའི་ནང༌། སྟོན་མཇུག་གི་ལོ་མ་མང་པོ་ཞིག་དང་མཉམ་དུ། ང་ཡང༌། རྒྱུས་མེད་ཀྱི་མི་ཡུལ། ཆ་མེད་དུ་འཁྱམས་དགོས་བྱུང༌། རྒྱང་རིང་ནས་ངས། ལོ་རྒྱུས་ཀྱི་ཤེལ་སྒོར། འདས་དུས་ཀྱི་མཛའ་བརྩེ། སྙིང་དམར་པོའི་ཐིག་ལེ། ཁྱེདཁྱེད། རེད་ཡ། དར་མདོའི་མཐོ་སློབ་ཀྱི་སྐྱེད་ཚལ་དུ། ལན་གཅིག་མིན་པར། རྡོ་བ་ལ་བཀོད་པའི་རི་མོ། སེམས་སྟེང་དུ་བླངས་པ། ཐོ་བས་མི་ཆག་ཐལ་བས་མ་སྒྲིབ་པར། འདས་པའི་བྱུང་རིམ་གྱི་མེ་ལོང་ནང་དུ། དྲན་པའི་བུ་ཆུང་གིས་ཕྱི་མིག་གཅིག་ལྟོས་པས། ཉི་འོད་ལས་གསལ་བཟླ་འོད་ལས་དཀར་བ། ཁྲ་ལམ་མེརདྭངས་འཁྱིལ་ལེ། རེད་ཡ། མ་རྒད་ཞུན་མའི་ཚོན་རིས་ཀྱིས་འཁྱུད་པའི། ཡངས་པའི་སློབ་གྲྭའི་རྩེད་ཐང་གི་རྒྱབ་ཏུ། གངས་རྒྱུན་ལྷུང་ལྷུང་དུ་འབབ་པའི་ཆུ་འགྲམ། གཡུ་ལོའི་དྲ་བ་འཕྱང་པའི་ལྗོན་ཤིང་གི་གསེབ་ཏུ། ཁྱེད་ཀྱིས། མེ་ལོང་མའི་སྦྱར་རྒྱན་དང༌། སྤྲིན་གྱི་ཕོ་ཉ། ད་དུང༌། བུང་བའི་གླུ་དབྱངས་དང་འགྲོཊ་པའི་དྲི་ཚིག་འགའ་ལ། ངས། མང་རྩིའི་ཕོན་པོ་སྨིན་པའི་སྐྱེས་བཟང་གི་ལན་རེ་བྱིན་པས། གཞི་ནས། ཁྱེད་ཀྱིས། གནག་ཅིང་སྣུམ་པའི་སྨིན་འཁྱོག་གི་གནམ་རུའི་རྒྱུད་ནས། ཟུར་གྱིས་གཡོ་བའི་འདྲེན་བྱེད་ཀྱི་ཉག་ཕྲན། ཐེར་ཟུག་ཏུ་ང་ལ། ཆེས་ཐོག་མར་འཕེན་པ་ཞིག་མ་རེད་དམ། བརྩེ་དུང་གི་འཆིང་ཞགས་དང༌། བྲལ་གདུང་གི་ནད་གཞི་ཡང༌། དེ་ནས། མགོ་འཛུགས་པ་ཞིག་མ་རེད་དམ། དུས་དེ་ནས་བཟུང། མཛའ་འཐུན་གྱི་གཏམ་གླེང༌། བརྩེ་དུང་གི་ཡིག་འཕྲིན། གཟའ་འཁོར་གྱི་གུང་སེང་དུ། སྔོ་ལྗང་གི་དགའ་ཚལ་དུ། དལ་དལ་གྱིས་མཉམ་བགྲོད། མཛེས་སྡུག་གི་སྤྲོ་ཁང་དུ། ལྷན་འཛོམས་ཀྱིས་སྨྲ་རྗོད། དྭངས་བསིལ་གྱི་མངར་པོའི་ཆང་རག་སྙིང་དབུས་ཀྱི་གསང་ཚིག་དང་སྤག་སྟེ། ང་གཉིས་ལྷོད་ལྷོད། འོ་ཆུ་གཅིག་འདྲེས། གཅིག་སེམས་གཅིག་ཐིམས་་་་༌། གཉིས། ཀྱེ་མ། བརྩེ་བ། བརྩེ་བ་ཡ། བརྩེ་བ་ནི་བརྩེ་གདུང་དང༌། བརྩེ་གདུང་ནི་བྲལ་གདུང༌། བྲལ་གདུང་ནི་སྐྱོ་གདུང་དུ་གྱུར། འདི་ནི། འཇིག་རྟེན་གྱི་ཆོས་ཉིད་ཅེས་རྗོད་ཀྱང༌། ལས་འབྲས་ཀྱི་སྐལ་བཞག་ཅིག་ཡིན་སྲིད། ཡིན་ན་ཡང༌། སྟོན་དུས་ཀྱི་ཟླ་བ། ཆུ་ལྷའི་ཕང་དུ་ལྷུང་བའི་རྗེས། སླར་ཡང༌། ཤར་རི་ནས་འཐོན་པ་དེ་ཡང༌། འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་པར་མ་ཟད། ལས་འབྲས་ཀྱི་སྐལ་བཟང་ཞིག་ཀྱང་ཡིན་སྲིད། སོམས་དང༌། འཇིག་རྟེན་འདིའི་མདུན་ལམ་ཐོག་ཁྱེད་དང་ང་༌། འོན་ཏེ། འདུས་བྱས་ནི་རྟག་པ་ཞིག་ག་ལ་ཡིན། ལྟོས་དང༌། དབྱར་དུས་ཀྱི་གནམ་གཤིས། སྟོན་མཇུག་གི་མེ་ཏོག བར་སྣང་གི་འཇའ་ཚོན། ད་དུང།་༌། གསོན་དང༌། དུས་རྟགས་ཀྱི་ས་ཚུགས་ཤིག་ནས། ཁུ་བྱུག་གི་གསུང་སྙན་ལྷང་ལྷང༌། རྒྱ་ལྕང་གི་ལོ་འདབ་ལྡེམ་ལྡེམ། གངས་རྒྱུན་གྱི་འབབ་སྒྲ་ལྷུང་ལྷུང༌། དེ་དུས་ང་གཉིས། རང་ཡུལ་གྱི་མཛེས་ལྗོངས་སུ། དཔུང་པ་མཉམ་དུ་གཤིབ། རང་དབང་གི་ལམ་ཆེན་ཐོག་ཏུ། གོམ་པ་མཉམ་དུ་སྤོ། མཛེས་པའི་ལུས་དང་ལུས། བརྩེ་བའི་སེམས་དང་སེམས། ཞིམ་པའི་འཆུ་དང་འཆུ། ཕན་ཚུན། ཨེ་མ། དགའ་སྤྲོ་སྤྲོ། སེམས་སྐྱིད་སྐྱིད། འདི་ནི། ཡོང་མི་སྲིད་པ་ཞིག་མ་རེད་ལ། མི་ཡོང་བ་ཞིག་ཀྱང་ག་ལ་ཡིན། མགྱོགས་པ།་་ ཅིས་ཀྱང་མགྱོགས་པ། དེ་ནི་ངས། རྣམ་ཀུན་སྒུག་པའི་རེ་བ་ཞིག་ཡིན་ལ། ཁྱེད་ཀྱིས་ཀྱང། ཅིས་ཀྱང་ཡིན་སྲིད།

ཁྲུས་ལ་རོལ་བའི་ན་ཆུང་མ། ཀ༽ ལྗང་མདོག་གི་ལོ་མ་བཀྲ་བའི། མཛེས་སྡུག་གི་ལྕང་གླིང་གསེབ། ཁྲ་ལྷམ་ལྷམ་གྱི་ལྡུམ་རའི་འགྲམ་དུ། དྭངས་གཙང་གི་ཁྲུས་ཀྱི་རྫིང་བུ་ཞིག གནམ་སྔོན་བཞུས་པའི་ཁུ་བ་དང་འདྲ་ཞིང༌། བཻཌཱུ¿་ཡི་མེ་ལོང་དང་མཚུངས་པ། ཨེ་མ། དེ་ན། ཁྲུས་ལ་རོལ་བའི་ན་ཆུང་མ། གནག་སྣུམ་གྱི་སྐྲ་ཡི་ལན་བུར། ཆུ་ངོས་སུ་ནག་ཡོམ་ཡོམ། མཛེས་སྡུག་གི་བཞིན་རས་གྱེན་དུ་བཏེགས་ཏེ། གནམ་མཐོངས་ཀྱི་ཟླ་བ་ལ་འགྲན་པའམ། ཡང་ན་་༌། ཆུ་རླབས་ཀྱིས་ལིང་ལིང་དུ་གཡོ་བའི། དཀར་ཟླུམ་གྱི་ནུ་འབུར་ཟུང༌། པདྨའི་མཚོ་ལ་རྩེན་པའི། ངང་མོ་ཟུང་ཞིག་དང་འདྲ་བ།

 	ལྷོ་ཡི་རླུང་གིས་དལ་དལ་དུ་བསྒུལ་བའི། པདྨའི་འདབ་མ་ལྟར། 		དཀར་ལ། མཛེས་པ། གསལ་བ།

མཉེན་ཞིང་ལྕུག་ལ། འཇམ་ཞིང་དཀར་བའི། ཕྱག་ཟུང་གིས། གནག་ཅིང་སྣུམ་པའི་སྐྲ་དང༌། རབ་རྒྱས་ཀྱི་ནུ་འབུར། བྱིལ་བྱིལ་དུ་བྱབས་ཁྲུས་བྱེད། ཁ༽ ཁོ་བོ་ནི། མཛེས་མ་ལ་ངོ་ཚ། ཟླ་འོད་ལ་ཞེ་ཁྲེལ། ངས། ཡལ་འདབ་ཀྱི་གྲིབ་གཟུགས་གོས་སུ་གྱོན། དཔུང་པའི་གྲུ་མོ་ཤིང་སྡོང་ལ་བསྙེས། གཡོ་མེད་ཀྱི་ཏིང་འཛིན། མིང་ཟུང་ལ་ཞུགས་ཏེ། སྨིན་མ་སྐྱོད་པའི་བྱིངས་བགེགས་མེད་པར། རྩེ་གཅིག་ཏུ་་༌། བསམ་གྱིན་བསམ་གྱིན། ཨེ་མ། ང་ནི། སྙིང་ཁམས་ཅན་ཞིག་མ་རེད་དམ། ག༽ རླུང་སིལ་གྱིས་བསྐུལ་བས་ཤིང་ལོས། ངའི་མགོ་ལ་བྱིལ་བྱིལ་བྱས། ད་གཟོད་ང༌། ཏིང་འཛིན་གྱི་མལ་ལས་ལྡང༌། གམ་སྟབས་ཀྱི་ཁ་ལོ་རང་སྤྱིལ་དུ་བསྒྱུར། བསིལ་རླུང་གིས་རྒྱབ་ནས་བསྐྱེལ། དུས་སྒྲིགས་ཀྱིས་མདུན་ནས་བསུས། རྫ་མའི་སྤྱིལ་བུའི་ནང་དུ། ཤིང་གི་མལ་ཁྲིའི་སྒང༌། སླར་ཡང།་༌། ཀྱེ་མ། ང་ནི།་ ཅི་འདྲའི་སྙིང་ཁམས་ཆུང་བ་ཞིག་མ་རེད་དམ།



གང་གི་བཞིན་རས་སྟོན་ཀའི་ཟླ་བ་ལ།། འཁྲུལ་ནས་ཀུན་དའི་འདབ་མའི་ཤམ་བུ་སྟོང༌། དཀྲོལ་ཏེ་སྲེད་པའི་རྣམ་འགྱུར་གསལ་བྱེད་ན།། ཆགས་ལྡན་སྐྱེ་བོ་ཅི་ཕྱིར་བརྐམ་མི་འགྱུར།




གངས་ཆུའི་རང་སྒྲ།

མཐོ་སྒང་གི་གངས་རི་ལས། གངས་ཆུ་ཞུན་མའི་རྒྱུན་ང༌། ཤག་ཤག་ཏུ་ཐུར་ནས་ཐུར་དུ་རྒྱུགས། ཨེ་མ། འཇིག་རྟེན་གྱི་ཁམས། མཛེས་ལྗོངས་ཀྱི་ཡུལ། འདི་ནི། འཛམ་གླིང་གི་ཡང་ཐོག་སྟེ། ང་ཡི་སྐྱེ་ཡུལ་བསིལ་ལྡན་གྱི་ལྗོངས་ཉིད་དོ། ངས་འབབས་སྒྲས་ལྷུང་ལྷུང་དུ་གླུ་ཆུང་ལེན་ཞིང༌། ཆུ་འགྲམ་གྱི་མེ་ཏོག་རྣམས་རྐང་རེ་རེ་བཞིན་འཐུས། མཐོ་སྒང་ནས་རླབས་ཕྲེང་གི་གོམ་པ་གང་རེ་གང་རེར་སྤོས་ཏེ། རྒྱུས་མེད་ཀྱི་ཡུལ་ལྗོངས་ཤིག་ཏུ། ཆ་མེད་དུ་སླེབས། ཨོ།་ འདི་ནི་ངའི་སྐྱེས་ཡུལ། ངའི་མ་མའི་ཕང་བ་མ་རེད། མ་རེད་ཡ། ང་ནི་ཞུམ་སྟེ་སྒྲ་མེད་ཀྱི་རྣམ་འགྱུར་བཟུང་ནས། སྨིན་མ་བསྐྱོད་དེ་ཟུར་མིག་གིས་བལྟས། ང་རང་དང་སྐྱེས་ཡུལ་གཅིག་པའི་ཉམས་ཆུང་འགའ་ཞིག་ཀྱང༌། རྒྱུས་མེད་ཀྱི་འཇིག་རྟེན་དེ་ན། ང་རང་བཞིན་མགོ་འཕང་དམོད་ཅིང་འགྲོ་བ་མཐོང༌། ད་གཟོད་ངའི་སྙིང་ཁོངས་ནས་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་ཤར། ང་རང་མཐོ་སྒང་ལ་བསམ་ནས།

 མགྱོགས་པར་རྒྱ་མཚོ་ལ་རྒྱུག 
  དུས་འགྱུར་གྱི་སྤྲིན་གླང་ཞིག་ཞོན་ནས།
   སླར་ཡང༌། མཐོ་སྒང་གི་འཇིགས་རྟེན་ན།

ལྷིང་འཇགས་ཀྱི་གངས་རིའི་སིལ་དུ། ཞི་བའི་བསྟི་གནས་ཤིག་བཅའ་ཐུབ་པའི་རེ་བ་དང་ཡིད་འཆེས་ཡོད།




ཁ་བ་ལ་ཕུལ་བའི་སྐྱོ་གླུ།

བསིལ་ལྡན་གྱི་ཁ་བས་སྐོར་བའི།

མཐོ་སྒང་གི་གངས་རིའི་ལྗོངས་ནས།
 རྩལ་ལྡན་གྱི་སེང་ཕྲུག་ཁྱུ་གཅིག
  མཆོང་ལྡིང་གིས་ལྷོ་མཐར་རུ་བསླེབས།
   མུན་ནག་གི་ལོ་རྒྱུས་ནང༌།

མུན་ནག་གི་གོམ་འགྲོས།

 ཀྱེ་མ། གངས་རི་ཡ། གངས་རི།
  ཁྱོད་ནི་ང་ཚོའི་ལོ་རྒྱུས་ཀྱི་བདེན་དཔང་སྟེ།

ང་ཚོའི་ཕ་མེས་ཀྱི་ཁང་ཁྱིམ་ཡང་ཁྱོད་ཉིད་ལགས། ང་ཚོའི་གཟུགས་པོ་ལྷོ་མཐའི་ཚ་བའི་ནང་ཡོད་ཀྱང༌། ང་ཚོའི་སྙིང་ཁམས་ནི་ཧི་མ་ལ་ཡའི་གངས་རྒྱུན་གྱིས་གསོས་ཡོད། གངས་རི་ཡ། གངས་རི། ཁྱོད་ཀྱི་མཐོ་ཚད་དེས་ང་ཚོའི་རེ་བ་མཚོན་ཡོད་ལ། ཁྱོད་ཀྱི་རྔམས་འགྱིངས་ཀྱིས་ང་ཚོའི་དྲང་བདེན་མཚོན་ཡོད་ལ། ཁྱོད་ཀྱི་གངས་རྒྱུན་གྱིས་ང་ཚོའི་ཕུག་བསམ་མཚོན་ཡོད། གངས་རི་ཡ། གངས་རི། ཆེས་མུན་ནག་གི་ནམ་ཟླའི་ཁྲོད་དུ། ཁྱོད་ཀྱི་ཕང་པ་ནས་གོམ་པ་རེ་རེ་བཞིན། རྒྱུས་མེད་ཀྱི་མི་ཡུལ་ལ་སྤོས། འོན་ཀྱང༌། ཀྱག་ཀྱོག་གི་ལམ་མཐར། བདེ་ཐང་དང༌། མུན་ནག་གི་ནམ་མཇུག་སྐྱ་རེངས་ཀྱི་འཛུམ་དཀར། ཅིས་ཀྱང་ཤར་ངེས། གངས་རི་ཡ། གངས་རི། ་དེའི་ཕྱིར། ང་ཚོའི་རེ་བ་ནི་ཁྱོད་ཉིད་དེ། ང་ཚོའི་ཕུག་བསམ་ཡང་ཁྱོད་ཉིད་ཡིན་ལ། ང་ཚོའི་ལ་རྒྱ་ཡང་ཁྱོད་ཉིད་གཅིག་པུ་ལགས།


འཇོལ་མོ། མུན་ནག་གི་ནམ་ཟླའི་ཁྲོད་ནས། སྨྱུག་ཐོགས་པ་ཞིག་གིས་ཤོར་བའི་ཡིད་སྨོན།

མང་ཆར་ཟིལ་མས་ནོར་འཛིན་བུ་མོའི་བཞིན་རས་བཀྲུས།། འཇའ་ཚོན་སྣ་ལྔས་ཀུན་གསལ་བུ་མོའི་སྐ་རགས་བཅིངས།། ནེམ་མདངས་འཛིན་པའི་ལྗང་ལོ་རླུང་གིས་ལྡེམ་ལྡེམ་གཡོ།། ཡིད་ཀྱི་བརྟན་པ་དབང་མེད་འཕྲོག་པའི་ལྕང་གླིང་དེར།། སྙན་འགྱུར་མགྲིན་པའི་གླུ་དབྱངས་ལེན་ཞིང༌། འཁྱུག་འགྲོའི་འཕུར་ལྡིང་གར་དུ་རྩེན་པའི།། བྱེའུ་ཆུང་འཇོལ་མོ་ཞིག དལ་བུར་དལ་བུར་བར་སྣང་དབྱིངས་སུ་འཕུར་ལྡིང་རྩེན།། ལྷང་ལྷང་མགྲིན་པའི་གླིང་བུ་རྣ་བའི་དཔྱིད་དུ་སྦྱིན།། ཨེ་མ། ཁྱོད་ནི་ཇི་འདྲའི་སྙན་ཞིང༌། ཇི་འདྲའི་མཛེས་པ་ལ་ཨང༌། གལ་ཏེ་ང་ཡང་བྱེའུ་ཆུང་འཇོལ་མོ་ཞིག་ཡིན་ན། ཁྱོད་དང་མཉམ་དུ། དུས་རབས་གསར་པའི་གྲུ་བཞིའི་ལྕང་གླིང་གི་ནང་དུ། ཤེས་བྱའི་སྐྱེད་ཚལ་གྱི་ཁྲོད་དུ། ཚན་རིག་གི་ལྡུམ་རྭའི་ཀླད་དུ། སྐྱེས་སྦྱངས་ཀྱི་གཤོག་འགྱུར་རྩེན་ཞིང༌། རིག་གཞུང་གི་དྲུག་འགྱུར་སྙན་པོས། ཤིས་བརྗོད་ཀྱི་གླུ་དབྱངས་ཤིག་ལོས་ལེན། ཀྱེ་ཀྱེ། བྱེའུ་ཆུང་འཇོལ་མོ་ལགས། ཁྱོད་ཀྱི་སྙན་ཞིང་འཇེབས་པའི་དབྱངས་ཀྱི་འགྱུར་ཁུག་རེ་རེས།

དུས་རབས་གསར་པའི་མདུན་ལམ་སྔུན་དུ་གསུ་བའི་དུང་བརྡ་གཏོང་ཞིང༌། 	  ཁྱོད་ཀྱི་མཛེས་ཤིང་སྡུག་པའི་བ་སྤུའི་ཉག་མ་རེ་རེས།
  དུས་རབས་གསར་པའི་ཤེས་བྱའི་རྣམ་གྲངས་གསལ་ཏེ།
   ཁྱོད་ཀྱི་མཉེན་ཞིང་འཁྱུག་པའི་ལྡིང་སྐོར་རེ་རེས།

བཟོ་རྩལ་དང་ཚན་རིག་གི་གྲོང་ཁྱེར་ལ་སྐུལ་འདེད་བྱེད། ད་དུང་་༌། དུས་རབས་འདིའི་ཡོད་ཚད་ནས་ཡོད་ཚད། ཨེ་མ། ཁྱོད་ནི་ཅི་འདྲའི་མཛེས་ཤིང༌། ཅི་འདྲའི་སྙན་པ་ལ་ཨང༌། གསན་བྱུང་ངམ ཀ་ཡེ རང་དབང་དང་དམངས་གཙོའི་རྒྱལ་ཁམས་ན་ཡོད་པའི། དུས་རབས་གསར་པའི་གཞོན་སྐྱེས་ཀྱི་བྱེའུ་འཇོལ་མོ་ལགས།

     "མུན་ནག་གི་ནམ་ཟླའི་ཁྲོད་ན་སྨྱུག་ཐོཊ་པ་ཞིག་གི་རེ་གདུང་གི་ཡིད་སྨོན་འདི"། 


༡༩༩༥།༦།༧ ལ་བྲིས།



དྲན་པའི་གསང་འཕྲིན། གཞོན་ནུ་མ་ཞིག་ལ་ཕུལ་བ།

མུན་ནག་གིས་མུན་ནག་ལ་མཐུད་པའི། སྟོན་དུས་ཀྱི་སྨག་རུམ་ནང༌། སྨེང་སེམས་ཀྱིས་ལྕི་བའི་ང་སྟེ། མཚན་རྒྱུ་ཡི་སྨྱོན་པ། ངས་ཉི་འོད་ཀྱིས་བཏང་པའི་མཚན་ལྗོངས་རེ་རེར། ཁྱོད་ཁོ་ནའི་རྣམ་ཤེས་དང༌། ཁྱོད་ཁོ་ནའི་ཚེ་སྲོག་འཚོལ་བའི་དོན་དུ། ངའི་སྙིང་ཁམས་ནས་འཕོས་པའི་ཟུངས་ཁྲག་གཏའ་མ་ལ་འཇོག་སྟེ། སྟོན་སྐར་གྱི་ཟེར་ཐག་ལ་འཁྱུད་ནས། མཆོང་ལྡིང་གིས་བར་སྣང་ལ་འཕག ཡོད་ཚད་སྙིང་པོ་ལ་ཐིམ་པའི་གསེར་མདོག་གི་སྟོན་ལྗོངས་དེར། ས་ལ་བསྙིལ་པའི་གསེར་མདོག་གི་ལྗང་ལོ་རེ་རེར། ངའི་བརྩེ་སེམས་ཀྱི་ཟུངས་ཁྲག་རེ་རེས་འཁྱུད་དེ། ཁྱོད་ཀྱི་ཞབས་རྗེས་འཚོལ་བའི་ཆེད་དུ། བསེར་བུའི་འགྲོས་དང་བསྟུན་ནས་གང་སར་རྒྱུ། ཀ་ཡེ། ངོས་གཉིས་ཀྱི་རེ་བ་ལས་སྨིན་པའི་གསེར་མདོག་གི་སྟོན་ལྗོངས་ལག་ མཐིལ་དུ་ལྷུང་པའི་ཉིན་མོ་དེ་ནས། ཟླུམ་གཟུགས་སུ་འཁྱིལ་པའི་གོ་ལའི་ངོས། མཆོང་ལྡིང་གི་ཟློས་གར་འཁྲབ་ཐེངས་གཅིག་གིས། སྤྲིན་དཀར་གྱི་སྒོ་གླེགས་ཕྱེས་ཏེ། འཇའ་ཚོན་གྱི་རྐས་འཛེགས་རྒྱུད་ནས། ལས་དབང་གི་ལྷ་ལ་གུས་ཕྱག་ཞིག་ཕུལ་ཏེ། མདུན་ལམ་གྱི་སྟེགས་བུ་ལྷ་ཡུལ་ལ་སྙེགས། གསོན་གྲབས་བཞག་ནས་འཆི་ལམ་གྱི་ཞིང་ཁམས་ལ་བསྐྱོད་ན། ཀ་ཡེ།མཛེས་སྡུག་གི་ལྷ་མོ་སྟེ། ཟླ་བ་སྒྲོན་མ་ལགས། རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་ཉེ་འགྲམ་དུ་ ༡༩༩༥༡༠༡༦ ཉིན་ལ་བྲིས།

དུང་དཀར་པོའི་དཀར་ཡོལ་ཡུ་རིང་འདི།། ཕྱི་ཡག་ལེ་བཀྲ་ཤིས་རྟགས་བརྒྱད་རེད།། ནང་ཡག་ལེ་ཇ་དང་འོ་མ་རེད།། རོགས་ཆུང་གྲོགས་ཁྱོད་ཀྱིས་བཞེས་རོགས་གྱིས།།




མཚན་ལྗོངས། གཅིག ཟླ་བ་མེད་པའི་མཚན་མོ་རེ་རེར། ངས་ཁྱོད་ཀྱི་རྐང་རྗེས་དང༌། ཁྱོད་ཀྱི་ཚེ་སྲོག་འཚོལ་བའི་དོན་དུ། ངས་སྙིང་ཁམས་ཀྱི་ཟུང་ཁྲག་གཏའ་མ་ལ་འཇོག་སྟེ། ལྗི་ཏིག་ཏིག་གི་གོམ་པ་རེ་རེ་བཞིན། ཆ་མི་མཉམ་པའི་ལམ་ཀྱོག་དེར་མདུན་བསྐྱོད་བྱས། ཡོད་ཚད་སྨག་རུམ་གྱིས་བཀབ་པའི་མཚན་ལྗོངས་དེར།

 སྐར་ཆེན་དང་སྐར་ཕྲན་སྤྲིན་ནག་གིས་སྒྲིབ་པའི་འོག་མགོ་འཐོམ་པའི་མཚན་འགྲོས།

གཉིས། ངས་ང་རང་ལ་ཡིད་འཆེས་བརླག ངས་སེམས་ཁོངས་ཀྱི་ལྟད་མོ་དེ་མཐོང་བའི་སླད། ང་རང་རྨི་ལམ་གྱི་ཞིང་ཁམས་ལ་བསྐྱོད། གནས་དེ་ན་ཟླ་བ་དང་སྐར་མའི་འོད་མདངས་གསལ། ང་རང་ལ་མདུན་སྐྱོད་ཀྱི་ལམ་བུ་བསྟན། ཟླ་བའི་དཀར་འོད་ཀྱི་བར་སྲུབས་ནས། ངས། ཁྱོད་ཀྱི་སྐུ་གཟུགས་མཇལ་བྱུང༌། ངས། ཁྱེད་ཀྱི་གསུང་སྐད་ཐོས་བྱུང༌། ངས། ཁྱོད་ཀྱི་ཞལ་རས་དང་མིག་དཀྱུས། མདོར་ན་་༌། ཡོད་ཚད་ནས་ཡོད་ཚད། ངས་མཐོང་བྱུང༌། ངས་་་མཐོང་་་བྱུང༌། མཐོང་་་བྱུང༌། ༡༩༩༥།༡༢།༢༩



གཡུ་བྱུ་རུས་ཕྲ་ཚོམ་བཏབ་པ་ཡི།། གསེར་སེར་པོའི་ཚིགས་ཁེབས་སེར་པོ་འདི།། རོགས་ཁྱོད་ལ་ཕུལ་ན་ལོས་ཆོག་སྟེ།། སྡེ་གཞན་ལ་གཡར་པོ་མ་གནང་རོགས།།


ཨ་གསར། ༼མཐོང་ཐོས་གསར་པ་འགའ་ཞིག་བྱུང་རྗེས།༽

གནམ་མཐོངས་ཀྱི་སྤྲིན་པ། བར་སྣང་གི་འཇའ་ཚོན། ས་གཞི་ཡི་མེ་ཏོག ཨེ་མ།གཟིགས་དང༌། དབྱར་དུས་ཀྱི་གནམ་གཤིས་ནི། ཅི་འདྲའི་མཚར་ཞིང་ཅི་འདྲའི་འགྱུར་བ་ཆེ་བ་ཞིག དེ་བས་ཀྱང་མཚར་བ་ནི། དགུན་དུས་ཚ་བས་གདུང་བའི་ལྷོ་མཐའ། མྱ་ངམ་གྱི་བྱེ་ཐང་ཞིག་ན། ཨ་གསར་གྱི་རླུང་བུ་ལྡང་ཞིང༌། རྟོག་བཟོ་ཡི་བུ་ཡུག་འཚུབས། རེ་སྟོང་གི་འཇའ་འོད་འཆར། ཀྱེ་མ། ཉི་ཟླའི་འོད་སྣང་ལ་སུན་སྣང་བྱེད་ཅིང༌། སྐར་འོད་དང་གློག་སྒྲོན་ལ་ཡིད་འཆེས་དོར་ནས། དགུ་གསུམ་གྱི་སྨག་རུམ་ནང༌། འབུ་སྲིན་གྱི་རྐུབ་ནས་སྤར་བའི་མེ་ཁྱེར་ལ། རེ་གདུང་གི་མིག་ཞགས་བསྲིངས། ཡིད་འཆེས་ཀྱི་ཐལ་མོ་སྦྱར། སྟོང་བསམ་དང་འཁྲུལ་སྣང་ལས་ཐོས་པའི། ཁུ་བྱུག་གི་གསུང་སྐད། ཨ་གསར་གྱི་བྱེ་ཐང་ནས་རྙེད་པའི། སྟོན་འབྲས་ཀྱི་སྙེ་མ། ཀྱེ་ཧོ་་་༌། ལྟོས་དང༌། དཔེ་དེབ་དང་སྨྱུ་གུ་བསྣམས་པའི་རྒན་པོ་ཁྱུ་གཅིག ལོ་བརྒྱད་ཀྱི་བྱིས་པ་བཞིན། ཚ་གདུང་དང་སྨག་རུམ་འཐབ་པའི་གསེབ། རྐང་རྡུལ་གྱིས་ཉི་འོད་སྒྲིབ་པའི་འཚང་ཀ ཨ་གསར་ཡ་་་ཨ་གསར། ཁྱོད་ནི། དུས་གཏན་དུ་བ་ཞིག་མིན་པས། ཞག་གསུམ་གྱི་རྗེས་སོ་ནས། ཁྱོད་ཀྱི་རྣམ་ཤེས་འཇའ་འོད་ཀྱི་ཐག་པ་ལ་ཐིམ་ངེས། ཀྱེ་ཀྱེ། ཨ་གསར་ལགས།

༡༩༩༦།༢།༢ ཉིན་བྲིས།


ལང་ཚོའི་འཕོ་འགྱུར།

མུན་པ་འཐིབས་པའི་སྤྲིན་ནག་གི་གསེབ་ནས། གཡུ་འབྲུག་གིས་ཁྲེལ་རྒོད་བྱེད། གློག་འོད་ཀྱི་མེ་ལྕེ་གསེབ་ནས། ཐོག་སེར་གྱི་བུ་ཡུག་འཚུབས། སྔོ་ལྗང་གི་ས་གཞི་ན། ནེམ་མདངས་འཛིན་པའི་ལྗང་གཞོན་དང་མེ་ཏོག་ཀུན། རླུང་ནག་གིས་ཁྱེར་ཞིང་ཆུ་ལོག་གིས་དེད། སེམས་ཆུང་གི་ཞིང་པས། མིག་ཆུས་གདོང་རིས་བྲིས། སྙིང་ཆུང་གི་བྱིས་པ། ཨ་མའི་བྲང་འོག་གབ། ཡ་ང་བའི་འཇིག་རྟེན་དེར། ཚར་ལོངས་བྱུང་བ་སྟེ། ངའི་ལང་ཚོ་ལགས། ཁྱོད་ནི། སྟོན་མཇུག་གི་མེ་ཏོག་དང༌། བར་སྣང་གི་གློག་འོད། ནམ་མཁའ་ཡི་འཇའ་ཚོན་ལྟར་ཡལ། ཁྱོད་ཀྱིས་ང༌། མཆིལ་མའི་ཐལ་བ་དང༌། རྣམ་ཤེས་ཀྱིས་བེམ་རོ་བཞིན་དུ་གཡུགས་ཏེ། ཁྱོད་ཉིད་གང་དུ་འགྲོ ཨའ་་ཚོ་ལགས། ཁྱོད་ཉིད་གང་ན་ཡོད། ཁྱེད་མེད་ན་རྒས་པའི་དགྲ་བོ་ཡིས། ངའི་གཉའ་གོང་ནས་མནན། རྩིས་མེད་ཀྱི་རྡོག་པས་རྫིས། རིམ་པ་དགུ་ཡི་ས་འོག་ཏུ་སྦས། འཆི་བདག་གིས་ང་ལ་ཁྲེལ་རྒོད་བྱེད། ལས་མཁན་ཚོས་ང་ལ་སྡིགས་མོ་བྱེད། བརྩེ་བ་མེད་པའི་དུས་ཀྱི་སྨྱུ་གུས། ངའི་གདོང་ངོས་ལ། ས་ཁྲ་དང་འདྲ་བའི་ཀྱག་ཀྱོག་གི་རི་མོ་བྲིས། དེ་ནི་འཆི་བདག་གིས་བཏབ་པའི་ས་རྟགས་དང༌། ལས་མཁན་གྱིས་གཙེས་པའི་ཐིག་ཤུལ་ཡང་ཡིན་ངེས། གནག་སྣུམ་གྱི་སྐྲ་ལོ་ཁ་བ་དང་འདྲེས། སོ་ཡི་ཕྲེང་བ་རྣམས་ནི་སྲན་ཕུང་བཞིན་འཐོར། བེམ་གཟུགས་ཀྱི་ཡན་ལག་རྣམས་དཔའ་བོའི་གཞུ་ལྟར་གུག མཛེས་མ་ཀུན་གྱིས་ང་ལ་འཕྱ་དམོད་བྱེད༌། ཁྱོད་ཉིད་ཡོད་ས་དེར་ང་ཡངཨེ་སླེབས། ་་ཨ་ཁ། ང་གུད་དུས་ཁྱོད་ཀྱང་རྒུད། ཁྱོད་གུད་ན་ང་ཡང་རྒུད། ཁྱོད་ཉིད་ལའང་འཇིགས་རུང་གི་དགྲ་ཞིག་སླེབས་ཡོད་པ་ལོས་བདེན། ངས། གཞི་ནས་ཤེས་གཞི་ནས་མཐོང༌། ཁྱོད་ཀྱིས་ང་དོར་ནས་ཡལ་བ་དེ། ང་ལ་བརྩེ་བ་མེད་པ་ག་ལ་ཡིན། དུས་ཀྱི་ཆོ་རྐུན་ནི་མིག་གིས་མི་མཐོང་ལ། རྣ་བས་མི་གོ ང་ལ་བྱ་ཐབས་མེད་པ་དེ་ཁྱོད་ཀྱིས་མཁྱེན་སྲིད་ལ། ཁྱོད་ལ་བྱ་ཐབས་མེད་པ་ཡང་ངས་ཤེས། ཨ་ཨའོ་ལང་ཚོ་ལགས། ལང་ཚོ། ད་ནས་ཁྱོད་ཉིད་ང་དང་ཕྲད་མི་སྲིད་ལ། ངས་ཀྱང་ཁྱོད་ཉིད་མཇལ་མི་ཐུབ། གཟིགས་དང༌། སྤྱང་མི་ངུར་འདུར་བྱེད་པའི་འཇིག་རྟེན་འདིར། ཤྭ་བ་དང་བགོ་བ། གླ་བ་དང་རི་བོང་སོགས། བརྩེ་བ་མེད་པའི་གཅན་གཟན་གྱི་སྤར་མོའི་འོག་དུ། ལང་ཚོ་དང་རྣམ་ཤེས་འཕྲལ། སོ་སོན་གྱི་བར་ནས་ཤིག་གིས་ངུར་འབོད་བྱེད། འཆི་བདག་གི་མཆེ་བའི་གསེབ་ནས་རྣམ་ཤེས་ཀྱི་ལྗི་བ་འདར། ་ནམ་ཞིག་འཇིགས་རུང་གི་གཤིན་རྗེ་དང༌། གཤིན་རྗེ་ཡི་ལས་མཁན་ཚོས། ང་ཡི་ཚེ་སྲོག་འཕྲོག ང་ཡི་རྣམ་ཤེས་གཙེས། གུད་པའི་ལང་ཚོ་ཡི་བེམ་པོ་ཁྱོད་ཀྱང༌། ས་འོག་མནན། མེ་ལ་བསྲེགས། ཆུ་ལ་སྐྱུར་ཏེ། འབུ་སྲིན་གྱི་གཟན་དང༌། མེ་ལྷ་ཡི་མཆོད་པ། ཉན་མོ་ཡི་ཁ་ཟས། གྱུར་འགྲོ་བ་ང་ཡིས་ཤེས། ཀྱེ་མ། མི་རྟག་གི་སླུ་བྲིད། འཆི་བདག་གི་བཙན་འཛུལ། ལས་མཁན་གྱི་རྡུང་བརྡེག ཁ་གཏད་ཀྱི་དགྲ་བོ། མཐོང་བྱུང་ངམ། ལྷ་དབང་གི་བརྒྱ་བྱིན་ཏེ། མིག་སྟོང་ལྡན་པ། ཐོས་བྱུང་ངམ། འཇིག་རྟེན་གྱི་བྱེད་པོ་སྟེ། རྣ་བ་བརྒྱད་པ། མཁྱེན་སོང་ངམ། རྟེན་འབྱུང་གི་རྒྱལ་པོ་སྟེ། ལས་འབྲས་ཀྱི་རྣམ་བཞག ད་གཟོད་གཞི་ནས་འཇིག་རྟེན་གྱི་འཚོ་ཐབས་གཞན་ཞིག་དང༌། མདུན་སྐྱོད་ཀྱི་ལམ་བུ་གཞན་ཞིག་༌། ༩༤།༡༡།༢༧ ཉིན་འབྲས་སྤུངས་ནས།



སྦྲང་ཆར།

སྔོ་བསངས་བསངས་ཀྱི་ནམ་མཁའི་ངོས་སུ། ཉི་ཟླའི་འཆར་སྣང་མོག་པོར་བྱེད་པའི། སྤྲིན་ནག་གི་སྨད་གཡོག་ཐོར་རླུང་གིས་གཡོ། གློག་དམར་གྱི་སྐ་རགས་གསེབ་ནས། འབྲུག་སྐད་ཀྱིས་གནམ་ས་སྒུལ། འཚབ་འཚུབ་དང་ཟིང་ཟིང་གིས་འདར་བའི་འཇིག་རྟེན་འདིར། བགྲེས་སོང་གི་ཕ་མེས་རྣམས། རྨོངས་དད་ཀྱི་བྲག་རྫོང་ནང༌། ལྷ་ཀླུ་ལ་ཞེད་པའི་སྨྲེ་ངག་འདོན། རྟེན་འབྱུང་ལྐོག་འགྱུར་གྱི་མལ་ས་ན། དཀར་ནག་དགེ་སྡིག་གི་འཁྲུལ་སྣང་གསེབ། ལས་འབྲས་ལ་འཆེལ་བའི་དགེ་སྦྱོང་རྣམས། རྣམ་སྨིན་ལ་དོགས་པའི་ཨུ་ཚུགས་བྱེད། ཨ་མའི་མྱོས་འཛིན་ཕག་ནས། སེམས་ཆུང་གི་ཕྲུ་གུ་རྣམས། ངུ་སྐད་ཀྱི་རྒྱུ་བ་འདར་བཞིན། སྐྱེས་མའི་བྲང་འོག་གབ། ཚངས་པ་ལ་སྐྲག་དབང་ཕྱུག་ལ་འཇིགས་ ཁྱབ་འཇུག་ལ་ཞེད་་ལྷ་དབང་ལ་འདར། ལས་འབྲས་ལ་འཆེས་པའི། འཁྲུལ་སྣང་གི་རྨི་ལམ་ནང༌། བསམ་ཡུལ་ལས་འདས་པའི་དུས་ཟིང༌། གནམ་ས་གཏིང་སློག་གི་ཡོ་ལང༌། ནམ་དུས་ཀྱི་བཙན་འཛུལ་ལ་རྒོལ་བ་གཟོད་པའི་དཔའ་བོ་སྟེ། ཀ་ཡེ། མང་ཆར་ལགས། ཁྱོད་ཀྱིས། ཞུམ་པ་མེད་པའི་སྙིང་སྟོབས། འཛིང་པ་མེད་པའི་རྣམ་དཔྱོད། སྙོག་པ་མེད་པའི་ཞིབ་འཇུག འཛད་མཐའ་མེད་པའི་གཟི་རྔམས། རྫོགས་མཐའ་མེད་པའི་ཆར་ཐིག་ཁྲི་མ་འབུམ་གྱིས། ཁ་གཏད་ཀྱི་ཐན་པ་ལ་གདུང་གཏུགས་ཕོད་ཅིང༌། རྨོངས་ཞེན་གྱི་སྟོན་མཇུག་ལ་རྒོལ་བར་བཟོད་དེ། རྗེས་ལུས་ཀྱི་དགུན་མཐའ་ལས་སྒྲོལ་བ་ནུས། འཁྲེགས་འཛིན་གྱི་ས་རྡུལ་རློན་ཏེ། ཀླད་སྙིང་གི་ནད་རོ་གསོ། རྨོངས་དད་ཀྱི་འཁྲུལ་སྣང་འཇོམས་ལ། བག་ཁུར་གྱི་འཆིང་ཐག་གཅོད། ཕྱོགས་ཞེན་གྱི་འཁྱགས་རམ་དེད། ཨེ་མ་་ཁྱོད་ནི་དབྱར་དུས་ཀྱི་ལང་ཚོ་མཛེས་པའི་རྒྱན་ཆ་སྟེ། ཁྱོད་ནི་ནེམ་མདངས་འཛིན་པའི་སྤང་མ་དང༌། འདབ་ལོ་རྒྱས་པའི་གཟར་ཤིང༌། ཟེའུ་འབྲུ་རྒོད་པའི་མེ་ཏོག་ཁྲི་མ་འབུམ་གྱི་སྐྱེས་མ་ལགས་ཤིང༌། ཁྱོད་ནི་དུས་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང་ལས་བྱུང་ བའི་ཆར་ཐིག་ཀྱང་ཡིན་ལ། ཁྱོད་ནི་མ་འོངས་པའི་དུས་རབས་ཀྱི་སྟོན་འབྲས་སྨིན་པའི་སོན་རྩའང་ལགས། དེ་བས་ཀྱང༌། ཁྱོད་ནི་དེང་རབས་ཀྱི་མང་ཆར་ཡིན་པས། བར་སྣང་ནས་འཆང་ལྡིང་ཕོད། ཁྱོད་ནི་ལེ་ལོ་མེད་པའི་མང་ཆར་ཡིན་པས། ནོར་འཛིན་གྱི་གཞིན་རས་རློན་པར་ཐོག་བརྡུག་མེད། ཁྱོད་ནི་དངོས་དོན་གྱི་མང་ཆར་ཡིན་པས། ཐོར་རླུང་གི་རལ་གྲིས་ཆོད་པ་མེད། ་ད་དུང༌། འབྲུག་གི་ངར་སྐད་ལ་མི་སྐྲག ངང ང གློག་གི་དམར་མདངས་ལ་མི་འཇིགས། མུན་ནག་གི་སྨག་རུམ་ལ་མི་ཞེད། ཀྱེ་ཀྱེ། མང་ཆར་ལགས། ཁྱོད་ཀྱི་ཆར་ཐིག་གི་ཟེགས་མ་རེ་རེས། སྐོམ་ཟིན་པའི་རྩྭ་ལྡུམ་དང༌། ལྗང་མདོག་ཉམས་པའི་འདབ་ལོ། རྙིང་ཞིང་གུད་པའི་ལྡུམ་ར། ཐལ་རྡུལ་འཁྲིགས་པའི་ཐང་སྟོང༌། སྒྲེན་པོར་ལུས་པའི་རི་ལུང་ཀུན་ཏུ། ནེམ་མདངས་འཛིན་པའི་སྤང་ལྗང་དང༌། གཡུ་ལོས་མཛེས་པའི་ལྗོན་ཤིང༌། རྣམ་པར་བཀྲ་བའི་མེ་ཏོག་སྟེ། མདོར་ན། སྐྱེ་དངོས་ཡོད་རྒུའི་སྲོག་ཟུང་གི་རྒྱུ་བ་མཐུད། བཀྲག་མདངས་ཀྱི་གཟིར་བྱིན་སྐྱེད། ཡིད་འོང་གི་ལང་ཚོ་སྦྱིན། སྙིང་སྟོབས་ཀྱི་དཔའ་འཛངས་སྟེར། རྒྱལ་ཞེན་གྱི་གཅེས་སེམས་སྩོལ། མཐུན་ལམ་གྱི་གསེར་སྐུད་བརྒྱུས། རེད་ལགས། ཁྱོད་ནི་ང་ཚོའི་བོད་གངས་ཅན་པའི་ཚེ་སྲོག་འཐུད་པའི་མང་ཆར་ཏེ། གལ་ཏེ། ཁྱེད་མེད་ན་དབྱར་དུས་ཀྱི་དཔང་པོ་སུ་ཡིས་བྱེད། ལོ་རྒྱུས་ཀྱི་རྨ་ཁ་ཅི་ཡིས་གསོ། ཐལ་རྡུལ་འཁྲིགས་པའི་འཇིག་རྟེན་ཇི་ལྟར་རློན། རིག་གཞུང་གི་སྐྱེད་ཚལ་སུ་ཡིས་སྐྱོང༌། ནང་དོན་གྱི་ཟེའུ་འབྲུ་ཇི་ལྟར་རྒོད། ཚན་རིག་གི་གསེར་མིག་གང་ལ་རྟེན། ལག་རྩལ་གྱི་ནགས་ཀླུང་སུ་ཡིས་སྐྱེད། ཞི་བདེ་ཡི་རྒྱ་མཚོ་ཇི་ལྟར་རྒྱས། དམངས་གཙོ་ཡི་རླབས་ཕྲེང་ཅི་ཡིས་གཡོ། སྙིང་ཞེན་འཁྲེགས་འཛིན་་རྗེས་ལུས་་རྨོངས་དད་ ཕྱོགས་ཞེན་་ཀླད་རྙིང་སྟེ། སྙིང་ཁམས་ཀྱི་ཚ་ནད་ཇི་ལྟར་གསོ། གསོན་དང༌། མང་ཆར་ཟིམ་ཟིམ་དུ་འཇོ་བའི་སྒྲ་རླབས། ཁུ་བྱུག་གླུ པི་ཝང་སྒྲ། དབྱངས་ཅན་གསུང༌། གླུ་མའི་ངག་སྟེ། འདི་ནི། དཔྱིད་ཀྱི་དཔལ་ཡོན་མགྲོན་དུ་འགུག་པའི་ཀྱོ་བ་དང༌། དུས་རབས་གསར་པའི་མགྲོན་བརྡ་ཡི་ཕོ་ཉ་སྟེ། བོད་གངས་ཅན་པའི་གསར་བྱུང་གི་གཞོན་ནུ་རྣམས་ཀྱིས། དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པའི་མདུན་སྐྱོད་བྱེད་པའི་གོམ་སྒྲ་རེད། གཟིཊ་དང༌། དལ་བུར་འཇོ་བའི་ཆར་ཐིག་ཁྲི་མ་འབུམ་གྱི་མཛེས་སྡུག་ནི། རྒྱུ་སྐར་གྱི་ཕྲེང་བ། པད་མ་ཡི་ཟེའུ་འབྲུ། མུ་ཏིག་གི་དོ་ཤལ། འདི་ནི། དཔྱིད་དཔལ་གཞོན་ནུའི་ཡིད་དབང་འགུག་པའི་འཕྲུལ་ཞགས་དང༌། འབྲས་དུས་སྟོན་ཡི་ཕུན་ཚོགས་སྡུད་པའི་ཟོར་བ། དུས་རབས་གསར་པའི་ལག་རྩལ་དང་ཚན་རིག་སྐྲུན་པའི་བཟོ་བོ་སྟེ། བོད་གངས་ཅན་པའི་གསར་བྱུང་གཞོན་ནུ་རྣམས། དེང་རབས་ཀྱི་ལང་ཚོ་རྒྱས་པའི་གཟི་མདངས་རེད། ང་ཚོའི་བོད་གངས་ཅན་པའི་དུས་རབས་གསར་པའི་ཕུག་བསམ་གྱི་རེ་འདུན་ ཁྱོད་ལ་བཅོལ་ཡོད་ལ། ང་ཚོའི་བོད་གངས་ཅན་པའི་མདུན་ལམ་གྱི་ལ་རྒྱ་ཁྱོད་ཉིད་ཁོ་ན་ལ་རག་ལས། དེ་བས།་ཁྱོད་ནི་བོད་གངས་ཅན་པའི་ཚེ་སྲོག་གི་རྒྱུ་བ་དང༌། འབྱུང་འགྱུར་གྱི་ལམ་མཁན་ཡིན་པས། སྙིང་སྟོབས་སྐྱེད་དང༌། རྒྱང་མིག་སྲིངས་དང༌། མདུན་མཆོང་བྱོས་དང༌། འཕར་ལྡིང་མཛོད་དང༌། ཀ་ཡེ། མང་ཆར་ཏེ། བོད་གངས་ཅན་པའི་གསར་བྱུང་གི་གཞོན་ནུ་རྣམས།

༩༤།༡༢།༢༨ ཉིན།


བརྗེད་མི་རུང་བའི་དཔང་པོ།

དམར་ཟླུམ་གྱི་མེ་ཀློང་ཞིག་འབར་འགོ་ཚུགས་ཤིང༌། སྤྱང་དམར་གྱི་འདུར་རྒྱུག་རི་ལུང་ཁེངས་པའི་དུས་དེ་ནས་བཟུང༌། ཁྲག་རྒྱུན་གྱི་འབབ་སྒྲ་ལྷུང་ལྷུང་དུ་སྒྲོག་པའི་གཅོང་རོང་དུ། ངེས་མེད་དུ་འཁྱམས་པའི་རྣམ་ཤེས་ཀྱི་ཉ་མོ་འབུམ་ཕྲག་འཁྱུགས། དཀར་གཙང་དུ་འབུར་བའི་རུས་གོང་གི་རི་བོ་མཐོན་པོའི་རྩེར། མཁའ་དབུགས་དང་འགྲོག་པའི་དུ་འབོད་ཀྱི་རོལ་དབྱངས་ལྡིར། ས་སྟེང་དུ་འཕོས་པའི་དམྱལ་ཁམས་དེ་ན། ལྗང་མདོག་གི་སྒྲིག་གོས་གོན་པའི་གཤིན་རྗེ་ཡི་ལས་མཁན་ཁྱུ་གཅིག་གིས། ཁེར་རྐྱང་དུ་ལུས་པའི་ཚེ་སྲོག་ཁྲི་མ་འབུམ་ཕྲག་གི སྙིང་གསོན་ཡི་ལ་སོ་འགྲད་ཀྱི་རྨ་ཁ་འབྱིན། ཟུངས་ཁྲག་གིས་འཚེས་པའི་རས་ཡུག་དམར་པོ་ལྷབ་ལྷུབ་ཏུ་གཡོ་བའི་གསེབ། སྐྱི་གཡའ་བའི་ས་སྟེང་གི་བཤས་ར་གསར་དུ་བསྐྲུན། ལས་སྐལ་གྱིས་དཔྱང་བའི་འཇའ་ཐག་ཆད་པ་ནས་བཟུང༌། རེ་བའི་ལྷ་ཡུལ་འཁྱག་རམ་ལ་འབྱར་བའི་ཉིན་མོ་དེ་ནས། གྲོགས་མེད་དུ་ལུས་པའི་གངས་སུལ་གྱི་རྣམ་ཤེས་ཁུ་གཅིག་གིས། མཁྲེགས་ཟླུམ་གྱི་གོ་ལ་ཧྲིལ་པོའི་ཐོག དོན་ལྔ་སྣོད་དྲུག་གི་ཟུངས་ཁྲག་དྲོན་མོས་མི་རྐང་གི་སྨྱུག་རྩེ་བརླན་ཏེ། ཀྱ་ཀྱོག་ལོ་རྒྱུས་ཀྱི་ས་ཁྲའི་རི་མོ་འཐེན་འགོ་རྩོམ། འཛུབ་མོ་ཉི་ཤུའི་སེར་ཁའི་གསེབ་ནས། ཁྲག་དམར་གྱི་གཞུར་རྒྱུན་དྲོན་མོས་བསུབ་མེད་ཀྱི་ཐེམ་ཚེས་མནན། རྔུལ་ནག་དང་མཆི་མའི་ནམ་ཟླའི་ཁྲོད། གངས་རིའི་རྨོ་རྨོའི་ངུ་ཆུ་ཡིས་རློན་པའི་འཁྱག་རིའི་འོག སྤྲེལ་སྲིན་གྱིས་དུས་བཏབ་སའི་བྲག་ཁྲོད་ཀྱི་སྤྱིལ་བུ་ན། ཨ་མེས་དང་ཡང་མེས་རྒན་པོའི་ཚོའི་བླ་སྲོག་ལས་འཕོས་པའི་གདོད་མའི་གླུ་ དབྱངས་ཀྱི་འགྱུར་ཁུག པུར་སྒམ་དུ་སྦས་པའི་ཐོད་ངོས་ཀྱི་རི་མོའི་དཔང་པོ། ང་ཚོས་ནམ་ཡང་བརྗེད་ཐབས་མེད། གངས་རིའི་མིག་ཆུ། ཨ་མྱེས་གླུ་དབྱངས་དབྱངས། ལོ་རྒྱུས་ཀྱི་དཔང་པོ། ང་ཚོས་ནམ་ཡང་བརྗེད་མི་རུང༌། ༩༥།༣།༢༤ ལ་རྡ་རམ་ས་ལ་ནས།


རྨས་སྐྱོན་ཤོར་བའི་བརྩེ་དུང༌།

༼རྒ། ལ་ཕུལ་བའི་གསང་འཕྲིན།༽

ཟླ་བ་མེད་པའི་མཚན་མོར། སྐར་འོད་མེད་པའི་གནམ་འོག ཡོད་ཚད་སྨག་རུམ་གྱི་གོས་ནག་འཐུག་པོས་སྒྲིབ་པའི་གསེབ། རྨས་སྐྱོན་ཤོར་བའི་སྙིང་ཤི་བོ་ཞིག སླར་ཡང༌། རེ་གདུང་གི་ཁྲག་དྲོན་གྱིས་གསོས་ཏེ། སྲོག་གསོན་པོ་ཞུགས་པའི་འཕར་ལྡིང་ཞིག་ངའི་བྲང་ཁོག་ན་ལྡིང༌། འདས་ཟིན་པའི་ཡང་ངོའི་ཟླ་བའི་བརྩེ་དུང་གི་དཀར་འོད་དེ། འཕེལ་གྲིབ་ཀྱི་མང་ངོར་ཡང༌། ངའི་སེམས་ངོས་ལ་ཤར་བྱུང༌། མོས་སྒོམ་གྱི་ཟླ་འོད་ཁྲོད། འཁྲུལ་སྣང་གི་ཟློས་གར་དེ། ཡར་ངོའི་དཀར་ཆ་དང་དངོས་སུ་འདྲེས་ཏེ། ངའི་ལུས་ཟུངས་དང༌། ངའི་སེམས་ཁམས་ལ་འཆར་ན་འདོད། ཀྱེ་ཀྱེ། ལས་སྐལ་གྱི་ལྷ་ཡིས་སྲུང་པའི་ཟླ་བ་ལགས། ཁྱོད་ཁོ་ནའི་དོན་དུ། ངའི་དམར་ཆུང་གི་གསོན་སྙིང་སོར་རྩེར་བླངས་ཏེ། ངའི་ལ་རྒྱ་ཡི་བུ་ཆུང་རྒྱབ་ཏུ་སྐྱུར་ཏེ། བརྩེ་དུང་གི་ཟུངས་ཁྲག་རློན་པས། སྙན་ཚིག་གི་རྦ་རླབས་ཤིག་གཡོ་ན། ད་གཟོད། ཁྱོད་ཀྱི་བརྩེ་དུང་གི་དཀར་འོད་བསིལ་པོའི་རུམ་ནང་དུ། ཁྱོད་དང་ངའི་གྲིབ་གཟུགས་གཅིག་དུ་ཐིམ། དམར་ཆུང་གི་སྙིང་གཉིས་གཅིག་ཏུ་འདྲེས། གསོན་པོའི་སྲོག་ཟུང་གཅིག་ཏུ་འཐམས། ད་དུང་་༌། ཡོད་ཚད་ནས་ཡོད་ཚད། གསན་ཨེ་བྱུང༌། བརྩེ་དུང་ལས་འཕོས་པའི་མཚན་གཞུང་གི་ཟླ་བ་ལགས ¿མར་ངོའི་ཉེ་དགུའི་སྨག་རུམ་ཁྲོད་ཀྱི་ཉམ་ཆུང་གི་གདུང་དབྱངས་འདི¿།

༩༥།༥།༡༤ ལ་སྤར་ཁང་དུ་བྲིས།


ཕུག་བསམ་དང་ལ་རྒྱ།

བསིལ་ལྗོངས་ཀྱི་ཕ་ཡུལ་དང་བྲལ།

བརྩེ་ལྡན་གྱི་ཕ་མ་རྒྱབ་ཏུ་ལུས།
 གངས་རིའི་ཕ་ནོར་དག་མཛོད་དུ་ཐིམས།
  རང་དབང་གི་ལ་རྒྱ་དགྲ་ལག་ཏུ་ཤོར།
   ཕུག་བསམ་གྱི་མདུན་ལམ་ཀྱག་ཀྱོག་ཏུ་གྱུར།
འོན་ཀྱང༌། འགྲོ་ཤེས་ན་རྐང་ལམ་དང༌།
 འཕུར་ཤེས་ན་གཤོག་ལམ།
  འཛུལ་ཤེས་ན་སྦར་མོའི་ལམ།
   གང་ལྟར་ཡང༌།

ཀ་ཡེ གངས་ཅན་པ་རྣམས། ཁྱོད་ཚོའི་དགོངས་པ་དང༌།

ལ་རྒྱལ་ཕུག་བསམ།
 དང་དུང།་༌། ཅི་འདྲ་ཡོད 

ཝ་ཡེ ཤར་ཕྱོགས་ཀྱི་གདོན་འདྲེ།

   ཁྱོད་ཚོས་ད་དུང༌། ་་་ཅི་བྱེད་རྩིས་ཡོད



ཞི་བདེ།

ཞི་བདེ་ལ་བསམ་ན།

རང་དབང་ལ་འབད་དང༌།
 རང་དབང་འདོད་ན།
  དམངས་གཙོ་ལ་ཞུགས་དང༌།
   དམངས་གཙོ་ལ་དགའ་ན།
    དྲང་དོན་ལ་སློབས་དང༌།

ད་གཟོད། དྲང་བདེན་གྱིས་དམངས་གཙོ།

དམངས་གཙོས་རང་དབང༌།
 རང་དབང་གིས་ཞི་བདེ།
  ཞི་བདེས་ཕུག་བསམ་གྱི་རེ་བ་འགྲུབ་ངེས།
   ཅིས་ཀྱང་འགྲུབ་ངེས།


བྱིའུ།

བདག བྱིའུ་ཞིག་ཏུ་གྱུར་ཏེ། འཕུར་ཤེས་པའི་བྱིའུ་ཞིག་ཏུ་གྱུར་ནས། གཞིས་བྱེས་ཀྱི་སྤུན་ཟླའི་བར་དུ། གསང་འཕྲིན་སྐྱེལ་བའི་ཕོ་ཉ་ལ་ཞུགས་ཏེ། དགྱེས་འཛོམས་ཀྱིས་འཚོ་བ་ཞིག་སྐྲུན་ཐུབ་ན། གདོས་བཅས་ཀྱི་ཕུང་པོ་འདི། སྐྱ་ཁྲའི་ཟས་སུ་གྱུར་ཀྱང༌། འགྱོད་པ་མེད།





ཐ་མའི་ཤིས་ཚིག དུས་འགྱུར་གྱི་སྤྲིན་ཀློང་དང༌། རྦ་རླབས་ཀྱི་རྩེད་འཇོ་ཁྲོད། འཚར་ལངས་བྱུང་པ་སྟེ། ཀ་ཡེ། དུས་རབས་ཀྱི་ལྗང་སྨྱུག་གསར་པའི་སྐྱེད་ཚལ། ངས་ཁྱོད་ཚོ་ལ་འཕེན་པའི་རེ་ཞགས་ནི། རྒྱ་མཚོའི་རླབས་དང་འདྲེས་ནས་མཁའ་མཐར་ཐིམ། ད་དུང་ཡང་་༌། ཡོད་ཚད་ནས་ཡོད་ཚད། ཚེ་སྲོག་གི་རྒྱུ་བ་མ་འགག་བར། འོན་ཀྱང། དུས་ཀྱི་ཕོ་འགྱུར་ནི། སྤྲིན་ནག་གི་འཁྱུག་འགྲོས་དང༌། གློག་དམར་གྱི་ཟློས་གར་ལྟར་གཡོ་བས། རྒྱུ་མཚན་དེའི་ཕྱིར། ངས་ཁྱོད་ཚོ་ལ་ཞུ་བ་ནི་བཀྲ་ཤིས་བདེ་ལེགས། འདི་ནི་ངས་ཁྱོད་ཚོ་ལ་ཞུས་པའི་ཐོག་མའི་ཤིས་ཚིག་སྟེ། ཐ་མ་ཡང་ཕལ་ཆེར་འདི་ཉིད་ཡིན་ངེས། ཀ་ཡེ། སློབ་མ་ཚོ། འདི་ནི་རིན་ཐང་ཡོད་པའི་ཤིས་ཚིག་ཅིག་ཡིན་ལ། འདི་ནི་སྙིང་ཁམས་ཀྱི་ཁྲག་རླབས་གྱེན་དུ་གྱུར་བའི་འབོད་སྒྲ་འང་ཡིན། གསན་བྱུང་ངམ། ཀ་ཡེ་སློབ་མ་ཚོ "ཆེས་མཐའ་མཇུག་གི་ཤེས་ཚིག་དང་འབོད་སྒྲ་འདི།" ༡༩༩༦།༢།༡༧

རེད་དམ། བསམ་གཞིགས་དགོས་པའི་དྲི་ཚིག་གི་ཟུར་ཐོ་ཞིག མངོན་འགྱུར་དང་ལྐོག་འགྱུར། ཡོད་པ་དང་མེད་པ། འཇིག་རྟེན་འདིར་དཔོག་དཀའ་བའི་དྲི་བ་ཤིན་ཏུ་མང༌། ཁྱོད་ཀྱིས་བསམ་དགོས་ལ། ཁྱོད་ཀྱིས་བརྟག་དགོས། དྲི་བ་འདིར། "སེར་པོའི་སྐྲ་ལོ་དེ་གསེར་རེད་དམ་? སྔོན་པོའི་མིག་འབྲས་དེ་གཡུ་རེད་དམ་? ནགས་གསེབ་ཀྱི་ཙིར་སྒྲ་དེ་སེངྒེའི་ང་རོ་རེད་དམ་? རྒྱ་མཚོའི་ཕར་ཁ་དེ་ནོར་བུའི་གླིང་རེད་དམ"? གཅིག་བྱས་ན། ཁྱོད་ཀྱིས། དགོས་འདོད་ཀུན་འབྱུང་གི་ནོར་བུ། སྐྱིད་པའི་བདེ་ཆེན་གྱི་ཞིང་ཁམས། མི་ཚེའི་རྩེད་གྲོགས། ཕྱི་མའི་འདུན་ལམ། ཅིས་ཀྱང་དེ་ན་བཅོལ་ཡོད་ངེས། འོན་ཀྱང༌། དཔྱོད་དགོས་ལ་བརྟག་ཀྱང་དགོས། དེའི་ཕྱིར། "རེད་དམ"། ཞེས་པའི་དྲ་བ་འདི། ཁྱོད་ཀྱི་ཀླད་རྡུལ་ནང་འཁོར་དགོས་པའི་དྲི་ཚིག་ཅིག་ཡིན། སྤྱི་ལོ་༡༩༩༦/༣/༢༦ ཉིན་བྲིས།


སྙིང་ཁོང་ནས་ཕྱུར་བའི་ཁྲག་རླབས། (y.s ལ་གདམས་པ།) ཟླུམ་གཟུགས་སུ་འཁྱིལ་པའི་གོ་ལ་འདིའི་ངོས། མཐོང་མི་འདོད་ཅིང༌། ཐོས་མི་འདོད་པ་མང་པོ་ཡོད། འོན་ཀྱང༌། མཐོང་བ་དང་ཐོས་པ་ནི། ལས་དབང་གིས་བྱིན་པའི་རྙོག་འཛིངས་ཤིག་ཡིན། གང་ལྟར་ཡང༌། མཐོང་བ་ལ་ཁོང་ཁྲོ་མེད་ཅིང༌། ཐོས་པ་ལ་འཁངས་ར་མེད། ཕྱི་ཆད། རླུང་དམར་དང་ཐལ་འཚུབ་ལང་པའི་གསེབ། མར་མེའི་འོད་མདངས་ལ་གཅེས་བསྲུང་དགོས། རྡོ་ཆར་དང་ཐོག་སེར་ཁྲོད། གས་ཆག་མེད་པའི་དཀར་ཡོལ་ལ། ཆག་གྲུམ་གྱི་དོན་སྐྱོན་མེད་པར་དགོས། འདི་ནི་ཁྱེད་ཀྱི་དགེ་མིང་ཟུར་ཙམ་འདྲེན་པའི་ཉམ་ཆུང་ཞིག་གི་སྙིང་ ཁམས་ནས་ཕྱུར་བའི་ཁྲག་རླབས་ཡིན། འདི་ནིཁྱོད་དང་ཉེ་བའི་གྲོགས་པོ་ཞིག་གི་གདོང་ངོས་ནས་འབབས་པའི་ མིག་ཆུའི་རྦ་རླབས་ཡིན། འདི་ནི་གོ་དགོས་ལ་ཤེས་ཀྱང་དགོས། དེ་བས་ཀྱང་སྒྲུབ་དགོས་པ་ནི། མངར་སྐྱུར་འདྲེས་མའི་སྙན་ངག་འདིའི་བྲོ་བའི་སྙིང་དོན་ཡིན། ༡༩༩༦/༤/༦ ཉིན་བྲིས།



<<དུས་རབས་གསར་པའི་རྩོམ་རིག་པ་ཞིག་གི་སྙིང་ཁམས་ ནས་འཕོས་པའི་ཟུངས་ཁྲག>> ངོ་སྤྲོད།

"གངས་ལྗོངས་ནི་གླུ་གར་གྱི་རྒྱ་མཚོ་རེད། བོད་ནི་སྙན་ངག་གི་མི་རིགས་རེད།" ཅེས་ཤར་ནུབ་རྒྱལ་ཁབ་ཀྱི་ཡུལ་གྲུ་ཀུན་ལ་རླུང་ལྟར་གྲགས་པ་ནི་ལོ་རྒྱུས་ཀྱིས་བྱིན་པའི་གངས་ཅན་པའི་གཟི་བརྗིད་ཀྱི་བ་དན་དཀར་པོ་ཞིག་རེད། འདས་པའི་ལོ་རྒྱུས་ཀྱི་བྱུང་རིམ་ནང་གངས་ཅན་པའི་བཅུ་ཕྲག་རིག་པའི་གནས་ཞེས་ཡོངས་སུ་གྲགས་པའི་ནང་ནས་སྙན་ངག་དང་འབྲེལ་བའི་རྩོམ་རིག་ཐད་རི་བོ་ལས་དཔངས་མཐོ་ཞིང་ཆུ་བོ་ལས་རྒྱུན་རིང་བའི་འཕེལ་རྒྱས་རྒྱ་ཆེར་ཕྱིན་ཡོད། རང་རེའི་ལོ་རྒྱུས་དང་ཆབ་སྲིད། ཐ་ན་མིའི་སེམས་ཁམས་ཚུན་ཆད་ནང་ཆོས་ལ་ཐིམ་པའི་མི་རིགས་ཤིག་ཡིན་སྟབས། འདས་པའི་རྩོམ་རིག་གི་གླེགས་བམ་ཅི་འདྲ་ཞིག་ཁ་ཕྱེས་ནའང་ནང་ཆོས་དང་མ་འབྲེལ་བའི་རྩོམ་རིག་ཅིག་ཕལ་ཆེར་མེད་ཟེར་ན་ཆོག དེ་ལྟར་ནའང་བསམ་བློའི་ཁྱེར་ཕྱོགས་ཀྱི་མདུན་ལམ་གུ་དོག་ཏུ་མ་འཕྱན་པར་དུས་རབས་ཀྱི་ཤར་ནུབ་རྒྱལ་ཁབ་ཁག་གི་རྩོམ་རིག་པ་ཚོའི་པ་མདུན་དུ་ངོ་ནོངས་མི་དགོས་པར་གོམ་པ་མཉམ་དུ་སྤོས་ཏེ་མདུན་སྐྱོད་བྱེད་དགོས་པ་ནི་ང་ཚོ་ལ་འཁྲིས་པའི་དངོས་གཙང་གི་ལས་འགན་ཞིག་ཡིན་པས། ང་ཚོས་སྲོལ་རྒྱུན་གྱི་རྩོམ་རིག་རྐང་འཛིན་ཐོག་འཕེལ་རྒྱས་དང་ཤར་ནུབ་ཡུལ་གྲུ་ཁག་གི་རྩོམ་རིག་གི་ལེགས་ཆ་ཡང་བསྡུ་ཅི་ཐུབ་བྱས་ཏེ། བོད་མིའི་རྒྱུན་ལྡན་གྱི་བསམ་སྤྱོད་དང་འབྲེལ་བ་དམ་པོ་ཡོད་པའི་བོད་ཀྱི་རིག་གནས་འཕེལ་རིམ་གསར་པ་ཞིག་གི་སྒོ་དབྱེ་དགོས་པ་ནི་དུས་ལ་འཁེལ་ཡོད་སྙམ། འོས་འགན་དེ་ནི་སྨྱུག་གུ་ལག་ཏུ་ཐོགས་པའི་བོད་རིགས་ཀུན་ལ་འཁྲིས་པ་ལྟར། རང་ནུས་ལ་དཔག་པའི་སྔ་ཕྱིར་ལས་ཞོར་དུ་སྙན་རྩོམ་དམ་དུམ་འགའ་ཞིག་བྲིས་ཁུལ་བྱས་མོད། འོན་ཀྱང༌། ཁོ་བོ་ནི་སྡོམ་ཐག་གིས་ཕན་ཚུན་འཛིངས་པའི་རྫ་ཁང་ཞིག་རལ་ཞིག་གི་ནང་དྲེག་པས་འཚིག་རྟུག་ཏུ་གྱུར་བའི་རྩབ་ཧྲལ་གྱི་མལ་ཆའི་གསེབ་ཏུ་འུ་ཐུག་ཐབས་ཟད་ཀྱིས་མགོ་བོ་ནང་དུ་ལྷུང་ནས་སྡོད་མཁན་འདོ་མེད་གྲྭ་བཙུན་ཞིག་ཡིན་པས། གྲོག་མ་མིག་མེད་ཀྱིས་གསེར་རིའི་མཐོ་ཚད་ལ་གཞལ་བ་ཅིས་ཀྱང་མི་འོས་པར་བསམ་སྟེ་རང་མལ་བཞག་པར། དུས་རབས་ཀྱི་སྨྱུག་ཐོགས་པའི་གྲོགས་པོ་མང་པོ་ཞིག་གིས་གཟིགས་ནས། འདི་བཞིན་དཔེ་སྐྲུན་བྱེད་ཐུབ་ན་དུས་རབས་ཀྱི་གཞོན་སྐྱེས་རྣམས་རྩོམ་རིག་ཐོག་མདུན་སྐྱོད་ཀྱི་གོམ་ཁ་གསར་པ་ཞིག་སྒྱུར་བར་ཕན་རླབས་ངེས་ཅན་ཞིག་ཡོང་བའི་སྐུལ་མ་ཡང་ཡང་གནང་བས། སྤྲེལ་རྒན་མིར་རྫུས་ནས་གདོང་ལྤགས་གཡག་ཀོ་ལས་འཐུག་པ་ཞིག་གོན་ཏེ། <<དུས་རབས་གསར་པའི་རྩོམ་རིག་པ་ཞིག་གི་སྙིང་ཁམས་ནས་འཕོས་པའི་ཟུངས་ཁྲག>>ཅེས་པ་འདི་བཞིན་ཕྱོགས་བསྒྲིགས་དང་དཔེ་སྐྲུན་གྱི་འདུ་འགོད་བྱས་པ་ཡིན། ཁོ་བོས་བྲིས་པའི་སྙན་རྩོམ་འདིའི་བརྗོད་གཞིའི་ཐད། རང་ཉིད་རབ་བྱུང་བཙུན་པ་ཞིག་ཡིན་པ་རྒྱུ་མཚན་དུ་བྱས་ནས་རང་གི་བསམ་སྤྱོད་ཀྱི་ལྟ་བའི་རྣམ་གཞག་ཁོ་ན་སྒྲུབ་ཕྱོགས་སུ་བཟུང་བ་མ་ཡིན་པར "རྟོག་པ་འཆར་ཡན་"དང༌། "སྒྱུ་འཕྲུལ་དངོས་ཡོད"གཉིས་གའི་ལམ་ནས། རྒྱུན་ལྡན་གྱི་འདུ་ཤེས་དང༌། བསམ་བློའི་འཕོ་འགྱུར་ལ་ལྟོས་པའི་དགའ་དད་སྤྲོ་གསུམ་དང༌། ཆགས་སྡང་ཁྲོ་གསུམ། དེ་བཞིན་དངོས་གྱུར་འཚོ་བའི་ཉམས་སྣང་དང། ལྐོག་གྱུར་ཐོལ་བྱུང་གི་འཆར་སྣང༌། བསྟོད་སྨད་ཀྱི་གླེང་སློང་སོགས་ཐ་ན་ཚིག་རྩུབ་ཚུན་ཆད་ཀྱང་བསྡུས་ཡོད། རྗོད་བྱེད་ཐད། བོད་རང་གི་གདོད་མའི་སྙན་ཚིག་དང། སྲོལ་རྒྱུན། རང་མོས་སྙན་ངག མགུར་ཚིག་དང་གླུ་གཞས་སོགས། གནའ་དང་དེང་གི་སྒྱུ་རྩལ་གྱི་ཐབས་ལམ་ཀུན་རིས་མེད་ཀྱིས་བེད་སྤྱོད་ཐོག མངོན་བརྗོད་དང་བརྡ་རྙིང་གི་རིགས་སྐྱུང་གང་ཐུབ་བྱས་ཡོད། སྙན་རྩོམ་འདིའི་ནང་རྩོམ་ཡིག་ལེ་ཚན་དྲུག་ཅུ་ལྷག་དང་ཡིག་འབྲུ་བཞི་ཁྲི་ལྷག་ཙམ་འདུས་ཡོད། མ་དཔེ་ལག་སོན་མ་བྱུང་བའི་གསོལ་འདེབས་དང་རྟོགས་བརྗོད་རིགས་འགའ་ཞིག་འདིའི་ནང་ཚུད་མེད། དེ་དག་ལས་མང་པོ་ཞིག་ནི <གངས་རྒྱུན་> དང་ <ལྡུམ་ར་>། <ལྗང་གཞོན་>།<རྩོམ་རིག་དགའ་ཚལ་>།<འབྲས་ལྗོངས་བྱ་མ་རྟ་>།<དམངས་གཙོ་>། <ཕ་ཡུལ་> སོགས་སུ་འཁོད་ཡོད། ཀློག་པ་པོ་ལགས། སྙན་རྩོམ་འདིའི་ནང་ཁྱོད་ཉིད་མགུ་བར་སྐྱེད་པའི་རྩོམ་དུམ་རེ་ཟུང་མཆིས་ཚེ་མེ་ཏོག་ཆུང་ཡང་ལྷ་རྫས་ལྟར་དགྱེས་བཞེས་དང༌། གལ་ཏེ་ཀློག་པ་པོ་ཁྱོད་ཉིད་ཀྱི་ལྟ་བའི་རྣམ་བཞག་གང་ཞིག་དང་མི་མཐུན་པ་ཞིག་མཆིས་ཚེ་མི་འདོ་མེད་ཅིག་གི་རྩོམ་འཆལ་དམ་དུམ་རེ་ཟུང་ལ་དགོངས་དབྱིངས་མ་འཚང་བར་དགོངས་འཆར་གྱི་བཀའ་མཆིད་ངེས་གནང་མཛོད་རོགས། རྒྱུ་མཚན་ནི། འག་དུ་ལྷུང་བ་ནི་ཉམས་མྱོང་གི་རྨང་གཞི་དང༌། ཕམ་ཁ་ནི་རྒྱལ་ཁའི་གཞི་རྩ་ཡིན་པས་སོ།། དཔེ་དེབ་འདི་འགྲོ་འགྲེམས་ཆ་ཚང་ཏྲེ་ཧོར་འཁྲུངས་སར་བླ་བྲང་གིས་གཏོང་གནང་མཛད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་དང༌། ཁོ་བོས་འདི་ཉིད་དཔེ་སྐྲུན་བྱེད་སྐབས་རང་ཉིད་འདུ་འཛིན་གྱི་བྲེལ་བས་མི་ཁོམ་པའི་གནས་དགུ་པ་ཞིག་ཏུ་ལྷུང་སྡོད་ཡོད་སྟབས་གྲོགས་པོ་ངག་དབང་བསོད་ནམས་དང་བྱམས་པ་བསོད་ནམས་གཉིས་ཀྱིས་གློག་ཀླད་དུ་འཇུག་གནང་མཛད་པ་དང༌། པར་ཁང་དབུ་འཛིན་གྲོགས་པོ་བསྟན་འཛིན་ཆོས་འཕེལ་གྱིས་དོ་བདག་དངོས་ཀྱི་ངོ་ཚབ་ཏུ་འགན་གཙང་ལེན་གནང་པ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཞེས་ངེས་མེད་ས་མཐར་ཁྱི་བཞིན་ཉུལ་བའི་ཆོས་ནོར་གཉིས་མེད་ཀྱི་སྤྲང་འཁྱམས། ཉམ་ཆུང་གྲྭ་རྐྱང་སྨྱུག་ཐོགས་པ་བེ་རི་འཇིགས་མེད་ཀྱིས་སྤྱི་ལོ་༡༩༩༦ ཟླ་བ་༧ ཚེས་༧ ལ་གདན་ས་འབྲས་སྤུངས་ནས།


བེ་རི་འཇིགས་དབང་རྒྱལ་གྱིས་བརྩམས།


དཀར་ཆག
ངོ་སྤྲོད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཀ
དུས་བཞིའི་སྙན་རྩོམ་ཁུ་བྱུག་མྱོས་པའི་གླུ།་་་་་་་་་་་་་་་་་་་་༡
དེང་གི་རང་དབང་སླར་གསོའི་ཆ་རྐྱེན།་་་་་་་་་་་་་་་་་་་་་་༤
རྨི་ལམ་ནང་གི་སྐྱོ་སྣང༌།་་་་་་་་་་་་་་་་་་་་་་་་་་་་་་་་་་༡༢
གབ་ཚིག་བཀྲིས་དགུ་བརྩེགས།་་་་་་་་་་་་་་་་་་་་་་་་་་་་་༡༨
ཀ་བཤད་སྙན་རྩོམ་ལྷག་བསམ་བསྐུལ་བ།་་་་་་་་་་་་་་་་་་་་༡༩
ཀ་བཤད་ཆོས་པའི་རྣམ་འབྱེད།་་་་་་་་་་་་་་་་་་་་་་་་་་་་༢༢
བོད་ཀྱི་རིག་གཞུང་གི་རིན་ཐང༌།་་་་་་་་་་་་་་་་་་་་་་་་་་་༢༩
དཔྱིད་དཔལ་བཞད་པའི་རང་ཡུལ་ལ་བསྔགས་པ།་་་་་་་་་་་་་༣༥
སྨོན་ཚིག་གཡས་འཁྱིལ་དུང་གི་སྒྲ་དབྱངས།་་་་་་་་་་་་་་་་་་༤༧
བརྩེ་གདུང་གི་མཐའ་འཇུག།་་་་་་་་་་་་་་་་་གྱ་་་་་་་དྲ་ད་་་༤༩
ཉམ་ཆུ ི་གསང་འཕྲིན།་་ ་་་་་་་་་་་་་ ་་་་་་ ་་་་་་༥
གནམ་ལོ་གསར་བཞདི་ ེད་རྩོམ་གླིང་བུ།་་་་་་༌།་ཁྲ་་་་་་ ་ ་༥༨
དྲན་པའི་བསིལ ྗོངས།་་་་་་་་་་་་་་་་ ་ ་་་་་ ་་་་་་་༦
རི་བོང་གི་གདུང་བ །་་་་་་་་་་་་་་་་་་་་་ ་ ་་་་་་ ་ ་་༦༣
དུས་ བས་ཞབས་བྲོ།་་་་་་་་་་་་་་་་་་ ་་་་་་་ ་ ་་་་་་་༦༨
ྡིགས་མཛུབ།་་་ ་་་་་་་་་་་་་་་་་་་་་ ་་་་་་་་་་་་ ༧
ོང་གཏམ་ཚངས་ འི་ཐིག་ཕྲེང༌།་ ་ ་ ་་་་་་་ ་་་་་་་་་་་་་༧༤
སྨྱུག་རྩེའི་འཕར་ལྡིང༌།་་་་་དྲ་་་་་་་་་་་་་་་ ་་་་་་་་་་་༧༦
ཆ་གི་ཞིང་ཁམས།་་ ་་་་་་་་་་་་་་་་་་་་་་་་་་་་་་༧༩
གབ་ཚིག་གཁྲེར་གྱ་ལྡེའུ།་ ་་་་་་་་་ ་་་་་ ་་ ་་་་་་་་་་༨༢
ག་ཚིིག།་་་་ ་་་་་་་ ་་་་་་་་ ་་་་་་ ་ ་ ་་་་་ ་ ་་་་ ་ ་་་༨༥
ཐ་ འི་གྱེས་མཇལ།་་་ ་་་་་་་་་་་་་་ ་ ་་་་་་་ ་་་་་་་་ ་་༨༨
བསམགཞིག་གི་འཆར་ངངསྨྱན་པའི་མགུལ་གླུ།་་་་་་་་་་་་་་་་༨༩
མཚར།་་་་་་་་་་་་་་་་་་་་་་་་་་་་ ་་་་་ ་ ་ ་་་ ་་་་་་༩༩
བྱ་མ་རྟའི་གསར་ཤོག་ཐོག་མར་མཐོང་པའི་ ོ ་སྣང༌།་་་ ་ ་་་་་་་༡༠
ཀ་བཤད་གསེརི་་རྔ་སྒྲ།་་་་་་་་་་་་ ་ ་་་་་་སྒྱ་་་་་་་ ་ ་་་་༡༠༤
ཀ་རྩོམ་བཤན་པའི་སྤུ་གྲི།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༡༠༥
གྱེས་ཁའི་དྲན་རྟེན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༡༡༢
པཎ་ཆེན་འཁྲུངས་རབས་དྲི་ཟའི་གླིང་བུ།་་་་་་་་་་་་་་་་་་་་་་་་༡༡༩
འགྱོད་པ་མེད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༡༣༥
ཀ་རྩོམ་ཚན་པ་གཉིས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༡༣༨
ངན་ཁྲག་ཁུ་བ་འབྱིན་པའི་སྐྱུགས་སྨན།་་་་་་་་་་་་་་་་་་་་་་་་་༡༣༩
ཕལ་སྐད་ཀ་རྩོམ་རྡོ་རྗེ་རུ་མཚོན།་་་་་་་་་་་་་་་་་་་་་་་་་་་་་་༡༤༦
གབ་ཚིག་རྡེའུའི་རོལ་རྩེད།་་་་་་་་་་་་་་་་་་་་་་་་་་་་་་་་་་་༡༤༩
དབྱངས་གསལ་སོ་བཞི་ཚང་པའི་བྱ་དཀའི་སྙན་ཚིག།་་་་་་་་་་་་་༡༥༤
ཕ་ཡུལ་དྲན་པའི་སྐྱེ་གླུ་མཆི་མའི་ཆར་རྒྱུན།་་་་་་་་་་་་་་་་་་་་་་༡༥༥
རྟགས་བརྒྱད་ལ་སྦྱར་བའི་བསྟོད་ཚིག་དྲི་ཟའི་གླིང་བུ།་་་་་་་་་་་་་་༡༥༨
ནོངས་འགྱོད་ཀྱི་ཟུར་ཐོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༡༦༡
བདེན་གཏན་་སྙིང་ལ་གཟན་པའི་ཚེར་མ།་་་་་་་་་་་་་་་་་་་་་་༡༦༤
དྲིན་ཅན་ཨ་མ་དྲན་པའི་གདུངས་དབྱངས།་་་་་་་་་་་་་་་་་་་་་་༡༧༠
གཞིས་ཕ་ཡུལ་དྲན་པའི་སྐྱོ་གླུ།་་་་་་་་་་་་་་་་་་་་་་་་་་་་་་་་༡༨༣
ཐུབ་བསྟོད་སྙན་སྒྲོག་ངང་མོའི་གླུ་དབྱངས།་་་་་་་་་་་་་་་་་་་་་་༡༩༠
ཉམ་ཆུང་བུང་བའི་རང་སྒྲ་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༠༠

འཕྲིན་ཡིག་གསེར་གྱི་ལྕགས་ཀྱུ།་་་་་་་་་་་་་་་་་་་་་་་་་་་་་་་༡༩༥
ཡིད་འཆེས་མེད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༠༧
གྲུ་ག་ཞིག་ནས་མཐོང་བའི་འཇིག་རྟེན།་་་་་་་་་་་་་་་་་་་་་་་་་༢༠༩
ཞང་པོ་ལ་བསྐུར་བའི་འཕྲིན་ཡིག།་་་་་་་་་་་་་་་་་་་་་་་་་་་་་༢༡༦
རམ་འདེགས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༡༩
ཕལ་གཏམ་སྨྱོན་པའི་བླ་བརྡོལ།་་་་་་་་་་་་་་་་་་་་་་་་་་་་་་་༢༢༡
བརྩེ་བའི་རེ་སྒུག།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༢༦
ཁྲུས་ལ་རོལ་བའི་ན་ཆུང༌།་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༣༠
གངས་ཆུའི་རང་སྒྲ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༣༣
ཁ་ལ་ཕུལ་བའི་སྐྱོ་གླུ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༣༥
འཇོལ་མོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༣༧
དྲན་པའི་གསང་འཕྲིན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༣༩
མཚན་ལྗོངས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༤༡
ཨ་གསར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༤༣
ལང་ཚོའི་འཕོ་འགྱུར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༤༥
མང་ཆར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༤༩
བརྗེད་མི་རུང་བའི་དཔང་པོ།་་་་་་་་་་་་་་་་་་་་་་་་་་་་་་་་་༢༥༥
རྨས་སྐྱོན་ཤོར་བའི་བརྩེ་དུང༌།་་་་་་་་་་་་་་་་་་་་་་་་་་་་་་་་༢༥༧
ཕུག་བསམ་དང་ལ་རྒྱ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༥༩
ཞི་བདེ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༦༠
བྱིའུ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༦༡
རེད་དམ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༦༣
སྙིང་ཁོངས་ནས་ཕྱུར་བའི་ཁྲག་རླབས།་་་་་་་་་་་་་་་་་་་་་་་་་༢༦༤